མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིའི་ལྕཊ་རི་དང་ནང་གི་ནོར་བུ་ལྟ་བུའི་༸གོང་ས་མཆོག་གི་བཀའ་བསྒྲུབ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་བོད་མིའི་གཞིས་སྒར་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དབུ་འཛུགས་གནང་ཡོད་ཅིང་། ཐེངས་འདིར་ཚོགས་པའི་ལས་དོན་དང་སྐབས་རྗེས་མའི་བཀའ་སྤྱིའི་འོས་བསྡུར་བགྲོ་གླེང་གཏན་འབེབས་བྱ་རྒྱུ་ཡིན་ཚུལ་ངོ་སྤྲོད་གནང་སོང་།

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་གྲངས་ ༢༥ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་ཏེ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བཞི་པ་རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་གྱི་ཁྱབ་ཁོངས་བོད་མིའི་གཞིས་སྒར་བདེ་སྐྱིད་གླིང་མི་མང་ཚོགས་ཁང་དུ་ཚོགས་མགོ་བརྩམས་ཡོད་པ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་དང་དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་སྐུ་ཚབ་ཡེ་ཤེས་བསྟན་འཛིན། དེ་མིན་མང་གཙོ་ཚོགས་པའི་ས་གནས་ ༡༦ གི་ཚོགས་གཙོ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་མི་ ༢༠༠ ལྷག་འཛོམས་ཡོད་འདུག

ཚོགས་ཆེན་གྱི་གྲོས་གཞི་ཁག་ནི་ཚོགས་པའི་འཛིན་སྐྱོང་ལས་དོན་དང་དམིགས་ཡུལ། སྐབས་རྗེས་མའི་བཀའ་སྤྱིའི་འོས་གཞི་འདོན་ཕྱོགས་བཅས་ཀྱི་ཐོག་ལ་བགྲོ་གླེང་དང་གྲོས་ཆོད་གཏན་འབེབས་བྱ་རྒྱུ་ཡིན་འདུག

གནས་ཚུལ་ནང་བཀོད་དོན་ལྟར་ན། ཐེངས་འདིར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་༧པཎ་ཆེན་སྐུ་གོང་མས་རྒྱ་ནག་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ་སོགས་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐད་ནས་ཐུགས་འགན་ཧ་ཅང་ཆེན་པོ་བཞེས་ཡོད། བོད་ཀྱི་དཀའ་ངལ་དེ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་ཡིན་དུས། རྒྱ་ནག་གིས་འབུ་ཆེས་ཆུང་ཟོས་ཀྱི་ཐབས་ཇུས་འོག་བོད་གཞིས་བྱེས་ཁ་བྲལ་དང་རྒྱལ་བ་ཡབ་སྲས་ཁ་བྲལ་གྱིས་ལས་འགུལ་ངོ་མ་བརྩམས་པ་དང་། དྲག་པོའི་ཁྲིམས་གཞི་བསྡམས་ཏེ་དགོན་སྡེ་དང་རིག་གཞུང་རྩ་མེད་བྱ་བའི་ལས་འགུལ་དངོས་སུ་སྤེལ་བཞིན་ཡོད། རྒྱ་ནག་གི་དམིགས་ཡུལ་ལྟར་དམ་དྲག་གི་ཁོ་ནས་འོག་ཏུ་བོད་མིའི་སེམས་ཤུགས་དུས་ནམ་ཡང་གཅོག་མི་ཐུབ་པ་ཤིན་ཏུ་གསལ་བོ་རེད།

གཞན་ཡང་བོད་ནང་ནས་བོད་དོན་ཆེད་རང་ལུས་མེར་སྒྲོན་ཏེ་རྒྱ་ནག་ལ་ངོ་རྒོལ་བྱེད་པ་དང་དེ་འབྲེལ་གྱི་གསར་འགྱུར་མཁོ་སྤྲོད་བྱེད་པ་སོགས་རང་སྲོག་འབེན་ལ་བཙུགས་ནས་བོད་དོན་སྒྲུབ་བཞིན་པ་རེད། ང་ཚོ་ཕྱི་ཕྱོགས་སུ་གནས་པའི་བོད་མི་རྣམས་ཀྱིས་ཀྱང་། ཕྱིའི་ལྕགས་རི་དང་ནང་གི་ནོར་བུ་ལྟ་བུའི་༸གོང་ས་ཡིད་བཞིན་ནོར་བུའི་བཀའ་བསྒྲུབ་རྒྱུ་དང་། ཁོང་གིས་མི་མང་ལ་གསོལ་རས་བསྩལ་བའི་བོད་ཀྱི་དམངས་གཙོ་ཡར་རྒྱས་དང་མི་མང་རང་རང་གིས་འགན་ཁྱེར་ཏེ་སོ་སོའི་རྐང་པའི་ཐོག་ལང་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བོད་ཀྱི་དམངས་གཙོའི་ཐོག་ལས་འགན་ཁྱེར་བཞིན་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་འདིའང་ཕྱི་ལོ་ ༡༩༩༤ ལོར་༸གོང་ས་མཆོག་གི་བཀའ་དགོངས་འོག་ཆེད་དུ་བཙུགས་གནང་བ་ཞིག་རེད། དམངས་གཙོའི་ལྟ་གྲུབ་དང་མཐུན་པའི་སྒྲིག་འཛུགས་འདི་བོད་མི་ཡོངས་ལ་དབང་བ་ཞིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ནི། ཆོལ་ཁ་དང་ལུང་ཚན། ལས་རིགས་དང་ཕོ་མོ་དབྱེར་མེད་ཀྱི་ཚོགས་པ་ཤིན་ཏུ་རྩ་ཆེན་ཞིག་ཏུ་གྱུར་ཡོད། མི་ཚང་མའི་འདོད་པ་སྐོང་ཐུབ་རྒྱུ་ཁག་པོ་རེད། འོན་ཀྱང་། སྐྱོན་བརྗོད་བྱེད་ངེས་ཚོས་ཀྱང་གང་ཟག་གི་ངོ་བོ་ལ་མ་བལྟས་པར་ལས་དོན་གྱི་ཐོག་ནས་སྐྱོན་བརྗོད་དང་སྐྱོང་སངས་བྱ་རྒྱུ་དེ་དངོས་ཡོད་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད། ཅེས་བཀའ་གནང་སོང་།  

མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་གསུང་བཤད་གནང་དོན། ཚང་མས་མཁྱེན་གསལ་ལྟར། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བཞིན་འཛམ་གླིང་སྤྱིའི་མང་གཙོའི་ལམ་སྲོལ་ལྟར་བོད་ཀྱི་མང་གཙོ་དར་སྤེལ་དང་རྒྱུན་འཛིན་གཙོ་བོར་དམིགས་ཏེ་སྲིད་དོན་ཚོགས་པ་ཞིག་གི་ངོ་བོར་ཆེད་འཛུགས་བྱས་པ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་དང་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་འགྲོ་ལུགས་ཀྱི་སྲིད་དོན་ཚོགས་པ་གཅིག་པུ་ཞིག་ཡོད་པའང་ཚོགས་པ་འདི་ཉིད་ཆགས་ཡོད། ལོ་ངོ་ཉི་ཤུ་མ་ཟིན་ཙམ་གྱི་རིང་བཙན་བྱོལ་ནང་ཚོགས་པའི་ནུས་པ་དཔག་པའི་དམངས་གཙོའི་གོ་རྟོགས་སྤེལ་བ་སོགས་ཀྱིས་མཚོན། སྤྱི་ཚོགས་ཀྱི་བསམ་བློའི་སྣེ་ཁྲིད་མི་ཉུང་བ་ཞུས་ཡོད་ཅིང་། ལྷག་པར་བཀའ་སྤྱིའི་འོས་བསྡུའི་སྐབས་སྔ་ཕྱིར་འོས་མི་ལམ་སྟོན་སོགས་ཀྱི་ལམ་འགུལ་ལ་འགན་ཁུར་ཆེན་པོ་བླངས་ཏེ། དེ་ནི་བོད་ཀྱི་མ་འོངས་མི་རབས་ཀྱི་སེམས་ཤུགས་འཕེལ་བའི་རྐྱེན་རྩ་ནུས་ལྡན་ཞིག་ཏུ་གྱུར་ཡོད་པར་ཡིད་ཆེས་གཙང་མ་ཞུ་བཞིན་ཡོད། ཚོགས་པའི་གཞི་རྩའི་དམིགས་ཡུལ་ལྟར་བོད་ཀྱི་དམངས་གཙོ་དེ་ནི། ༸གོང་ས་ཡིད་བཞིན་ནོར་བུའི་བཀའ་དགོངས་དང་བོད་མི་མང་གི་རེ་འདོད། གངས་ལྗོངས་སྲུང་སྐྱོབ་དང་བོད་ཀྱི་བདེན་དོན་འཐབ་རྩོད། བོད་མི་མང་གི་མ་འོངས་པའི་དམིགས་ཡུལ་བཅས་ཀྱི་ཐད། ཤིན་ཏུ་དགོས་མཁོ་ཆེ་བའི་ལམ་ལུགས་ཤིག་ཏུ་ངོས་འཛིན་གསལ་པོ་ཡོད་པའི་ཐོག ཚོགས་པ་འདི་བཙུགས་ནས་ལོ་ངོ་ཉི་ཤུའི་རྗེས་ཏེ། དུས་ད་ལྟའང་བོད་ཀྱི་མང་གཙོ་ཡར་རྒྱས་དང་རྒྱུན་འཛིན་བཅས་ལ་སྨན་པའི་ལས་དོན་ཇི་སྙེད་ཅིག་བསྒྲུབས་དང་སྒྲུབ་མུས་ཡིན། ཞེས་སོགས་བརྗོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 2

  1. བསྟན་འཛིན། says:
    ལོ་ 12 སྔོན།

    བོད་ཀྱི་རྒྱལ་ཡོངས་ཟེར་བ་ཅི་ཡིན་ནམ།  དེང་སང་བཙན་བྱོལ་ཁྲོད་འདི་འདྲ་རྐྱང་རྐྱང་འབྲི་བཞིན་འདུག  

    Reply
  2. ཨ་མའི་བུ། says:
    ལོ་ 12 སྔོན།

    དངོས་གནས་མང་གཙོ་ཚོགས་པ་དེས་བཙན་འབྱོལ་ནང་དུ་མིང་དོན་མཚུངས་པའི་ལས་ཀ་གནད་ལ་འཁེལ་བ་གྲངས་མེད་གནང་སོང་། སྒྲུབ་འབྲས་ཐོབ་པ་ཡང་གྲངས་མེད་བྱུང་འདུག སླད་ཕྱིན་མང་གཙོ་ཚོགས་པ་ཡར་རྒྱས་ཡོང་བའི་སྨོན་ལམ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese