མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་ལུས་སེམས་གཉིས་ཀྱི་སྨན་པ་ཆཊ་ཐུབ་ན་ཐུཊ་ཕན་གསོ་ཐུབ་པ་ཡོང་གི་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྨན་པའི་ལྷན་ཚོཊ་ཀྱི་བགྲོ་གླེང་ཚོཊ་འདུའི་ཐོག་སྲིད་སྐྱོང་མཆོག་གིས། ཕྱི་རྒྱལ་གྱི་སྨན་པ་ཚོས་སྨན་གྱི་སློབ་སྦྱོང་ཐོག་སེམས་ཁམས་རིག་པར་སློབ་སྦྱོང་གནང་གི་ཡོད་སྟབས། ང་ཚོའི་སྨན་པ་ཚོས་ཀྱང་བོད་ཀྱི་གསོ་བ་རིག་པའི་ཐོག་སེམས་ཁམས་རིག་པར་སློབ་སྦྱོང་བྱས་ཏེ་ལུས་སེམས་གཉིས་ཀྱི་སྨན་པ་ཆཊ་ཐབས་གནང་དགོས་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ སྟེང་ངྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ ༡༠ འཁོར་བའི་དུས་དྲན་མཛད་སྒོ་དང་། གསོ་བ་རིག་པའི་བགྲོ་གླེང་ཞིག་ཚོགས་སོང་། དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་དམིགས་གསལ་སྐུ་ཚབ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། བོད་མིའི་སྒྲིག་འཛུཊ་ཀྱི་འཕྲོད་བསྟེན་དང་ནང་སྲིད། ཤེས་རིག བདེ་སྲུང་བཅས་ལྷན་ཁང་ཁག་གི་དྲུང་ཆེ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་རྩིས་མཐོ་སློབ་ཁག་གི་སློབ་སྦྱི། གསོ་རིག་སྨན་པ་དང་སྨན་སློབ་བཅས་མི་ ༣༥༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་། ཚང་མ་སྐུ་བཞེངས་ཐོག་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་དང་ངག་བཅད་མྱ་ངན། སྐུ་མགྲོན་གཙོ་བོ་མཆོག་ནས་སྨན་པའི་ལྷན་ཚོགས་ཀྱི་ལོ་བཅུའི་ལས་བསྡོམས་སྙན་ཐོའི་དཔེ་དེབ་དབུ་འབྱེད་བཅས་གནང་སོང་ལ། སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ངག་དབང་བཟོད་པ་ལགས་ཀྱིས་གཏམ་བཤད་གནང་སྐབས། བོད་ཀྱི་གསོ་བ་རིག་པ་འདི་སྨན་པ་རེ་ཟུང་དང་ཚོགས་པ་གཅིག་གཉིས་ཀྱི་ངོ་བོ་ཙམ་མ་ཡིན་པར་གསོ་བ་རིག་པའི་རིག་གཞུང་གལ་ཆེན་པོ་ཞིག་དང་། ༧གོང་ས་མཆོག་གིས་བཀའ་ཕེབས་པ་ལྟར་འཛམ་གླིང་གི་མི་ཚང་མའི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཐོག་མཉམ་དུ་འགྲོ་ཐུབ་པའི་རིག་གཞུང་གལ་ཆེན་ཞིག་ཆགས་ཡོད་པ་དང་། གསོ་རིག་སྨན་པ་དང་གསོ་རིག་སྨན་སྦྱོར། སློབ་ཚན་བཅས་སྤུས་དག་དང་མི་ཉམས་རྒྱུད་འཛིན་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་ཡོད་སྟབས། གཙོ་བོ་སྨན་དང་སྨན་སྦྱོར། སློབ་ཚན་གཏན་འབེབས་གནང་རྒྱུ་དང་། ལྷག་པར་དུ་དབུས་སྨན་རྩིས་ཁང་གིས་ད་བར་སྨན་པ་མང་པོ་གསོ་སྐྱོང་གནང་བ་སོགས་ཞབས་འདེགས་རླབས་ཆེན་སྒྲུབ་ཡོད་སྐོར་སོགས་བརྗོད་སོང་།

སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གལ་ཆེན་དུ་རྩིས་ཏེ་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་གྲོས་ཚོཊ་རང་ནས་གཏན་འབེབས་བྱས་པ་དང། གྲོས་ཚོགས་ག་དུས་ཚོགས་ཀྱང་སྨན་པའི་ལྷན་ཚོགས་དང་གསོ་བ་རིག་པའི་ལས་དོན་ཐད་བགྲོ་གླེང་ལྷུག་པོར་ཡོང་གི་ཡོད་སྟབས། སྨན་རྩིས་ཁང་དང་ཡན་ལག་སྡེ་ཚན་ཁག སྒེར་དང་གཞུང་གི་སྨན་པ་ཚང་མས་སྨན་པའི་ལྷན་ཚོགས་གལ་ཆེན་དུ་བརྩིས་ཏེ་མཐུན་སྦྱོར་དང་རྒྱབ་སྐྱོར། འཕྱར་གྲུ་མཉམ་འདེགས་བྱ་རྒྱུ་དང་། འཛིན་སྐྱོང་ངོས་ནས་སྨན་པའི་ལྷན་ཚོགས་ཀྱི་ལས་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུ། སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་ཀྱང་ལས་བསྡོམས་གཞི་བཟུང་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་གྱི་གསོ་བ་རིག་པའི་འོག་དེབ་སྐྱེལ་བྱས་པ་ཡིན་ན་གནས་སྟངས་འདྲ་ཆགས་མིན་དང་། བོད་ཀྱི་གསོ་བ་རིག་པ་རྒྱལ་སྤྱིའི་ཁྲིམས་མཐུན་གཞིར་བཟུང་དེབ་སྐྱེལ་བྱེད་མ་ཐུབ་པའི་འགག་རྩ་གང་ལ་ཐུག་ཡོད་མེད། དེབ་སྐྱེལ་བྱེད་པར་གང་དང་གང་གནང་དགོས་ཀྱི་ཡོད་མེད་སོགས་ལ་ཕྱག་ལས་ག་རེ་གནང་དགོས་མིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱབ་སྐྱོར་རོགས་རམ་ག་རེ་གནང་དགོས་མིན་ཐོག་གོ་བསྡུར་གནང་དགོས་པའི་འབོད་སྐུལ་གནང་སོང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཕྱི་ལོ་ ༢༠༠༣ ལོར་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་སྐབས་སྨན་པའི་ལྷན་ཚོགས་འཛུཊ་རྒྱུ་གལ་ཆེན་དུ་བརྩིས་ནས་གྲོས་ཚོགས་ནང་གྲོས་ཆོད་བཞག་ཡོད། རྒྱལ་སྤྱི་དང་རྒྱ་གར་ནང་སྨན་པའི་ལྷན་ཚོགས་ཡོད་པ་ལྟར། ང་ཚོར་ཡོད་པ་ཡིན་ན་གཞི་རྩའི་སྨན་ཡིན་ནའང་ནུས་པ་ལྡན་པ་བཟོ་ཐུབ་པར་གལ་ཆེན་པོ་འདུག་ལབ་ན་མ་གཏོགས། འཛམ་གླིང་ནང་སྨན་འགྲིག་མི་འགྲིག་གི་བཀའ་མོལ་དང་རྩོད་གཞི་ཞིག་རང་བཞིན་གྱིས་ཡོང་བསྡད་ཡོད།  སྨན་པ་ཡིན་ནའང་ལག་འཁྱེར་ཚད་ལྡན་ཞིག་ཡོད་དགོས་པ་གླེང་གི་ཡོད་པ་རེད། སྨན་པའི་ལྷན་ཚོགས་དགོས་པ་གྲོས་ཚོགས་རང་གིས་གྲོས་ཆོད་བཞག་པ་རེད། བོད་ཀྱི་གསོ་བ་རིག་པ་རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་ངོས་ལེན་མེད་ཀྱང་། བོད་སྨན་བསྟེན་མཁན་གྱི་ནད་པ་མང་པོ་ཞིག་གིས་ཕན་ཐོགས་ཀྱི་འདུག་ཅེས་གསུང་བསྡད་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ཏུ་སྨན་པ་ཚོས་སྨན་གྱི་སློབ་སྦྱོང་ཐོག་སེམས་ཁམས་རིག་པ་སྦྱོང་གི་ཡོད་སྟབས། ང་ཚོས་ཀྱང་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་བྱེད་པ་དང་མཉམ་དུ་སེམས་ཁམས་རིག་པར་སློབ་སྦྱོང་བྱས་ཏེ། ང་ཚོ་ལུས་སེམས་གཉིས་ཀྱི་སྨན་པ་ཞིག་ཆགས་ཐུབ་ན་ཐུགས་ཕན་གསོ་ཐུབ་པ་ཡོང་གི་རེད། ཅེས་སོགས་གསུངས་སོང་།

དེ་རིང་ཉིན་རྒྱབ་བོད་ཀྱི་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་ཁྲག་རླུང་སྟོད་འཚངས་ལ་ཉམས་ཞིབ་བྱས་པའི་གྲུབ་འབྲས་སྙན་ཐོ་དང་འབྲེལ་བའི་གཏམ་བཤད་དང་། སྐུའི་བླ་སྨན་ཟུར་བ་རྔོགས་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ནས་དྲི་ཆུ་བརྟག་ཐབས་ཀྱི་ལག་ལེན་དམར་འཁྲིད་བཅས་གནང་ཡོད་པ་དང་། སང་ཉིན་ཚེས་ ༢ ཉིན་སྐུའི་ཕྱི་ལུགས་བླ་སྨན་ཚེ་བརྟན་རྡོ་རྗེ་མཆོག་དང་ཚེ་དབང་རྟ་མགྲིན་གཉིས་ནས་མཆིན་ནད་འགོག་ཐབས་སྐོར་ལ་གཏམ་བཤད། དེ་བཞིན། གསོ་བ་རིག་པའི་གཞུང་ལུགས་དང་། སྨན་དང་སྨན་སྦྱོར། ནད་བཅོས་ལག་ལེན་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 1

  1. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 11 སྔོན།

    འབྲས་དང་ལྡ་ལི་འཕྲོ་ལྷག་མ་སོང་བའི་མཁས་དབང་བློ་བཟང་སེངྒ་།

    རྒྱ་ནག་པོའི་དམར་ཕྱོགས་ཀྱི་ལྟ་གྲུབ་དང་། ས་འཁོབས་རྒྱ་སྐྱེད་ཀྱི་རིང་ལུགས་ཏེ་གླིང་ཆེན་པོ་ལྔར་རྔ་ཆེན་རྡུང་བཞིན་པའི་སྐབས་དེར།  གཞུང་ས་དགའ་ལྡན་ཕོ་བྲང་གི་གཙོས་པའི་བླ་ཆེན་དང་མི་དྲག  བོད་ཆོལ་ཁ་གསུམ་གྱི་སེར་སྐྱ་ཕོ་མོ་ཁྲི་ཚོ་འགའ་ཞིག་རྒྱ་གར་ལ་སྐྱབས་བཅོལ་དུ་མི་འབྱོར་ཐམས་མེད་བྱུང་བ་ནས་བཟུང་། རྒྱ་ནག་པོའི་དམར་ཕྱོགས་ཀྱི་ལྟ་གྲུབ་དང་། ས་འཁོབས་རྒྱ་སྐྱེད་ཀྱི་རིང་ལུགས་ཏེ་གླིང་ཆེན་པོ་ལྔར་རྔ་ཆེན་རྡུང་བཞིན་པའི་སྐབས་དེར།  གཞུང་ས་དགའ་ལྡན་ཕོ་བྲང་གི་གཙོས་པའི་བླ་ཆེན་དང་མི་དྲག  བོད་ཆོལ་ཁ་གསུམ་གྱི་སེར་སྐྱ་ཕོ་མོ་ཁྲི་ཚོ་འགའ་ཞིག་རྒྱ་གར་ལ་སྐྱབས་བཅོལ་དུ་མི་འབྱོར་ཐམས་མེད་བྱུང་བ་ནས་བཟུང་།
    ད་ལྟའི་བར་བགྲང་བྱ་དྲུག་ཅུ་རེ་བཞིར་འཁོར་བའི་བོད་རིགས་སྤུན་ཟླའི་ཁྲོད་ནས། ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་། སྤྱི་ཚོགས་གཞན་གྱི་རྐུབ་སྟེགས་ཀྱི་སྡོད་གྲལ་དུ་དོ་མཉམ་པའི་ཤེས་ལྡན་གྱི་མི་སྣ་སྟེ། རྡོ་གླིང་གཞིས་ཁོངས་སུ་བླ་མའི་སྐེམ་ནང་ཕ་དམ་པའི་ཞལ་ཆེམས་བཞིན། འཚར་ལོང་བྱུང་བའི་བློ་བཟང་སེངྒ་ཞེས་པའི་ཕོ་རྒོད་དེ་རེད། ཁོང་ནི་སྐྱེ་ས་དང་འཚར་ས་གཉིས་ཁ་ཧ་ཅང་གིས་སྟབས་བདེ་ཞིང་། རྙོག་འཛིངས་མེད་པའི་གུ་ཡངས་པའི་རྣམ་པའི་ཐོག་ནས་ཁྱིམ་རྒྱུད་ཉམ་ཆུང་ཞིག་གི་ནང་དུ་སྐྱེས་པ་ཡིན་ཕྱིར། རྒྱབ་ལ་དར་དང་གོས་ཆེན་སོགས་མཚོན་པའི་གྱོན་ཆས། དཀར་སེར་དང་དམར་ལྗང་། མཐུག་པོ་དང་བསྲབ་པོ། འཇམ་པོ་དང་སྣུམ་པོ་སོགས་ཀྱིས་ལུས་ཕུང་ཡོངས་རྫོགས་བཏུམས་ནས་མི་ཚེ་ཉིན་ཞིག་ཀྱང་སྐྱེས་མྱོང་མེད། ནང་གྲོད་པར་མངར་མོ་དང་སྐྱུར་མོ། ཚྭ་བ་དང་སྐ་བ། མདོར་ན་ཆང་དང་ཨ་རག་སོགས་མཚོན་པའི་བཟའ་བཏུང་ལོངས་སྤྱོད་གང་འདོད་པ་རྣམས་ཀྱིས་ཁོང་ཡོངས་སུ་བཀང་སྟེ། ལུས་གཡོ་འགུལ་ཙམ་ཡང་བྱེད་དཀའ་བའི་གནས་སུ་སྐད་ཅིག་ཀྱང་གྱུར་མེད། དེ་བས་ཀྱང་དེ་ལྟ་བུའི་ལོངས་སྤྱོད་བྱས་ནས་མི་ཚེ་ཤ་སྟག་བསྐྱེལ་དགོས་བསམ་པའི་ཀུན་སློང་འཁོར་མྱོང་མེད། སློབ་འབྲིང་དང་སློབ་ཆེན། མཐོ་སློབ་དང་གཙུག་ལག་སློབ་གྲྭ་སོགས་གང་དུ་འགྲོ་འདོད་ནའང་། ཌོ་ལོར་དང་པཾ་ཌུ། ཡུ་རོབ་དང་རྒྱ་གར། ཧིན་སྒོར་དང་བལ་སྒོར་སོགས་ཇི་ཙམ་དགོས་ཀྱང་ཕངས་སེམས་མེད་པར་གྲོན་སོང་གཏོང་མཁན་མེད། གུང་གསེང་གི་དུས་སུ་གནམ་གྲུ་དང་མེ་འཁོར་ལེགས་ཤོས་ནང་དུ་ཕེབས་སྐྱེལ་དང་བསུ་མ་བྱེད་མཁན་ཨ་ཁུ་དང་ཨ་ནེ་མེད་ལ། དེ་བས་སྐུ་དྲག་དང་མི་དྲག བླ་དྲག་དང་སྤྲུལ་གཟུགས་སོགས་ཀྱིས་རྒྱབ་ཏུ་གངས་རིའི་ཕྲེང་བས་བསྒྲེངས་བ་ལྟར། མི་ཤུགས་དང་། རྒྱུ་ཤུགས་སོགས་ཀྱི་ནུས་པ་དེ་བས་མེད། དེའི་ཕྱིར་ཁོང་ནི་གང་ཡང་མེད་པའི་གནས་སྟངས་ཀྱི་ངང་ནས། དེ་དག་ཡོད་མཁན་གྱི་བུ་ཕྲུག་རྣམས་ཀྱི་མདུན་ལམ་དང་། ནུས་ཤུགས་ཡོངས་རྫོགས་ལ་རྡོག་རོལ་བཏང་སྟེ་དམའ་རིམ་ནས་མཐོ་རིམ་བར་དུ་འཕར་བའི་མི་སྣ་ཆེ་ཤོས་ཤིག་ཏུ་གྱུར་པ་དང་། ལྷག་པར་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་ནས། བོད་གཞུང་གི་སློབ་གྲྭ་དང་། བོད་ཁྱིམ་སློབ་གྲྭ རྒྱ་གར་ཤེས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག་ཏུ་གནས་པའི་སློབ་གྲྭ་རྣམས་ཀྱི་ནང་ནས། དེ་སྔོན་རྩད་ནས་ཐོན་མྱོང་མེད་པའི་ཤེས་ལྡན་གྱི་མི་སྣ་ཆེ་ཤོས་ཤིག་དང་། དྲང་བདེན་གྱི་དབུ་ཁྲིད་ཆེ་ཤོས་ཤིག་ཏུ་གྱུར་པ་ཡིན།

    དེ་བས་ཁོང་ནི་གཞོན་སྐྱེའི་སྐབས་ནས། འཇིག་རྟེན་སྲིད་ལུགས་ཀྱི་ཐད་ལ། བྱས་པ་སྔོན་སོང་ཞིག་མེད་ནའང་། མི་ལོ་མང་པོ་ཞིག་ལ་ཆབ་སྲིད་ཀྱི་ལས་ཁུར་བྱས་པའི་དཔྲལ་བ་ཡོངས་རྫོགས་ལ་གཉེར་མ་བརྒྱ་ཕྲག་མང་པོས་བང་ལྟར་བསྒྲིགས་པའི་རྒན་པ་ཚོ་ལས་ཀྱང་། མངོན་གསལ་དོད་པོས་སྙན་གྲགས་ནི། རྒྱ་ནག་སྐམ་སར་གཙོས་པའི་ས་ཕྱོགས་གང་སར་གྱི་ཚགས་ཤོག་དང། བརྙན་འཕྲིན་དང་། རླུང་འཕྲིན། དུས་དེབ་དང་གསར་འགྱུར་སོགས་ནང་མ་བཀོད་པར་ཤོག་ལྷེ་ལྷན་པ་ཙམ་ཡང་ལྷག་མྱོང་མེད་ལ། འཛམ་གླིང་རྒྱལ་ཁབ་མང་པོས་མཐོ་སྒང་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་དང་དམག་དོན་ལ་ཤིན་ཏུ་ནས་སེམས་འཚབ་དང་བལྟོས་དགོས་པའི་རྣམ་པ་ཡོད་པ་བཞིན། རང་བཙན་ཡོད་པའི་རྒྱལ་ཁབ་ཆེན་པོའི་སྲིད་འཛིན་འདེམས་ལུགས་ལྟར། དབུལ་ཕོངས་དང་། ཉམ་ཐག་གི་ཆེད་དུ་ས་ཁུལ་མང་པོ་ཞིག་ལ་དངོས་སུ་གཟིགས་སྐོར་དང་། མི་དམངས་ཀྱི་འདོད་མོས་ལྟར། བགྲོ་གླེང་དང་དོགས་འདྲི། བསམ་ཚུལ་བཅས་བསྡུ་རུབ་བྱས་ཏེ་མི་མང་གི་འོས་བསྡུའི་ལམ་ནས་སྲིད་སྐྱོང་གི་ཁྲིར་འཁོད་པ་སྟེ། དྲང་བདེན་ཅན་གྱི་མི་རྣམས་ཡིད་དགའ་བ་དང་། ཕྲག་དོག་ཅན་གྱི་མི་རྣམས་ཀྱང་བློ་ཕམ་བྱེད་དགོས་པ་སོགས་བྱུང་ཡོད། དེ་ནི་ཁ་ཙམ་དང་ཚིག་ཙམ་གྱི་སྐད་ཆ་མ་ཡིན་པར་གཞི་རིམ་མི་དམངས་ཀྱི་མཁོ་དགོས་དང་། ཕགས་འདུན་བཅས་ལ་ཁ་ཐུག་ལག་ཐུག་གིས་ཕན་པར་བྱེད་འདོད་དེ་མཚོན་ཡོད་ཅིང་། དེ་བས་ཁོང་གི་རྣམ་དཔྱོད་དང་སྤོབས་པ། གཟིག་བརྗིད་དང་དབང་ཐང་། ལྷག་བསམ་དང་དྲང་བདེན། གཏམ་གླེང་དང་རྣམ་འགྱུར། གསར་གཏོད་དང་གཅིག་སྒྲིལ་སོགས་ཀྱང་། མི་ལོ་དྲུག་ཅུའི་ནང་ནས་སྐྱབས་བཅོལ་བོད་མིའི་ནུས་པ་དང་ལེགས་ཆ་གཅིག་ཏུ་བསྡུས་པ་ལྟ་བུའི་ལངས་ཕྱོགས་སོགས་བཟུང་ནས་ཕྱི་རྒྱལ་ཁག་ཏུ་གཟིགས་སྐོར་ཕེབས་པ་ནི། དེ་སྔོན་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་ནས། སྲིན་འབུ་མེ་འཁྱེར་གྱི་ལོ་རྒྱུས་སུ། ཚེས་པ་བཅོ་ལྔའི་ཟླ་བ་ཤར་བ་ལྟར། དགུང་སྔོན་གྱི་དཀྱིལ་དུ་འོད་ཟེར་གྱི་རྣམ་པ་ལྷམ་མེར་གསལ་བཞིན་པ་དེ་ཡང་། འདས་དུས་ཀྱི་བཀའ་ཁྲི་རྣམ་པའི་སྤྱན་སྔ་ལ་རང་ཉིད་ཀྱིས་ལས་ཟིན་པའི་བྱ་བཞག་སྟེ། བཟང་ངན་ཅི་འདྲ་བྱུང་ཡོད་ནའང་དེ་ལ་དྲན་གསོ་གསར་པ་ཞིག་བཏང་ཡོད། དེ་བས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླའི་ན་གཞོན་གྱི་ཁྲོད་ནས་མངོན་གསལ་དོད་པོའི་འཇོན་ཐང་གི་རྒྱལ་ཁ་ཆེ་ཤོས་དེ་ཡིན་ལ། ལྷག་པར་ཁོང་གིས་སྲོལ་འབྱེད་པའི་གསར་གཏོད་གསུམ་གྱི་ལམ་བུ་ནི། དེ་སྔོན་མེས་པོ་རྣམ་པའི་བློ་ངོར་ཤར་ཙམ་ཡང་བྱེད་མྱོང་མེད་པའི་ཧ་ཅང་གིས་གཏིང་ཟབ་དང་། ཤིན་ཏུ་ནས་རྒྱ་ཆེ་བའི་གནས་སྟངས་ཤིག་ཏུ་གྱུར་པས། ལམ་སང་གོ་ཆོག་ཆོག་དང་བཤད་ཆོག་ཆོག་གི་རྣམ་པ་ཞིག་གཏན་ནས་མིན། འདི་ལྟ་བུའི་དོན་ལ། དེང་སང་ནའང་བླ་རྒན་དང་གྲྭ་རྒན་དང་། སྤོ་རྒན་དང་རྨོ་རྒན། ཕོ་རྒན་དང་མོ་རྒན་འགའ་ཞིག་གིས་མི་འདོད་པའི་རྣམ་འགྱུར་གྱིས་བཤད་པ་ལྟར་མ་ཡིན་པར། འཕྲལ་ཕུགས་རྒྱངས་གསུམ་གྱི་སྒོ་ནས་བསམ་གཞིགས་བྱེད་དགོས་པ་ལས། ཡོད་ན་མེད་མདོག་གི་སྐུར་འདེབས་དང་། མེད་ན་ཡོད་མདོག་གི་སྒྲོ་སྐུར་ཞིག་གཏན་ནས་བྱེད་མི་ཉེན། དེའི་ཕྱིར་འདས་ཟིན་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ན། ལོ་རྒྱུས་ལ་ཡིད་སྐྱོ་དགོས་པ་དང་། འབྱུང་འགྱུར་ལ་བློ་འཕམ་དགོས་པའི་བྱུང་བ་སྣ་ཚོགས་ཤིག་ཡོད་པ་དེ་དག་རྒྱུན་མཐུད་འདོད་ནའང་། ལས་ཀ་གསར་གཏོད་དང་། ལམ་བུ་གཅིག་སྒྲིལ། འཚོ་བ་རང་མགོ་རང་ཐོན། དད་ཡུལ་གྱི་ཆོས་ལུགས་རིས་མེད། ཕོ་མོའི་ཐོབ་ཐང་དབྱེར་མེད། ཆོལ་ཁའི་ལུང་ཚན་ཕྱོགས་མེད་ཀྱི་རྒྱལ་མཚན་དཀར་པོ་འདི་ནི། འབྱུང་འགྱུར་བོད་པའི་མདུན་ལམ་གྱི་ཁང་བཟང་ཐོག་ཏུ་བསླངས་པ་འདིས། སྔར་དྲི་ངན་འགོས་པའི་ཚོན་མདངས་སྣ་ཚོགས་ལྡན་པའི་དར་ཆེན་དང་། དར་ཆུང་ཡོངས་རྫོགས་ཕམ་ཉེས་སུ་བཏང་ཡོད། དེའི་ཕྱིར་དུས་རབས་གསར་པའི་བོད་རིགས་སྤུན་ཟླ་ཁྲོད་ནས་སྔར་བྱུང་མྱོང་མེད་པའི་རྒྱལ་ཁ་ཆེ་ཤོས་དེ་གྱུར་ཡོད་ལ། བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་ཀྱང་གནས་སྟངས་དེ་ཤེས་ནས། གུས་བཀུར་དང་རྒྱབ་བྱེད་དོན་ཡང་ཡིན།

    དེས་ན་སྲིད་སྐྱོང་མཆོག་གིས་ཀྱང་རྒན་པ་ཚོའི་ཁ་ཏ་དང་། བསླབ་བྱ་དེ་གཙོས་བོར་མི་འཛིན་པར། རང་ཉིད་ལ་ཕུགས་རྒྱངས་ཡོད་པའི་ལྟ་གྲུབ་དང་། དེང་རབས་ཕྱི་མའི་བོད་ཀྱི་ཁ་ཕྱོགས། མཐོ་སྒང་པའི་ན་གཞོན་གསར་པའི་དགོས་དམིགས་བཅས་ལ་གཟིགས་ནས། འདས་ཟིན་པའི་ལམ་ཤུལ་ཁོ་ན་ལ་ཕྱིར་རྒྱུ་བྱེད་རྒྱུ་དེ་གདམ་མི་རུང་། འབྱུང་འགྱུར་གྱི་ལས་དོན་ལ་མི་རིགས་དང་། རྒྱལ་ཁབ་མང་པོས་གསར་གཏོད་དང་ཁ་ཕྱོགས་འཛིན་པ་བཞིན་དུ། ང་ཚོ་བོད་ཀྱི་ན་གཞོན་རྣམས་ཀྱང་། མི་རིགས་གཞན་གྱི་ཅི་མཚུངས་སུ་འཛམ་གླིང་སྒང་པར་འགྲེང་དགོས་ན། འདས་དུས་ཀྱི་ལམ་ཤུལ་དང་། སྔོན་སོང་གི་ལངས་ཕྱོགས་ཁོ་ན་ལ་འགྲོ་མི་ཉེན། སོང་ཟིན་པའི་གནས་ཚུལ་གང་ཞིག་ཡིན་ནའང་། དེས་ད་ཆར་ང་ཚོ་མིའི་གྲལ་དུ་བསྐྱེལ་ཐུབ་མེད་ལ། འབྱུང་འགྱུར་ཡིན་ནའང་གནས་སྟངས་དེ་དག་གིས། བོད་ཀྱི་བུ་རབས་ཚ་རྒྱུད་རྣམས་དགོས་ས་ཞིག་ལ་དེ་བས་བསྐྱེལ་མི་ཐུབ། དེའི་ཕྱིར་རྒྱལ་ཁབ་རྣམས་ཀྱི་སྲིད་འཛིན་དང་སྲིན་བློན་རྣམས་འདེམས་དུས་སུའང་། ཐོག་མར་འོས་མི་རྣམས་ཀྱིས་རང་ཉིད་ཀྱི་ལངས་ཕྱོགས་གསར་པ་དང་། ལྟ་གྲུབ་གསར་པ་སོགས་བཤད་ནས་དེ་དག་མི་དམངས་ལ་ཤེས་རྟོགས་བྱེད་བཅུགས་ཤིང་། ད་གཟོད་མི་རྣམས་ཀྱིས་འབྱུང་འགྱུར་སོ་སོའི་མི་རིགས་ལ་ཕན་པའི་འོས་མི་དེ་ངོས་ཟིན་ནས། སྲིད་འཛིན་དང་སྲིན་བློ་སོགས་འདེམས་ཀྱི་ཡོད། དེ་མཚུངས་སྲིད་སྐྱོང་མཆོག་ཀྱང་བོད་ཀྱི་བཀའ་བློན་ཁྲིར་འདེམས་རྒྱུ་དེ་ཡང་། ན་གཞོན་གསར་པའི་བསམ་བློ་དང་། དེང་རབས་ཀྱི་ཁ་ཕྱོགས་གསར་པ་སོགས་ཡོད་པར་བསམས་ནས་གདམས་པ་ལས། འདས་པའི་གནས་ཚུལ་མཐའ་དག་རྒྱུན་འཁྱོངས་བྱེད་མཁན་ཞིག་ལ་བརྩིས་ནས་གདམས་མེད། འདས་པའི་དུས་ཀྱི་མི་སྣ་ཕལ་མོ་ཆེ་ནི་ཆོས་ལུགས་ཀྱི་བྱ་བ་ཁོ་ནའི་བྱེད་མཁན་ལྟ་བུ་ཞིག་ལས། ཆབ་སྲིད་ཀྱི་བྱ་བ་གཙང་མ་བྱེད་གཅིག་ཀྱང་མཁན་བྱུང་མེད། མི་རིགས་གང་ཞིག་གིས་ཆོས་ཐག་དང་སྲིད་ཐག་མི་ཆོད་པའི་ལས་དོན་ཅི་ཞིག་བགྱིས་ནའང་། མཐར་ཆོས་མིན་སྲིད་མིན་གྱི་གྲུབ་འབྲས་ཏེ་དོར་ན་མི་རུང་། བླངས་ན་མི་ཕན་པའི་འབྲས་བུ་ས་བོན་མེས་ཚིག་པ་ལྟ་བུ་ཞིག་ལས་མི་འོང་པར་ཐེ་ཚོམ་མེད།
    འདབ་པ་ཚེ་དབང་མགོན་པོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese