མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱ་བ་བཟང་ངན་གང་བྱས་བོད་མིའི་སེམས་ན་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་དྷ་ས་ཉིན་སློབ་ཚོགས་ཁང་དུ
་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐོར་ལ་བགྲོ་གླེང་ཞིག་ཚོགས་པའི་སྟེང་བཀའ་ཤག་གི་གྲོས་སྟོན་པས། ཧོའུ་ཡོ་པང་བོད་དུ་བསླེབས་སྐབས་བོད་རིགས་མི་མང་གིས་དཀའ་སྡུག་མྱངས་ཡོད་པ་དང་བོད་སར་ཡོད་པའི་རྒྱ་མི་ཕྱིར་ལོག་པ། བོད་ཁུལ་གྱི་བྱ་བ་བོད་མིས་བསྒྲུབ་དགོས་ལུགས་བརྗོད་པ་སོགས་ནི། པཎ་ཆེན་རིན་པོ་ཆེ་མཆོག་གི་ཡིག་འབྲུ་ཁྲི་བདུན་གྱི་གྲུབ་འབྲས་ཡིན་སྐོར་གསུངས་སོང་།

 

ཤུགས་ཀྱི་གྲུབ་ཁ་སང་ཕྱི་དྲོ་ཆུ་ཚོད་ ༥།༠༠  པ་ཙམ་ལ་དྷ་ས་ཉིན་སློབ་ཚོགས་ཁང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་དང་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༥ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཏེ། ༼པཎ་ཆེན་སྙིང་སྟོབས། ཡིག་འབྲུ་ཁྲི་བདུན་བསྐྱར་དུ་གླེང་བ།༽ཞེས་པའི་བགྲོ་གླེང་ཞིག་སྐོང་ཚོགས་སོང་། བགྲོ་གླེང་ཐོག་བཀའ་ཤག་གི་གྲོས་སྟོན་པ་ཚེ་རིང་དབང་ཕྱུག་ལགས་དང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་བཅས་ཀྱི་གཙོས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

བགྲོ་གླེང་གི་ཐོག་མར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བསྐྱར་དཔར་དབུ་འབྱེད་དང་སྦྲགས། ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་དཔེ་དེབ་དེ་བསྐྱར་དུ་པར་སྐྲུན་གནང་བའི་དགོས་དམིགས་བརྗོད་དོན། “རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་དང་པོ་བོད་ལ་བཙན་འཛུལ་བྱེད་སྐབས་ག་རེ་བཤད་ཡོད་པ་དང་། དངོས་སུ་ལག་བསྟར་ག་རེ་བྱས་ཡོད་པ་སོགས་ཁ་ཁོག་མི་མཚུངས་བའི་བྱ་སྤྱོད་དེ་དག་གིས། བོད་ལ་ཚད་ལས་བརྒལ་བའི་དོ་ཕོག་དང་གྱོང་གུད་བཟོས་པའི་གནས་སྟངས་དེ་ཚོ་དེབ་འདིའི་ཐོག་གསལ་བོར་བལྟ་རྒྱུ་ཡོད་སྟབས། དེང་སང་ཤེས་སྤྱོད་གཉིས་ལྡན་གྱི་ཐོག་ནས་བོད་རིགས་གཞོན་སྐྱེས་མང་པོ་ཞིག་སྤྱི་ཚོགས་ནང་སླེབ་བཞིན་པ་དེ་ཚོར་་པཎ་ཆེན་རིན་པོ་ཆེས་བོད་མི་རིགས་དང་རྒྱལ་ཁབ་ཆེད་སྐུ་ངལ་ག་ཚོད་བསྐྱོན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མིར་སྡུག་སྦྱོང་ཅི་ཙམ་བཏང་ཡོད་པའི་ཐོག་ཉམས་ཞིབ་གནང་བའི་ཆེད་དུ་ཡིན། ”ཞེས་བརྗོད་སོང་།

 

དེའི་རྗེས་ཚེ་རིང་དབང་ཕྱུག་ལགས་ཀྱིས་༼༧པཎ་ཆེན་སྐུ་གོང་མའི་བོད་ཁུལ་རང་སྐྱོང་དང་དབུ་མའི་ལམ་གྱི་མིང་དོན་མཚུངས་པའི་རང་སྐྱོང་རྩོད་སྟངས་བསྡུར་དཔྱད།༽ཞེས་པའི་བརྗོད་གཞིའི་ཐོག་བརྗོད་དོན། “པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་དུས་དང་། བཙན་བྱོལ་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་བའི་ལོ་དུས་བར་ཕལ་ཆེར་ལོ་ ༣༠ ལྷག་གི་ཁྱད་པར་ཡོད་པ་རེད། ཡིན་ནའང་། དགོས་འདུན་དང་དམིགས་ཡུལ་གྱི་ཆ་ནས་གཅིག་མཚུངས་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། དབུ་མའི་ལམ་གྱི་དགོས་འདུན་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཀྱི་ཡོད་གསུངས་ཡོད་པ་དང་། དེ་བཞིན།  ཡིག་འབྲུ་ཁྲི་བདུན་གྱི་ནང་དོན་གཙོ་བོའང་བོད་མི་མང་ལ་བརྡབ་གསིག་དང་དཀའ་ངལ་མི་བཟོ་པར་འཚོ་བ་ཡག་པོ་སྐྱེལ་འཇུག་དགོས་པ་དེ་རེད། སྤྱིར་བཏང་ཡིག་འབྲུ་ཁྲི་བདུན་ལ་དམིགས་བསལ་གྱི་གྲུབ་འབྲས་ཐོན་མེད་ནའང་། ཧོའུ་ཡོ་པང་བོད་དུ་བསླེབས་སྐབས་བོད་རིགས་མི་མང་གིས་དཀའ་སྡུག་མྱངས་ཡོད་པ་དང་བོད་སར་ཡོད་པའི་རྒྱ་མི་ཕྱིར་ལོག་པ། བོད་ཁུལ་གྱི་བྱ་བ་བོད་མིས་བསྒྲུབ་དགོས་ལུགས་བརྗོད་པ་སོགས་ཤུགས་ཀྱི་གྲུབ་འབྲས་གང་ལ་གང་འཚམ་ཐོན་ཡོད་ལ། དེ་བཞིན་དབུ་མའི་ལམ་ལའང་ད་ལྟའི་ཆར་གྲུབ་འབྲས་ཐོན་མེད་ཀྱང་། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་གིས་ལྟ་བ་མཁྲེགས་བཟུང་བྱས་ཡོད་པ་དང་བོད་པར་བདེན་པ་ཡོད་པ་ར་འཕྲོད་ཡོད་པ་རེད། ”ཅེས་བརྗོད་སོང་།

 

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་༼བོད་ལ་ངོ་མ་འཕྲོད་པའི་༸པན་ཆེན་མཆོག་གི་མཛད་པ་ཁག༽ཞེས་པའི་ ཐོག་ “པཎ་ཆེན་རིན་པོ་ཆེ་ནས་ཁྱེད་ཀྱིས་བྱ་བ་བཟང་པོ་ཞིག་བསྒྲུབ་ན་མི་མང་གི་སེམས་ན་ཡོད་ལ། བྱ་བ་ངན་པ་ཞིག་བསྒྲུབ་ནའང་མི་མང་གི་སེམས་སུ་ཡོད་པ་རེད་ཅེས་སྡོམ་ཚིག་བཀོད་ཡོད་པ་རེད། ང་ཚོ་ལྟ་བུ་སྡིངས་ཆ་དང་ལས་གནས་ཤིག་གི་ཐོག་ཡོད་མཁན་དང་། བགྲོ་གླེང་གོ་སྒྲིག་པ་རྣམ་པ་ཡང་སྤྱི་ཚོགས་ལ་སྣེ་ཁྲིད་མཁན་ཡིན་སྟབས། པཎ་ཆེན་རིན་པོ་ཆེའི་བསླབ་བྱ་དེ་གཞི་ལ་བཞག་ནས་བོད་བསྟན་པ་ཆབ་སྲིད་དང་རྒྱལ་ཁབ། མི་རིགས་ཀྱི་ཆེད་དུ་བྱ་བ་བཟང་པོ་ཞིག་བསྒྲུབ་པ་ཡིན་ན། བོད་རྒྱ་ཆེའི་མང་ཚོགས་ཀྱིས་ཤེས་ཀྱི་ཡོད་ལ། ངན་པ་ཞིག་བསྒྲུབ་པ་ཡིན་ནའང་ཤེས་ཀྱི་ཡོད་པ་གཞིར་བཞག་གིས་འགན་ཁུར་དགོས་པ་གལ་ཆེན་པོ་རེད། ”ཅེས་བརྗོད་སོང་།

 

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་༼གལ་སྲིད་༸པཎ་ཆེན་ཆུང་སྲིད་མཆོག་བཞུགས་མེད་ན་ག་རེ་བྱེད་ཀ༽ཞེས་པའི་བརྗོད་གཞི་དང་འབྲེལ་ནས་བརྗོད་དོན། “པཎ་ཆེན་རིན་པོ་ཆེ་ལྟ་བུའི་མི་སྣ་རླབས་ཆེན་ཞིག་ང་ཚོའི་སྤྱི་ཚོགས་ནང་བྱུང་མ་མྱོང་བའི་གནས་སྟངས་ཤིག་རེད། ཁོང་ལ་རྒྱ་ནག་གཞུང་གིས་མནར་གཅོད་མང་པོ་བཏང་ཡོད་པ་དང་། དེའི་སྔོན་ལ་བོད་ལ་ཛ་དྲག་གི་གནས་སྟངས་མང་པོ་བྱུང་ཡོད་པ་དེ་ཚོའི་གནས་སྟངས་ལ་བརྟེན་ནས་པཎ་ཆེན་རིན་པོ་ཆེའི་སྙིང་སྟོབས་དེའང་ལྷོད་ལྷོད་བྱས་ཏེ་ཁ་རྒྱགས་པ་བཤད་ནས་བྱུང་བ་ཞིག་རྩ་བ་ནས་མ་རེད། དཀའ་སྡུག་ཆེན་པོ་ཞིག་གི་ནང་གདོང་ལེན་མང་པོ་ཞིག་བྱེད་དགོས་པའི་སྐབས་སུ། པཎ་ཆེན་རིན་པོ་ཆེས་གདོང་ལེན་གནང་སྟངས་དེ་དངོས་གནས་གཞལ་དུ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་སྟབས། སྐུ་གོང་མའི་མཛད་པ་འཕྲིན་ལས་དེ་ཚོ་བོད་མི་རིགས་ཀྱི་ཆེད་དུ་འབད་བརྩོན་གནང་བ་དང་དེ་ལ་བརྟེན་ནས་དཀའ་ངལ་མང་པོ་ཞིག་མྱངས་བསྡད་པ་རེད་མ་གཏོགས། པཎ་ཆེན་རིན་པོ་ཆེ་ལྟ་བུའི་མཚན་དང་གོ་གནས་ཡོད་པའི་མི་སྣ་ཞིག་གིས། སོ་སོ་སྒེར་གྱི་དོན་དག་བསྒྲུབ་བསྡད་པ་ཡིན་ན། སྐྱིད་པོ་དང་ལྷོད་པོ་བྱས་ནས་མི་ཚེ་སྐྱེལ་རྒྱུ་བྱུང་ཡོད་པ་བརྒྱ་ཆ་བརྒྱ་ཐམ་པ་རེད། ”ཅེས་བརྗོད་སོང་། 

 

གསར་འགོད་པ། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༧ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༩ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༡༣ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

མཆན། 1

  1. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    ད་འདི་ལྟར་བསྟས་ཡོང་དུས་བཙན་བྱོལ་ལ་ཡོད་མཁན་ཚོས་ཐབས་བརྒྱ་ཅུས་སྟོང་གི་ང་ཚོའི་རླབས་ཆེན་མི་སྣ་རྣམས་རེ་རེ་བྱས་ནས་ནག་པོ་བཟོ་གི་འདུག ཁ་སང་ཕུན་དབང་མཆོག དེ་རིང་པན་ཆེན་མཆོག་དང་དབུ་མའི་ལམ་་་་་་་་་་་།
    ཁ་རྒྱུན་ལ་བསྟོད་མི་ཤེས་པའི་བསྟོད་པ་ལས་སྨོད་མི་ཤེས་མཁན་གྱི་སྨད་པ་དགའ་ཞེས་པ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese