མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིཊ་ཆོས་ལུཊ་འདྲ་མིན་གྱི་གཞོན་སྐྱེས་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༢༤ ནས་ ༢༧ ཉིན་བར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ། སྤྱི་དམངས་ནུས་སྟོབས་ཚོགས་པ་འགན་འཛིན་ཡང་ཅིས་ལིས་གོ་སྒྲིག་བྱས་པའི་སྐབས་ ༩ པའི་མི་རིགས་དང་ཆོས་ལུགས་མི་འདྲ་བའི་གཞོན་སྐྱེས་ཚོགས་འདུ་དེ་ཚོགས་ཡོད་ཅིང་། ཚོགས་འདུ་དེར་བོད་དང་སོག་པོ། ཡུར་གུར། རྒྱ་ནག་སྐམ་ས་ཆེན་མོ། ཕྱི་སྡོད་རྒྱ་རིགས་དང་། ཧུང་ཀོང་སོགས་མི་རིགས་དང་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ ༧༠ ཙམ་མཉམ་ཞུགས་བྱས་ཡོད་འདུག

ཚོགས་འདུའི་སྟེང་ཐབས་ཇུས་པ་དང་རྩོམ་པ་པོ།  བརྒྱུད་ལམ་འཐབ་རྩོད་པ། ཁྲིམས་རྩོད་པ་བཅས་ཐུན་མོང་གི་སྟོབས་ཤུགས་བསྐྱེད་དེ་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་འགྱུར་བ་གཏོང་རྒྱུར་འབད་འཐབ་ཇི་ལྟར་དགོས་མིན་ལ་གྲོས་བསྡུར་བྱས་ཡོད་པ་དང་། རྒྱ་ནག་དམར་ཤོག་གིས་བཙན་གནོན་དབང་སྒྱུར་བྱེད་ཀྱིན་པའི་བོད་དང་ཡུ་གུར་སོག་པོ་སོགས་ཀྱི་དཀའ་སྡུག་སེལ་ཐབས་ལས་འགུལ་ཅི་ཞིག་སྤེལ་དགོས་མིན་བཅས་ལ་ཕན་ཚུན་བསམ་ཚུལ་སྤེལ་རེས་བྱས་ཡོད་འདུག

ཚོགས་འདུ་དབུ་འཛུགས་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་ཚོགས་འདུ་འདིའི་ཡི་ཐོག་ལ་གསུངས་འཕྲིན་ཕེབས་ཡོད་པའི་ནང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཁྲིམས་ཀྱི་དབང་བསྒྱུར་སོགས་ཧ་ཅང་གལ་ཆེན་ཡིན།  གང་ཞེ་ན།  རིན་ཐང་དེ་དག་ནི་སྤྱི་ཚོགས་ཤིག་གི་རང་དབང་དང་གསོན་ཤུགས་ཀྱི་རྨང་རྡོ་ཡིན་པ་མ་ཟད།  དོན་དམ་གྱི་བདེ་སྐྱིད་དང་བརྟན་ལྷིང་གི་འབྱུང་ཁུངས་ཀྱང་ཡིན། རྒྱ་ནག་དམངས་གཙོར་འགྱུར་རྒྱུ་དེ་ནི་རྒྱལ་སྤྱིའི་ཁེ་ཕན་ཡིན་པ་མ་ཟད། བྱེ་བྲག་ཏུ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་དག་གི་ཁེ་ཕན་ཡང་ཡིན། རྒྱ་ནག་གི་དམངས་གཙོ་དང་རང་དབང་བཅས་ཀྱི་ཕྱོགས་དེ་མུ་མཐུད་རྒྱ་བསྐྱེད་དང་སྒོ་དབྱེ་བྱས་པ་ཡིན་ན།  བོད་མི་ཚོ་ལའང་ཁེ་ཕན་ཆེན་པོ་ཡོད་ཅེས་སོགས་བསྟན་ཡོད་འདུག

ཚོགས་འདུ་དེར་བོད་པའི་སྐུ་ཚབ་མི་ ༧ བཅར་ཡོད་པ་དག་ནི། བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤེ་ཡའི་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན།  དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་ལས་བྱེད་ཡེ་ཤེས་བསྟན་འཛིན།  བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན་མཆོག་བསྟན་འཛིན་སྨོན་ལམ། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འབྲེལ་གཏུགས་དུས་དེབ་རྩོམ་སྒྲིག་པ་འབྲུག་བསྟན་སྐྱིད་བཅས་ཞུགས་ཡོད་འདུག

ཚོགས་ཐོག་ཏུ་བོད་དོན་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་བོད་ནང་གི་གནས་སྟངས་དང་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་བརྒྱ་དང་སུམ་ཅུ་ལྷག་གིས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ། བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་གི་བྱུང་བ་ངོ་སྤྲོད་དང་རྒྱལ་སྤྱིའི་ནང་དུ་བོད་དོན་ལས་འགུལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སོགས་ངོ་སྤྲོད་གནང་ཡོད་འདུག
 

འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ནང་གི་གནད་དོན་མང་པོའི་ནང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་དང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་ནང་མི་སྤུན་མཆེད་རྣམས་ཁྲིམས་འགལ་ཉེན་འཛུགས་བྱས་པ་དང་། ལྷག་པར་དུ་དཀོན་མཆོག་དབང་མོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་བསྲེགས་བཏང་ནས་གྲོངས་རྗེས།  ཁོང་གི་བཟའ་ཟླ་སྒྲོལ་མ་སྐྱབས་ལ་སྲོག་ཐོག་ཉེས་པ་བཀལ་བ། དེ་བཞིན་ཁོང་གིས་འབྲོག་པ་རྣམས་རྩྭ་ཐང་ནས་ཕྱིར་འབུད་བྱས་པའི་སྐོར་སོགས་གླེང་ཡོད་འདུག

གཞན་ཚོགས་ཆེན་འདིའི་སྟེང་། རྒྱ་ནག་ནང་དང་རྒྱ་ནག་དམར་ཤོག་གཞུང་གི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁུལ་ཁག་ཏུ་རང་དབང་དང་དྲང་བདེན་ཡོང་ཆེད་རྒྱལ་སྤྱིའི་ལས་འགུལ་ཤུགས་རྐྱེན་གལ་ཆེ་ཡིན་པར་ངོས་འཛིན་བྱུང་ཡོད་པ་དང་། བོད་དང་ཡུ་གུར། སོག་པོ་སོགས་ལ་འགྲོ་བ་མིའི་ཐོབ་ཐང་རག་ཐབས་ལག་ལེན་དངོས་ལ་ཇི་ལྟར་འགྲོ་དགོས་མིན་སྐོར་གྲོས་བསྡུར། དེ་བཞིན་ཐའེ་ཝན་ནང་གི་དམངས་གཙོའི་འཕེལ་རིམ་སྐོར་དང་། ཧུང་ཀོང་ནང་དུ་མང་མོས་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གཏམ་བཤད་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༡༤ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༡༤ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

མཆན། 4

  1. ས་ལེ་སྦྲམ། says:
    ལོ་ 12 སྔོན།

    (བཙལ་བྱོལ་བོད་གཞུང་)ཞེས་པ་(བོད་མིའི་སྒྲིག་འཛུགས་)ལ་བསྒྱུར་ནས་དུས་ཡུན་རིང་མོ་ཞིག་ཕྱིན་ཚར། སྒྲིག་འཛུགས་རང་གི་ངོས་ནས་ཀྱང་(བོད་གཞུང་ )ཞེས་པའི་མིངབྱང་འདི་ཕྱིར་བསྡུ་བྱས་ཟིན་པ་ས་བསྒྲགས་གནམ་བསྒྲགས་བྱས་ཚར་བ་རེད། ད་རེས་ཚོགས་འདུ་དེར་མཉམ་ཞུགས་གནང་མཁན་གྱི་བོད་མིའི་སྤྱི་འཐུས་དེ་ཚོས་འདི་ཧ་མ་གོ་བ་ཡིན་སྲིད་རྒྱུ་མ་རེད། འོ་ན། ཁོང་ཚོས་༼བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་གི་བྱུང་བ་ངོ་སྤྲོད་༽ག་འདྲ་ཞིག་གནང་ཡོད་དམ།

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    ལོ་ལགས་སོ། ཆོས་པའི་སེམས་རྒྱུད་ཆོས་ཀྱིས་འདུལ་ཐུབ་ཀྱི་མེད་པའི་དུས་འདིར། སྐྱ་བོའི་སེམས་པར་སྨན་པས་ལས་ཡ་ཞིག་བརྙེད་ཀྱི་ཨེ་ཡོད་ན། ལམ་སྟོན་གནང་རོགས།

    Reply
  3. ལྷ་་སྤྱན་གསུམ་པ says:
    ལོ་ 12 སྔོན།

    གནས་གཙང་། རང་ད་དུང་ཡང་ཁྱོད་ན་གི་འདུག་གམ། སེམས་ཁམས་སྨན་པར་སྟོན་རོགས།

    Reply
  4. གནས་ཚང་། says:
    ལོ་ 12 སྔོན།

    ད་ག་རེ་ལབ་ཀྱི་ཡོག་རེད། གོང་ས་མཆོག་གིས་བོད་པ་ཚོར་རྒྱ་དམར་རྩ་ཁྲིམས་འོག་འགྲོ་དགོས་ཚུལ་གསུང་བཞིན་དུ་རྒྱ་མིའི་ཚོགས་འདུར་རྒྱ་ནག་ལ་འགྱུར་བ་འགྲོ་དགོས་ཚུལ་གསུང་བཞིན་པས། ནང་འགལ་ཆགས་ནས་སོ་སོས་སོ་སོའི་ལམ་ཁ་འགོག་གིན་པ་མ་རེད་པས། རྒྱ་མིའི་གཞུང་གད་མོ་ཤོར་གྱི་མེད་འགྲོ།

    ཕྱོགས་གཞན་ནས་བཤད་ན། སྲིད་དོན་ལས་དགོངས་པ་ཞུས་ཟིན་པའི་ཆོས་པ་ཞིག་གིས་སྲིད་དོན་ངོ་རྒོལ་ཚོགས་པར་གཞོགས་འདེགས་གནང་ཡ་དེ་འོས་འཚམས་ཡོད་དམ། བསམ་ཚུལ་སྙན་སེང་ཞུ་ཡ་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese