མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་པ་གསར་བའི་གཟེངས་རྟགས།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་རྒྱ་བོད་མཛའ་འབྲེལ་ཚོགས་པར་ ༢༠༡༤ ལོའི་སློབ་ཕྲུག་གི་ཚོགས་པ་གསར་པའི་གཟེངས་རྟགས་ཐོབ་ཡོད་འདུག

ཟླ་འདིའི་ཚེས་ ༡༦ ཉིན་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་དབུ་ཁྲིད་དང་ཞབས་ཞུའི་ཡིག་ཚང་གི་གོ་སྒྲིག་འོག དབུ་ཁྲིད་དང་ཞབས་ཞུ། སྣ་མང་རང་བཞིན་གྱི་ལོ་འཁོར་གཟེངས་རྟགས་ཞེས་པའི་མཛད་སྒོ་ཞིག་ཚོགས་པའི་ཐོག གཙུག་ལག་སློབ་གཉེར་ཁང་དེར་ཡོད་པའི་རྒྱ་བོད་མཛའ་འབྲེལ་ཚོགས་པ་ (China-Tibet Initiative) ཞེས་པར་ ༢༠༡༤ ལོའི་སློབ་ཕྲུག་གི་ཚོགས་པ་གསར་བའི་གཟེངས་རྟགས་དང་། རྒྱ་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་སློབ་སྟོན་པའི་གཟེངསརྟགས། རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱ་རིགས་སློབ་ཕྲུག་བྷ་ཊི་ལགས་སུ་མཐོ་སློབ་སློབ་ཕྲུག་ལྷན་ཚོགས་ཀྱི་གྲགས་ཅན་མི་སྣའི་གཟེངས་རྟགས་བཅས་ཕུལ་ཡོད་འདུག

ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་རྒྱ་བོད་མཛའ་འབྲེལ་ཚོགས་པ་ནི། རྒྱ་ནག་ནས་ཕེབས་པའི་སློབ་ཕྲུག་བྷ་ཊི་དང་སེ་ར་དགོན་ནས་ཚན་རིག་སྦྱོང་བར་ཕེབས་མཁན་དགེ་འདུན་པ་ངག་དབང་ནོར་བུ་གཉིས་ཀྱིས། མཛའ་བརྩེ་དང་བསམ་ཤེས། ཞི་མོལ་བཅས་གཞི་ལ་བཞག་སྟེ་བཙུགས་པའི་ཚོགས་པ་ཞིག་ཡིན་འདུག་ལ། ༢༠༡༠ ལོར་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཞེས་མིང་བཏགས་རྗེས། བདུན་ཕྲག་གཉིས་རེའི་མཚམས་སུ་རྒྱ་བོད་སློབ་ཕྲུག་རེ་རེས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ངོ་སྤྲོད་སོགས་ལས་གཞི་སྣ་ཚོགས་སྤེལ་ཏེ། ལོ་གཉིས་ཙམ་གྱི་རིང་རྒྱ་བོད་སློབ་ཕྲུག་མི་ཉུང་བ་ཞིག་གི་སེམས་ཀྱི་དོགས་པ་དང་རྣམ་རྟོག་མང་པོ་སེལ་ཐུབ་པ་བྱུང་འདུག

༢༠༡༣ ལོའི་དཔྱིད་ཀར་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོགས་པའི་ནང་དེབ་སྐྱེལ་གྱིས་ཚོགས་པ་དངོས་སུ་བཙུགས་པ་མ་ཟད། འོས་བསྡུའི་ལམ་ནས་རྒྱུན་ལས་ཐེངས་དང་པོ་འདེམས་ཐོན་དང་། ༢༠༡༤ ལོའི་དཔྱིད་ཀར་འོས་བསྡུའི་ལམ་ནས་རྒྱུན་ལས་ཐེངས་གཉིས་པ་འདེམས་ཐོན་བྱུང་ཡོད་འདུག ད་ལྟའི་བར་སློབ་སྟོན་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱི་ལམ་སྟོན་བཀའ་སློབ་འོག ༢༠༡༣ ཕྱི་ཟླ་ ༡༠ ཚེས་ ༩ ཉིན་༧གོང་ས་མཆོག་གིས་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ ༥༠ ཙམ་ལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་བཅས་གནང་ཡོད་འདུག་ལ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་གིས་ལས་འཁུར་སྐབས་ཚོགས་པའི་ལས་གཞི་ངོ་སྤྲོད་དང་རྒྱུན་ལས་སྔ་ཕྱི་གཉིས་ལ་མཇལ་འཕྲད་བཅས་གནང་ཡོད་འདུག

ད་ལྟའི་བར་ཚོགས་པ་འདིས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་དུས་རབས་ཉེར་གཅིག་པ་འདི་ཞི་མོལ་གྱི་དུས་རབས་ཤིག་ལ་བསྒྱུར་རྒྱུར་འབད་བརྩོན་གནང་གི་ཡོད་པར་མ་ཟད། ཆུང་ས་ནས་མི་སྒེར་བར་གྱི་གནད་དོན་དང་ཆེ་ས་ནས་རྒྱ་བོད་གཉིས་ཀྱི་གནད་དོན་དེ་ཞི་མོལ་གྱི་ལམ་ནས་སེལ་ཐུབ་པར་རེ་བ་བྱེད་ཀྱི་ཡོད་འདུག འདས་པའི་ལོ་ཤས་རིང་ཆེས་ཐོག་མའི་ཚོགས་མི་ ༣ ནས་ཚོགས་མི་ ༨༠ ལ་འཕར་ཡོད་པ་དང་། ཚོགས་མིའི་བརྒྱ་ཆ་ ༧༠ ལྷག་རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་ཆགས་ཡོད་འདུག

ཐེངས་འདིར་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་བོད་མཛའ་འབྲེལ་ཚོགས་པ་དང་ཚོགས་པའི་ཚོགས་གཙོ། ཚོགས་པའི་སློབ་སྟོན་པ་བཅས་ལ་ཆེ་མཐོང་གཟེངས་རྟགས་གནང་བ་དེར་ཚོགས་མི་ཚོས། གཙུག་ལག་སློབ་ཁང་གིས་ཚོགས་པ་འདིས་བོད་རྒྱའི་བར་ཞི་མོལ་གྱི་ལམ་དུ་ཞུགས་པའི་བྱ་གཞག་ལ་ཆེ་མཐོང་གནང་བར་ངོས་འཛིན་བྱེད་བཞིན་ཡོད་འདུག་ལ། མ་འོངས་པར་བྱ་གཞག་འདི་ཡུན་གྱིས་རྒྱ་ཇེ་ཆེ་དང་ནུས་པ་ཇེ་ཆེར་འགྲོ་བའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག

གནས་ཚུལ་མཁོ་གཏོང་བ། འབྲོང་བུ་ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༩ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese