མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ ༥༨ བསད་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཉིན་སུ་ཌན་གྱེན་ལོག་པས་ལྷོ་སུ་ཌན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ས་ཚིགས་ནང་གང་བྱུང་མེ་མདའ་བརྒྱབ་ཏེ་མི་ ༥༨ དམར་གསོད་བཏང་ཡོད་འདུག

ཁ་ཉིན་ལྷོ་སུ་ཌན་གྱི་བྷོར་ས་ཁུལ་དུ་དྲག་ཆས་སྤྲས་པའི་མི་འགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ས་ཚིགས་ཤིག་ཏུ་གང་བྱུང་མེ་མདའ་བརྒྱབ་སྟེ་མི་ ༥༨ བསད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་དམག་གཉིས་ཐེ་བའི་མི་ ༡༠༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་བཏང་ཡོད་འདུག དེ་ནི་བྷོར་ས་ཁུལ་གྱི་ཎུར་ (Nuer) མི་རིགས་ཚོས་སུ་ཌན་གྱེན་ལོག་ཤོག་ཁག་གིས་བྷེན་ཌོ་ (Bentiu) གྲོང་བརྡལ་བཙན་བཟུང་བྱས་པར་འགོག་རྒོལ་ཙམ་ཡང་མ་བྱས་སྟབས། བྷེན་ཌོའོ་མི་རིགས་ཁོང་ཁྲོ་ལངས་ཏེ་འཇབ་རྒོལ་བྱས་པ་ཞིག་ཡིན་སྐོར་བསྒྲགས་འདུག

འདིའི་ཐད་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས། གྱེན་ལོག་པ་ཚོས་གང་བྱུང་མེ་མདའ་བརྒྱབ་སྟེ་ཉེས་མེད་མི་སེར་མང་པོ་དམར་གསོད་བཏང་ཡོད་སྟབས། སུ་ཌན་གཞུང་གིས་བརྟག་དཔྱད་མཐིལ་ཕྱིན་བྱས་ཏེ་མང་ཚོགས་ལ་སྲུང་སྐྱོབ་བྱ་དགོས་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་མཆོག་གིས་ཀྱང་“ སུ་ཌན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ས་ཚིགས་ནང་གང་བྱུང་མེ་མདའ་བརྒྱབ་སྟེ་མི་མང་པོ་བསད་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན།” ཅེས་བརྗོད་འདུག

སུ་ཌན་སྲིད་འཛིན་གྱི་མགྲིན་ཚབ་པ་ཨ་ཌེ་ནི་ (Ateny Wek Ateny) ལགས་ཀྱིས། ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ས་ཚིགས་ནང་གཞུང་དམག་འགྲེམ་འཇོག་གིས་ཡུལ་མི་ཚོར་སྲུང་སྐྱོབ་བྱེད་བཞིན་ཡོད་སྟབས། མ་འོངས་པར་འཇབ་རྒོལ་དེ་འདྲ་ཡོང་མི་སྲིད་ཅེས་བརྗོད་འདུག

རྒྱ་གར་གཞུང་དང་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སུ་མན་ཌ་ (Samantha Power) ལགས་ཀྱི་གཙོས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས། སུ་ཌན་གྱི་བྷོར་ས་ཁུལ་ནང་བྱུང་བའི་འཇབ་རྒོལ་དེ་ནི་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཡོངས་དང་འགལ་ཡོད་པ་ཞིག་ཡིན་སྟབས། སུ་ཌན་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་གྱེན་ལོག་པ་དག་ལ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། སུ་ཌན་ནང་གི་མི་གསོད་དོན་རྐྱེན་དེ་རིགས་རྒྱུན་ལྡན་ཞིག་ཡིན་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ཐེ་ཇུས་བྱས་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཐེབས་རེ་མེད་སྐོར་བརྗོད་འདུག

༢༠༡༣ ལོའི་ཟླ་ ༡༢ ཚེས ༡༥ ཉིན་ལྷོ་སུ་ཌན་གྱི་སྲིད་འཛིན་སལ་ཝ་ ( Salva Kiir) དང་སྲིད་འཛིན་གཞོན་པ་རེག་མཱ་ཆར་( Riek Machar) གཉིས་བར་དབང་ཆའི་འཐབ་རྩོད་ཀྱིས་ནང་འཁྲུག་ཤུགས་ཆེན་བྱུང་པ་ནས་བཟུང་ད་བར། ཡུལ་མི་ ༢༤༠༠༠༠ ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་བྲོས་བྱོལ་དང་། མི་མང་ཁྲི་ ༦ ལྷག་སུ་ཌན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ས་ཚིགས་ནང་ལྟ་རྟོག་སྲུང་སྐྱོབ་བྱེད་བཞིན་ཡོད་འདུག

ད་ལྟ་མི་ས་ཡ་ ༡ ཙམ་ལ་བཟའ་བཏུང་གི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། མི་ ༦༠༠༠ ལྷག་ལ་ཤི་རྨས་བྱུང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese