མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་པས་ཟས་བཅད་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨི་སི་རེལ་ནང་ཡོད་པའི་པཱ་ལི་སི་ཐན་གྱི་བཙོན་པ་ཁག་ཅིག་གིས་ཨི་སི་རེལ་གཞུང་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

ཁ་སང་ཨི་སི་རེལ་ནང་ཡོད་པའི་པཱ་ལི་སི་ཐན་གྱི་བཙོན་པ་ ༡༨༠ ཙམ་ལ་ཨི་སི་རེལ་གཞུང་གིས་དུས་བཀག་ངེས་མེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། བཙོན་པ་ཚོས་གཞུང་གི་ཐག་གཅོད་དེར་ངོས་ལེན་མེད་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

འདིའི་ཐད་པཱ་ལི་སི་ཐན་གྱི་བཙོན་པའི་གནད་དོན་ཐད་ཀྱི་བློན་ཆེན་གཞོན་པ་ཨ་བྷུ་ཨེན་ (Ziad Abu Ain) ལགས་ཀྱིས། “ང་ཚོས་ཨི་སི་རེལ་སྲིད་གཞུང་གིས་བཙོན་པ་ཚོ་ཀློད་གྲོལ་མ་བཏང་བར། བཙོན་པ་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱ་རྒྱུ་མེད་པའི་སྐུལ་མ་བྱེད་བཞིན་ཡོད།” ཅེས་བརྗོད་འདུག

པཱ་ལི་སི་ཐན་གྱི་བཙོན་པའི་ལྷན་ཁང་གི་ཡིག་ཆ་ནང་། ཨི་སི་རེལ་ནང་ཡོད་པའི་པཱ་ལི་སི་ཐན་གྱི་བཙོན་པ་ ༥༠༠༠ ཡོད་པ་ལས། བཙོན་པ་བརྒྱ་ཆ་ ༦༠ ཙམ་ཞིག་ལ་དུས་བཀག་ངེས་མེད་ཀྱི་བཙོན་འཇུག་བྱ་རྒྱུའི་བཀའ་ཁྱབ་བསྒྲགས་ཡོད་པ་མ་ཟད། བཙོན་པ་ ༡༨༠ ཙམ་ཞིག་ལ་དུས་བཀག་ངེས་མེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་འཁོད་འདུག

ཉེ་ཆར་ཨི་སི་རེལ་སྲིད་གཞུང་གིས་ཨི་སི་རེལ་ནང་ཡོད་པའི་པཱ་ལི་སི་ཐན་གྱི་བཙོན་པ་ཚོར་ཟླ་དྲུག་དུས་བཀག་བཙོན་འཇུག་གི་དུས་ཡུན་ཕར་འགྱངས་བྱེད་བཞིན་པ་དག་མི་དགོས་པར། དུས་ཆད་ངེས་མེད་ཀྱི་ཁྲིམས་སྒྲིག་ལག་བསྟར་བྱས་ཏེ་བཙོན་པ་ཚོར་སྡུག་གཅོང་མནར་གཅོད་གཏོང་གི་ཡོད་སྟབས། ༢༠༡༣ ལོར་བཙོན་པ་སཱ་མེར་ (Samer Essawi) ལགས་ཀྱིས་ཨི་སི་རེལ་གྱི་བྱ་སྤྱོད་དེར་འདོད་པ་མེད་པའི་དུས་ཆད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་པར་བརྟེན། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ཨི་སི་རེལ་སྲིད་གཞུང་ལ་ཁོང་ཀློད་གྲོལ་དགོས་པའི་གནོན་ཤུགས་སྤྲད་མཐར། ཁོང་ ༢༠༡༣ ལོའི་ཟླ་ ༡༢ ནང་བཙོན་གྲོལ་ཐོབ་ཡོད་འདུག

༢༠༠༠ ལོར་པཱ་ལི་སི་ཐན་མི་རིགས་ཀྱིས་ཨི་སི་རེལ་སྲིད་གཞུང་ལ་ཡར་ལངས་ལས་འགུལ་ཆེན་མོ་གཉིས་པ་བྱས་པ་ནས་བཟུང་། ཨི་སི་རེལ་གཞུང་གིས་པཱ་ལི་སི་ཐན་གྱི་བཙོན་པ་ ༢༣༠༠༠ ཙམ་ལ་དུས་བཀག་ངེས་མེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། ༢༠༡༢ ལོར་བཙོན་པ་ ༡༥༠༠ གིས་ཉིན་ ༢༨ ཙམ་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

ཨི་སི་རེལ་སྲིད་གཞུང་དང་བཙོན་པའི་བར་རྩོད་རྙོག་དེ་ཇེ་ཆེར་མི་འགྲོ་བའི་ཆེད་ཨི་ཇིབ་གཞུང་གིས་ཨི་སི་རེལ་གཞུང་དང་ནང་མོལ་བྱས་ཏེ། བཙོན་པའི་གནས་སྟངས་ལེགས་བཅོས་གཏོང་ཐབས་དང་། དུས་བཀག་ཚང་བའི་བཙོན་པ་དག་བཙོན་གྲོལ་ཐོབ་ཐབས་སོགས་ཀྱི་སྐོར་ལ་གྲོས་མཐུན་བཞག་ཡོད་ཀྱང་། ཨི་སི་རེལ་གཞུང་གིས་ཨི་ཇིབ་བར་བཞག་པའི་གྲོས་མཐུན་དག་ལག་བསྟར་མ་བྱས་པ་མ་ཟད། དེ་ལས་ལྡོག་སྟེ་བཙོན་པ་ཚོར་དུས་བཀག་ངེས་མེད་ཀྱི་བཙོན་འཇུག་ཁྲིམས་ཐག་གཅོད་པའི་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་བཞིན་ཡོད་སྟབས། ད་བར་པཱ་ལི་སི་ཐན་བཙོན་པ་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཐེངས་ ༧ ཙམ་སྤེལ་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། པཱ་ལི་སི་ཐན་དང་ཨི་སི་རེལ་བར་གྱི་རྩོད་རྙོག་དེ་ནི་ལོ་རྒྱུས་ཐོག་གི་དཀའ་རྙོག་ཆེན་པོ་ཞིག་ཆགས་ཡོད་སྟབས། རྒྱལ་ཁབ་གཉིས་བར་དམག་འཁྲུག་ཅིག་མ་ལངས་ཀྱང་ཞི་བདེ་བརྟན་བརླིང་ལྡན་པའི་མཐུན་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༡༢ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese