མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་བོ་འདི་སུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༢༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

     ཉེ་མ་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་སྐྱི་གཡའ་བའི་བརྙན་ཐུང་ཞིག་ཁྱབ་བཞིན་འདུག བོད་ནང་གི་གྲོང་ཁྱེར་ག་གེ་མོ་ཞིག་གི་གཞུང་ལམ་དཀྱིལ་ན། ཕོ་སར་ཤ་དར་ཁྲག་དར་བོད་ཆས་གྱོན་མཁན་ཞིག་གིས། བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བསྟན་པར་ཤོག ཅེས་འབོད་ཚིག་སྒྲོག་བཞིན་སོ་སོའི་ཁོག་པ་ནས་སྒྱུ་མ་དམར་འཛར་འཛར་ཕྱི་ལ་བཏོན་ནས་དུམ་བུ་དུམ་བུར་གཅོད་ཀྱི་འདུག ཕར་བལྟས་ཚོད་ཀྱིས་ཁོའི་གཟུགས་པོའང་མེ་ལ་འཚིགས་ཡོད་པ་འདྲ། མཚམས་ཤིག་ས་ལ་འགྱེལ་མ་ཐག་མི་མང་ཁོའི་མཐའ་ལ་རུབ་སྟེ་ངུ་འབོད་བྱེད་ཀྱིན་འདུག ཁོའི་མིག་ཟུང་ཧྲིག་ཧྲིག་དང་དབུགས་ལྷེམ་ལྷེམ་གྱིས་ད་དུང་ཅི་ཞིག་ལ་རེ་འབོད་བྱེད་ཀྱིན་འདུག

    གནས་ཚུལ་འདི་ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོཊ་བརྒྱུད་ལམ་རེ་ཟུང་མ་གཏོཊ། ཚད་ལྡན་གསར་འགྱུར་བརྒྱུད་ལམ་གཅིག་ཏུའང་བཀོད་མ་སོང་། ངས་ཡར་མར་རྩད་གཅོད་བྱས་པ་ཡིན། མི་མང་པོ་ཞིག་གིས་གནས་ཚུལ་འདི་མཐོང་འདུག ཁོང་ཚོ་ཧ་ལས་ནས་ཧོན་ཐོར་འདུག འོན་ཀྱང་འདིའི་རྒྱབ་ལྗོངས་གནས་ཚུལ་ལ་རྒྱུས་ཡོད་མཁན་གཅིག་ཀྱང་མི་འདུག ཐ་ན་འདིའི་སྐོར་ལ་དོ་སྣང་ཆེན་པོས་བགྲོ་གླེང་དང་རྩད་གཅོད་བྱེད་མཁན་ཡང་བྱུང་མ་སོང་། འདི་མཐོང་མཁན་ཚང་མས་ཞེད་སྣང་དང་ཚེར་སྣང་བྱེད་ཀྱིན་འདུག མཐའ་མ་ངས་ཀྱང་ཅི་མི་སྙམ་པར་མི་འཇོག་ཐབས་མེད་བྱུང་སོང་།

    བོད་ནང་ས་རྒྱ་ཆེན་པོ་དང་བརྡ་འཕྲིན་བརྒྱུད་ལམ་སྟབས་བདེ་མེད་པ། རྒྱ་གཞུང་གིས་ཕྱི་བཀག་ནང་སྡོམ་བྱས་ཡོད་ས་ཞིག་རེད། ད་དུང་འདི་དང་འདི་ལྟ་བུ་དང་། འདི་ལས་ལྷག་གི་ཚབས་ཆེའི་གནས་ཚུལ་མང་པོ་ཞིག་གོ་མེད་ཚོར་མེད་དང་། གྲགས་མེད་འགུལ་མེད་ངང་ས་དང་རྡོ་ལ་འཐིམ་གྱི་མེད་འགྲོ་བསམ་གྱི་འདུག རང་ལུས་མེར་བསྲེགས་གནང་མཁན་བསྟན་འཛིན་དབང་མོ་དང་སྒྲོལ་དཀར་མཚོ། འཕྲིན་ལས་རྣམ་རྒྱལ་སོགས་མང་པོ་ཞིག་གིས་ས་སྟོང་ལུང་སྟོང་མི་མེད་ཐང་སྟོང་ནས་རང་རང་གི་གཏན་ཚིགས་མངོན་འགྱུར་བྱས་ཡོད། རང་ལུས་མེར་བསྲེགས་གནང་མཁན་རིགས་ཞེན་ཅན་མང་པོ་ཞིག་འདི་ལྟར་མིས་མ་མཐོང་ཁྱིས་མ་ཚོར་བར་འཕྲོ་བརླག་ཏུ་འགྲོ་བཞིན་མེད་འགྲོ་བསམ་གྱི་འདུག

    ང་ཚོས་ཛ་དྲག་གི་གནས་ཚུལ་གསར་པ་མང་པོ་ཞིག་དུས་ཐོག་ཏུ་བསྡུ་རུབ་མ་ཐུབ་པར་བོར་བཞིན་འདུག རླབས་ཆེན་གནས་ཚུལ་རྙིང་པ་མང་པོ་ཞིག་དྲན་པ་གཏིང་རྗེད་དུ་འགྲོ་བཞིན་འདུག ཆབ་སྲིད་བཙོན་པ་བློ་བཟང་དོན་གྲུབ་དང་འཇིགས་མེད་མགོ་རིལ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་རོང་རྒྱས་ཨ་གྲགས། སྒྲོལ་མ་སྐྱབས་སོགས་ད་ལྟ་གང་ན་ཡོད། ཁོང་ཅག་གི་གནས་སྟངས་ག་འདྲ་རེད། ག་དུས་འཛིན་བཟུང་བྱས་ཤིང་། ནམ་ཞིག་ཇི་ལྟར་ཀློད་གྲོལ་གཏོང་རྒྱུ་རེད། ནག་ཐོམ་ཐོམ་གྱི་དྲི་བ་འདི་དག་གསར་འགྱུར་བརྒྱུད་ལམ་ཙམ་མིན་པར། གཞུང་དམངས་གཉིས་དང་ཚོགས་པ་སྒྲིག་འཛུགས། རྩོམ་པ་པོ་དང་ཉམས་ཞིབ་པ་ཡོངས་ལ་འགན་འཁྲི་ཡོད།

   ང་ཚོས་མཆོད་འབུལ་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་གལ་ཆེན་ཡིན་མོད། བོད་ནང་གི་རླབས་ཆེ་བའི་གནས་ཚུལ་རྙིང་པ་དག་ལ་དྲན་གསོ་བྱེད་རྒྱུ་དང་གསར་པ་ཁག་འཚོལ་བསྡུ་བྱས་ཏེ་ཁྱབ་སྤེལ་གཏོང་རྒྱུ་འུ་བུ་ཅག་གི་ལས་འགན་དང་པོ་ཡིན། བོད་ནང་གི་ལས་འགུལ་དེ་དག་ཆབ་སྲིད་པའི་འཁྲབ་སྟོན་ཙམ་མིན་པར་སེམས་ཐག་གཙང་བཅད་དང་མི་ཚེའི་གཏན་ཚིགས་ཀྱི་ལས་འགུལ་ཞིག་ཡིན། རྒྱལ་སྤྱིར་འབོད་སྒྲ་དང་དྲིལ་བསྒྲགས་ཆེད་ཡིན་དུ་ཆུག་ཀྱང་། དྲིལ་བསྒྲགས་ཁོ་ནའི་ཆེད་དུ་ལས་འགུལ་སྤེལ་བ་ཞིག་གཏན་ནས་མིན་པར། ཚེ་སྲོག་གི་འགྲོ་གྲོན་བཏང་བའི་དྲིལ་བསྒྲགས་ཤིག་ཡིན། ཤ་ཁྲག་གི་མཆོད་སྦྱིན་བཏང་བའི་ལས་འགུལ་ཞིག་ཡིན།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༣ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese