མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མའི་ཤར་ཕྱོགས་ཀྱི་མདུན་སྐྱོད་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཉི་ཧོང་དུ་གཟིགས་སྐོར་གནང་བ་དང་འབྲེལ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་དང་ཚོང་འབྲེལ་སོགས་ལ་མིང་རྟགས་བཀོད་ཡོད་འདུག  

ཁ་སང་ནས་བཟུང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཉི་ཧོང་དང་ལྷོ་ཀོ་རི་ཡ། མཱ་ལེ་ཤི་ཡ། ཧྥི་ལེ་ཕིན་བཅས་རྒྱལ་ཁབ་བཞིའི་ནང་སྐོར་སྐྱོད་བྱེད་མགོ་ཚུགས་ཡོད་པ་དང་། ཁ་སང་ཚེས་ ༢༣ ཉིན་ཉི་ཧོང་སྲིད་བློན་ཤིང་ཛོ་ཨ་བྷེ་དང་ཐུག་འཕྲད་གནང་སྟེ། རྒྱལ་སྲུང་བདེ་འཇགས་དང་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཁག་གི་ནང་ཚོང་དོན་རྒྱ་སྐྱེད། ཧྥི་ལེ་ཕིན་ནང་ཨ་རིའི་དམག་ཤུགས་མཁོ་གཏོང་བྱེད་ཕྱོགས། ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་ས་མཚམས་རྩོད་རྙོག་བཅས་ཀྱི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད་འདུག

འདིའི་ཐད་ཨོ་བྷ་མས་ཉི་ཧོང་གི་གསར་འགྱུར་ (Yomiuri Shimbun)ཐོག་  “སྔོན་ཆད་ཨ་རིས་ཉི་ཧོང་དང་མཉམ་དུ་རྒྱལ་སྲུང་བདེ་འཇགས་ཐད་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་དེ་ནིི། གལ་སྲིད་རྒྱ་ནག་གིས་ཉི་ཧོང་ལ་དྲག་ཤུགས་སྤྱད་དེ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་ཧམ་བཟུང་བྱས་ཚེ་ཨ་རི་ཉི་ཧོང་གི་ཕྱོགས་སུ་ལངས་ཏེ། རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་ཁ་གཏད་གཅོག་ཆེད་གྲོས་མཐུན་བཞག་པ་ཞིག་རེད།” ཅེས་བརྗོད་འདུག

ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས། ཨ་རི་དང་ཉི་ཧོང་བར་གྱི་འབྲེལ་ལམ་ནི་འཛམ་གླིང་ཞི་བདེ་ཡོང་ཐབས་ལ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་སྟབས། ད་རེབ་གྲོས་མོལ་འདི་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་དཔུང་པ་མཉམ་གཤིབ་ཐོག་འཛམ་གླིང་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་དང་། སྒོས་སུ་ཨེ་ཤ་ཡའི་མངའ་ཁུལ་གྱི་བདག་དབང་རྩོད་ལེན་ཐད་སྒོ་ཀུན་རམ་འདེགས་བྱས་ཏེ། ཧམ་བཟུང་དང་རྒྱ་སྐྱེད་རིང་ལུགས་ཀྱི་རྒྱལ་ཁབ་དག་ལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་སོགས་བརྗོད་འདུག  

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་གིས། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གླིང་ཕྲན་དེ་དག་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས། ཨ་རི་དང་ཉི་ཧོང་གི་འགྲོ་འོང་དེས་རྒྱ་ནག་གི་ས་ཁུངས་བདག་དབང་ལ་ཐེ་ཇུས་མི་བྱེད་པའི་རེ་བ་ཡོད་ཅེས་སོགས་བརྗོད་འདུག

ཨ་རིའི་རྒྱལ་སྲུང་བདེ་འཇགས་སློབ་སྟོན་པ་སུ་སན་ (Susan Rice) ལགས་ཀྱིས། རྒྱལ་སྤྱིའི་ཐོག་སྲིད་འཛིན་ཨོ་བྷ་མའི་ཐེངས་འདིའི་སྐོར་སྐྱོད་དེ། རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཤིག་ཏུ་ངོས་འཛིན་བྱེད་མིན་ཇི་ལྟར་ཡང་། ང་རང་གི་ངོས་ནས་སྐོར་སྐྱོད་འདི་ཨ་རིས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུའི་གོ་སྐབས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་བརྗོད་འདུག  

ཆབ་སྲིད་དབྱེ་ཞིབ་པ་ཚོས། སྲིད་འཛིན་ཨོ་བྷ་མའི་ཐབས་ཇུས་དེ་ནི། ཉེ་ཆར་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཉི་ཧོང་དང་རྒྱ་ནག་གཉིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བདག་དབང་གི་རྩོད་ཉོག་ནང་ཚུད་ཡོད་པ་སོགས་དང་བསྟུན་ཏེ། ཨོ་བྷ་མ་ཉི་ཧོང་ནང་བསྐྱོད་དེ་རྒྱ་ནག་ལ་བརྡ་ལན་ཞིག་སྟོན་གྱི་ཡོད་སྐོར་བརྗོད་འདུག

རྒྱ་གཞུང་གིས་ ༢༠༡༣ ལོའི་ཟླ་ ༡༡ པའི་ཚེས་ ༢༣ ཉིན་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་ཐིག་ཚད་བཟོས་པ་དང་། རྒྱ་ནག་གི་ཤར་ལྷོའི་རྒྱ་མཚོ་མངའ་ཁུལ་རྩོད་ལེན་བྱས་ཏེ་ཨེ་ཤི་ཡའི་བརྟན་བརླིང་ལ་འཇིགས་སྣང་སྐུལ་བཞིན་ཡོད་སྟབས། ཨོ་བྷ་མས་ “ ཤར་ཕྱོགས་ཀྱི་མདུན་སྐྱོད་ཆེན་མོ།” ཞེས་པའི་སྲིད་ཇུས་བཟུང་སྟེ། ཉི་ཧོང་དང་རྒྱ་གར། ཨབ་གྷན། ལྷོ་ཀོ་རི་ཡ་སོགས་མཐུན་གྲོགས་རྒྱལ་ཁབ་ཏུ་འགྱུར་བར་འབད་བརྩོན་བྱས་ཡོད།

༢༠༡༣ ལོའི་ཟླ་ ༡༢ པའི་ནང་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ཇོ་བྷ་ཌན་ (Joe Biden)མཆོག་ཉི་ཧོང་དང་རྒྱ་ནག ལྷོ་ཀོ་རི་ཡ་བཅས་སུ་སྐོར་སྐྱོད་བྱས་ཡོད་ཅིང་། སྐབས་དེར་ཁོས་ཉི་ཧོང་ནང་སྐོར་སྐྱོད་སྐབས་ཞི་བདེ་རྒྱ་མཚོའི་མཚོ་གླིང་རྩོད་རྙོག་ཐོག་ཨ་རིའི་གཞུང་གིས་ཉི་ཧོང་གིས་འཛིན་པའི་མཚོ་གླིང་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་སྟབས། སྐབས་དེར་རྒྱ་གཞུང་གིས་ཨ་རིར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད།

སང་ཉིན་སྲིད་འཛིན་ཨོ་བྷ་མ་མཆོག་ལྷོ་ཀོ་རི་ཡ་དང་། དེ་རྗེས་མཱ་ལེ་ཤི་ཡ་དང་ཧྥི་ལེ་ཕིན་ནང་ཕེབས་འཆར་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༡༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese