མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་གིས་ངོ་རྒོལ་སྐད་འབོད་བྱས།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་གནས་ཚུལ་འབྱོར་བར། དེ་རིང་བོད་ནང་གི་ཆུ་ཚོད་༢།༣༠ ཙམ་ལ་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༩ ཡིན་པའི་གྲྭ་བློ་བཟང་བསྟན་པ་ལགས་ཀྱིས་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་། ལག་ཏུ་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ཏེ། རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་གོམ་བགྲོད་བྱས་འདུག་ཅིང་། སྐར་མ་ཁ་ཤས་ལས་མ་འགོར་བར་སྔ་ས་ནས་གྲ་སྒྲིག་བྱས་ཡོད་པའི་ཉེན་རྟོག་དམག་མི་ཐོན་ཏེ་ཁོང་བཙན་ཁྲིད་བྱས་ཡོད་འདུག


དེའི་རྗེས་ཀྱི་གནས་ཚུལ་དང་སྐད་འབོད་ཀྱི་ནང་དོན་སོགས
་ད་སྔ་ཤེས་རྟོགས་ཐུབ་མེད་པ་དང་། ཁོང་ནི་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཕ་ངག་ཆུང་དང་མ་སྒྲོལ་མ་ཆོས་ཁོ་གཉིས་ཀྱི་བུ་ཆུང་བ་ཡིན་པ་དང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་དེང་སྐབས་རྔ་པ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭའི་འཛིན་གྲྭ་དགུ་བ་ཡིན་འདུག ཁོང་ལ་མ་གཅིག་གི་སྤུན་རྒན་པ་གྲྭ་པ་གཉིས་ཡོད་པའི་གཅིག་དེང་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་སློབ་གཉེར་གནང་བཞིན་ཡོད་ལ། གཅིག་རྔ་པ་ཀིརྟི་དགོན་པའི་ནང་དུ་ཡོད་འདུག


དེང་སྐབས་ཀྱི་རྔ་
པ་ནི་སྔར་བཞིན་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་བརྒྱ་ཕྲག་མང་པོས་གོམ་པ་གང་གི་རྒྱབ་ལོགས་ན་དྲག་གནོན་བྱེད་ཆོག་ཆོག་གི་གྲ་སྒྲིག་བྱས་ནས་ཡོད་པའི་དམ་དྲག་གི་འོག་ཏུ་ཡོད་ཅིང་། ནམ་རྒྱུན་ཞི་བའི་མི་མང་ལ་མེ་མདའ་ཁ་གཏད་ནས་ཡོད་པའི་ཉེན་རྟོག་དམག་དཔུང་གི་སྐོར་སྲུང་དང་། བརྙན་ལེན་འཕྲུལ་ཆས་ཧ་ཅང་མང་པོས་ག་ས་གང་དུ་ཁེབ་པར་བྱས་པའི་གནས་སྟངས་ཧ་ཅང་སྡུག་པོ་ཞིག་གི་འོག་ལ་ཡོད་འདུག

གནས་ཚུལ་གཏོང་མཁན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཡིན།

 

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༩ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 5

  1. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    ཚོར་ཤུགས་དྲག་པོས་གསོལ་བ་འདེབས་དོན། ཞི་བདེ་དང་དྲང་བདེན་ལ་དགའ་བའི་ལྷ་མི་ཀུན་གྱིས་སྐུ་ཞབས་ཁོང་ལ་བར་ཆད་མེད་པ་དང་། ཁོང་གི་བསམ་དོན་གྲུབ་པའི་གྲོགས་དང་འཕྲིན་ལས་མཛད་རོགས།

    Reply
  2. ལྷ་་སྤྱན་གསུམ་པ says:
    ལོ་ 12 སྔོན།

    སྙིང་སྟོབས་ཅན་གྱི་དཔའ་བོ་དག། རིམ་བཞིན་གཟི་བརྗིད་ཀྱིས་འདི་ལྟར་བྱོན་ན། ཕང་སེམས་ཀྱི་ན་ཟུག་ཤིན་ཏུ་ཆེ་ཡང་། ང་ཚོའི་མི་རིགས་འདིའི་གནད་དོན་འདི། ལས་དོན་གནད་ཆེན་ཞིག་ཡིན་པས། བྱས་རྗེས་འདི་འདྲ་མེད་ན། ནམ་ཞིག་ལ་སུ་ཞིག་གིས་རང་དབང་སྤྲོད་སྲིད། དཔའ་བོ་ལགས། ཐུགས་རྗེ་ཆེ།

    Reply
  3. བཙན་པོའི་བུ། says:
    ལོ་ 12 སྔོན།

    གྲྭ་བ་ཁོང་གིས་སྙིང་སྟོབས་དང་ལྷག་བསམ་ལ་གུས་ཞབས་འབུལ། དཔའ་བོ་ཁོང་གིས་ལམ་སྟོན་ལྟར། བོད་ཕྱི་གཉིས་ནས་ཞི་བའི་ཡར་ལང་སྔར་ལས་ཆེ་རུ་བཏང་ན་རྒྱ་གཞུང་ནས་ཀྱང་འགོག་ཐུབ་རྒྱུ་ཕྱོགས་གང་ལ་བལྟས་ན་བཀའ་མོ་རེད། གནས་སྐབས་སུ་རང་སྲོག་གཏོང་བ་ལྟ་བུའི་ཞི་རྒོལ་མ་གནང་ན་སྙམ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ལས་འགུལ་འདི་གཉིས་སྨན་དབུ་མའི་ལམ་གྱི་གྲོས་མོལ་བར་ཆད་བྱེད་སྲིད་པ་རེད། བྱུང་ན་གནས་ཚུལ་འདི་རིགས་མ་ལྷག་ན་ཡག་ག་ཡོད་རེད། འོནད་ཀྱང་། རང་ལུས་མེར་སྲེག་མ་བཏང་བར་ལས་འགུལ་འདི་ལྟ་བུ་བྱས་ནས་བཙོལ་ལ་། འགྲོ་ན་སྤྱི་དོན་ལ་ཕན་ཐོགས་ཆེན་པོ་འོངས་ངེས་རེད།

    Reply
  5. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    སྙིང་རྗེ་ད་ཁོང་གི་མནར་གཅོད་ཚད་མེད་མྱོང་གི་ཡོད་པ་རེད། ལས་འགུལ་འདི་ཙམ་ལ་ན་གཞོན་ཁོང་གི་སྲོག་ཤོར་ན་ཕངས་པོ་རེད། ང་ཚོ་ལ་བོད་མི་གཅིག་གི་སྲོག་གལ་ཆེན་པོ་རེད་མ་གཏོགས་ལས་འགུལ་འདི་དང་འདི་འདྲ་ཙམ་སྤེལ་པ་དགོས་པ་ཆེན་པོ་མཐོང་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese