མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མ་ལྷོ་ཀོ་རི་ཡར་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨོ་བྷ་མ་ལྷོ་ཀོ་རི་ཡར་གཟིགས་སྐོར་གནང་བ་དང་འབྲེལ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་འཆར་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་འདུག

ཨོ་བྷ་མའི་ཉིན་བརྒྱད་རིང་གི་ཨེ་ཤ་ཡའི་མཐུན་གྲོགས་རྒྱལ་ཁབ་བཞིའི་ནང་སྐོར་སྐྱོད་གནང་གི་ཡོད་པ་ལྟར། དེ་རིང་ལྷོ་ཀོ་རི་ཡའི་ནང་སྐོར་སྐྱོད་མགོ་ཚུགས་གནང་ཡོད་ཅིང་། ཨོ་བྷ་མས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་སྐུ་པག་གྷེན་ཧེ་ (Park Geun-hye)ལགས་དང་ཐུག་འཕྲད་གནང་སྟེ། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཐོན་བཞི་པ་ཚོད་ལྟ་བྱ་འཆར་ཡོད་པ་དེར་གདོང་ལེན་དང་། ཨ་རིའི་དམག་དཔུང་མུ་མཐུད་ལྷོ་ཀོ་རི་ཡའི་ནང་གཏན་སྡོད་བྱེད་ཕྱོགས། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་རྩོད་ལེན་ལ་ཁ་གཏད་གཅོག་ཐབས། ཨ་རི་དང་ཚོང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་ཡོད་པ་མ་ཟད། ཉེ་ཆར་ལྷོ་ཀོ་རི་ཡའི་མཚོ་གྲུ་འགྱེལ་ཏེ་མི་མང་པོ་རྐྱེན་ལམ་དུ་ཕྱིན་པར་ཐུགས་གསོའི་འཚམས་འདྲི་ཡང་ཞུས་ཡོད་འདུག

ཨོ་བྷ་མས་བརྗོད་དོན། “ ལྷོ་ཀོ་རི་ཡ་ནི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཅིག་དང་གྲོགས་པོ་ཞིག་ཡིན་སྟབས། ངས་ནང་མི་དང་མི་མང་ཚོའི་ཚབ་ཞུས་ཏེ་གྲུ་གཟིངས་འགྱེལ་ཏེ་འདས་གྲོངས་སུ་གྱུར་བའི་བུ་ཕྲུག་གི་ཕ་མ་དག་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།” ཅེས་དང་། ཞི་བདེ་རྒྱ་མཚོའི་བདག་དབང་གི་དཀའ་རྙོག་དེ་རྒྱ་ནག་དང་འབྲེལ་བ་ཆགས་ཡོད་སྟབས། རྒྱ་ནག་གིས་ཞི་མོལ་བརྒྱུད་ནས་འགྲིག་འཇགས་ཡོང་ཐབས་བྱ་དགོས་པ་དང་། བྱང་ལྷོ་ཀོ་རི་ཡས་ལོ་མང་རིང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་བརྩམས་དང་རྩོམ་བཞིན་ཡོད་པར། ཨ་རིས་རྒྱལ་སྤྱིའི་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

བྱང་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གིས། ཨོ་བྷ་མའི་སྐོར་སྐྱོད་དེ་ཨེ་ཤ་ཡའི་མངའ་ཁུལ་ནང་ཨ་རིའི་དམག་དོན་སྟོབས་ཤུགས་རྒྱ་སྐྱེད་གཏོང་ཐབས་ཤིག་ཡིན་སྟབས། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨ་རིའི་ངོ་སྲུང་སྲིད་ཇུས་ལ་མགོ་བསྒུར་དགོས་དོན་མེད་སྐོར་བརྗོད་འདུག  

ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་སྐུ་པག་གྷེན་ཧེ་ཡིས། སྲིད་འཛིན་ཨོ་བྷ་མའི་གདུང་སེམས་མཉམ་སྐྱེད་ཀྱི་འཚམས་འདྲི་འདིས། ལྷོ་ཀོ་རི་ཡའི་མང་ཚོགས་ཚོར་རྩ་ཆེའི་བློ་སྟོབས་ཤིག་སྦྱིན་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་འགྲོ་རྒྱུ་མ་ཟད། ཞི་བདེ་རྒྱ་མཚོའི་བདག་དབང་རྩོད་ལེན་ཐད་འཕྱར་གྲུ་མཉམ་འདེགས་བྱས་ཏེ་བཙན་རྒྱལ་རིང་ལུགས་དག་ལ་འགོག་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

བྱང་ཀོ་རི་ཡས་ ༢༠༠༦ དང་ ༢༠༠༩། ༢༠༡༣ བཅས་ལོ་གསུམ་ནང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ཏེ། ཨེ་ཤ་ཡ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོབ་ལ་འཇིགས་སྣང་སྐུལ་ཡོད་སྟབས། ཨ་རི་གཙོས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། མ་འོངས་པར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ཚེ་རྒྱལ་ཁབ་ཁག་གིས་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས་ཡོད།

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱི་ཀོ་རི་ཡའི་གནད་དོན་ཆེད་མཁས་པ་ལེའུ་ནི་ཌི་པེ་ཌོར་(Leonid Petrov) ལགས་ཀྱིས། “ངའི་བསམ་པར། བྱང་ཀོ་རི་ཡའི་ངོས་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལྷོ་ཀོ་རི་ཡའི་ནང་སྐོར་སྐྱོད་གནང་བ་དང་བསྟུན་ཏེ་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་མིན་གང་ལྟར་ཡང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་རྦད་དེ་ཕྱིར་འཐེན་བྱེད་མི་སྲིད།” ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། སྲིད་འཛིན་ཨོ་བྷ་མའི་ཨེ་ཤ་ཡའི་སྐོར་སྐྱོད་དེ་ནི། རྒྱ་ནག་དང་བྱང་ཀོ་རི་ཡར་ཆབ་སྲིད་ཀྱི་རྣམ་འགྱུར་ཞིག་ཡིན་ཡང་། ཨེ་ཤ་ཡའི་མངའ་ཁུལ་ལ་ཨ་རིའི་སྟོབས་ཤུགས་བསླེབ་ཆེད་ཡིན་སྟབས། མ་འོངས་པར་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་། རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་བར་དབང་ཆའི་འཐབ་རྩོད་ཤུགས་ཆེ་རུ་འགྲོ་སྲིད་སྐོར་བརྗོད་འདུག

༢༠༡༣ ལོར་ལྕམ་སྐུ་པག་གྷེན་ཧེ་ལགས་ལྷོ་ཀོ་རི་ཡའི་སྲིད་འཛིན་ཆགས་རྗེས། ཁོ་མོས་ལྷོ་བྱང་ཀོ་རིའི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་ནི་གལ་ཆེན་ཞིག་ཏུ་རྩིས་ཏེ། བྱང་ཀོ་རི་ཡ་ལྷོ་ཀོ་རི་ཡའི་མཐུན་གྲོགས་རྒྱལ་ཁབ་ཡག་པོ་ཞིག་ཆགས་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བསྒྲགས་ཀྱང་། ད་ལྟ་ལྷོ་བྱང་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་འདུག

སང་ཉིན་སྲིད་འཛིན་ཨོ་བྷ་མ་ལྷོ་ཀོ་རི་ཡའི་མངའ་ཁུལ་ནང་ཡོད་པའི་ཨ་རིའི་དམག་མི་ ༢༨༥༠༠ གི་ས་ཚིགས་ཁག་ཅིག་ནང་འཚམས་གཟིགས་དང་འབྲེལ། དེ་རྗེས་མཱ་ལེ་ཤི་ཡ་དང་ཧྥི་ལེ་ཕིན་ནང་ཕེབས་འཆར་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༠ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese