མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་པར་བོད་རྒྱུད་ནང་བསྟན་གྱི་འགན་འཁུར་བ་གཙོ་བོ་ཧི་མ་ལའི་རི་རྒྱུད་ཆཊ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་གི་དབུ་འབྱེད་མཛད་སྒོའི་ཐོག་བཀའ་སློབ་གནང་སྟེ། དགེ་རྒན་ཚོས་གཞོན་སྐྱེས་ཚོ་མི་རབས་གསར་བའི་མཇུག་སྐྱོང་མཁན་དང་། མ་འོངས་པའི་ལས་ཀ་འཕྲོ་སྐྱོང་གནང་མཁན་ཡིན་བསམ་ཏེ་དམིགས་བསལ་ལྟ་རྟོག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་སྦིར་ཅོང་ཏ་རར་ཡོད་པའི་སྔ་འགྱུར་རྙིང་མའི་དགོན་པ་ཟབ་གསང་ཆོས་འཁོར་གླིང་གིས་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་བསྐྱངས་ཏེ། དགོན་པའི་འདུ་ཁང་དང་གྲྭ་ཤག་གསར་བཞེངས་ལེགས་གྲུབ་ལ་རབ་གནས་དང་འདུ་ཁང་དབུ་འབྱེད་གནང་སོང་། དེར་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱལ་མཆོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། དེ་བཞིན། ཐའེ་ཝན་དང་སེང་གྷ་པུར་གྱི་སྤྱིན་བདག་རྣམ་པ། སུ་ཇཱ་དང་ཅོང་ཏ་རའི་དགེ་ལས་སློབ་ཕྲུག་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་༧གོང་ས་མཆོག་གིས་འདུ་ཁང་དབུ་འབྱེད་རབ་གནས་གནང་རྗེས། ཤར་སྦྲུལ་དམ་ཆོས་རིན་པོ་ཆེ་མཆོག་ནས་དགོན་པའི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང་དོན་ལྟར་ན། ལོ་བརྒྱ་ཕྲག་དུ་མའི་སྔོན་དུ་སྟོད་མངའ་རིས་ནས་ཤར་དར་རྩེ་མདོའི་བར་ཉི་གྲགས་གསང་སྔགས་ཀྱི་དགོན་སྡེ་དར་ཁྱབ་ཆེན་པོ་ཡོད་ཀྱང་། ཕྱིས་སུ་སྔར་གྱི་ལམ་སྲོལ་རྒྱུན་འཛིན་ཆེད་བཤད་སྒྲུབ་ཀྱི་བསྟི་གནས་བཟང་པོ་ཞིག་བྱུང་མེད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་སྣོད་བཅུད་དང་ཆོས་དང་རིག་གཞུང་རྩ་མེད་བཏང་བ་བཅས་ཀྱི་དབང་གིས། ད་ཆ་བོད་ཆོལ་ཁ་གསུམ་དུ་གསང་སྔགས་ཀྱི་བཤད་གྲྭ་དང་སྒྲུབ་གྲྭ་ཕར་ཞོག ཐ་ན་ཆོས་བརྒྱུད་སླར་གསོའི་དགོན་སྡེ་རེ་གཉིས་ཀྱང་མཐོང་དཀོན་པའི་གནས་སུ་གྱར་ཡོད་སྟབས། བོད་རང་གི་ཐུན་མོང་མ་ཡིན་བསྟན་པ་སྤྱི་དང་བྱེ་བྲག་ཉི་གྲགས་ཆོས་བརྒྱུད་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་རྒྱ་གར་རང་དབང་ལུང་པར་གསར་འཛུཊ་གནང་ཡོད་པ་དང་། མ་འོངས་པར་བསྟི་གནས་འདི་ཉིད་བཤད་སྒྲུབ་ཆ་ཚང་བའི་ཤེས་ཡོན་གྱི་བསྟི་གནས་ཤིག་ཏུ་བསྒྱུར་འཆར་ཡོད་སྐོར་སོགས་གསུངས་སོང་།

དེའི་རྗེས་༧གོང་ས་མཆོག་གིས་སློབ་གནང་སྐབས་སློབ་ཕྲུག་ཚོར་དམིགས་ཏེ་གསུངས་དོན། བོད་མི་རིགས་ཞེས་ལབ་དུས་འཛམ་གླིང་གི་མི་གྲལ་དུ་ཚུད་མཁན་ཞིག་རེད། བོད་པ་ཟེར་མཁན་དེ་སྐྱོ་བོ་ཁྱོན་ནས་རེད་མི་འདུག སྙིང་སྟོབས་ལ་ཆ་བཞག་ནའང་། དཀའ་ངལ་རིམ་པ་བརྒྱུད་ནས་འགྲོ་ཡི་ཡོད་ཀྱང་། དངོས་ནས་སྙིང་སྟོབས་ཞུམ་པ་མེད་པ་དང་འགྱུར་བ་མེད་པ། ལྷག་བསམ་རི་ལྟར་བརྟན་པའི་མི་རིགས་ཤིག་རེད། ཁྱེད་རང་ཚོ་སློབ་ཕྲུག་གཙོ་བོར་གྱུར་བའི་ཚང་མར་བོད་པ་ཞིག་ཡིན་པའི་སྤོབས་པ་དགོས་པ་རེད། སྤོབས་པ་བྱས་ནས་མིར་མཐོང་ཆུང་བྱས་པའི་སྲོལ་དེ་འདྲ་མ་རེད། སེམས་ནང་ང་ཚོས་ཐུབ་ཀྱི་ཡོད་ཅེས་པའི་སྤོབས་པ་དགོས་པ་རེད། སྤོབས་པའི་ནང་ང་རྒྱལ་འདྲེས་ན་ཡག་པོ་ཡོད་པ་མ་རེད། དེ་ནས་མིར་མཐོང་ཆུང་དང་ཧམ་བཤད། མགོ་སྐོར་བཏང་། སྐྱག་རྫུན་བཤད་ན་མ་རབས་རེད། སྤོབས་པ་བྱས་ནས་བདེན་པ་རྒྱུ་མཚན་ཡོད་བསྡད་པ་དེས་དཀའ་ངལ་ག་རེ་འཕྲད་ཀྱང་གདོང་ལེན་བྱེད་ཐུབ་ཀྱི་རེད་བསམ་པའི་སྤོབས་པ་དགོས་པ་རེད། བོད་པ་མི་སྤྱི་ཡོངས་ཀྱི་ཆ་ནས་དངོས་ནས་སྙིང་སྟོབས་ལྡན་པ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོས་ཀྱང་དེ་བཞིན་བྱས་ཏེ། ལྷག་པར་དུ་མི་རབས་གསར་བ་ཚོའི་སེམས་ནང་སོ་སོར་ཡིད་ཆེས་དང་སྤོབས་པ་ཡོད་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་འདབ་གཤོག་གཉིས་ལྡན་གྱི་མི་ཞིག་འཁྱོང་དགོས་སྐོར་གསུངས་དོན། དེང་དུས་ཀྱི་ཤེས་ཡོན་མེད་ན་འཛམ་གླིང་གི་མི་གྲལ་དུ་ཚུད་ཀྱི་མ་རེད། དེང་དུས་ཀྱི་ཤེས་ཡོན་ཚད་མཐོ་བོ་ཡོད་ཀྱང་ བོད་རང་གི་སྐད་ཡིག་ནང་ཡོད་བསྡད་པའི་སེམས་ཀྱི་འགྲོ་སྟངས་ཤེས་ཀྱི་མེད་ན་བོད་པ་ཕྱེད་ཀ་རེད་ལ། གཉིས་ནས་སྒེར་ངོས་ནས་དཀའ་ངལ་འཕྲད་སྐབས་སྐད་ངན་ལུང་པ་གང་རྒྱག་དགོས་ཆགས་ཀྱི་རེད། སོ་སོ་སྒེར་གྱི་མི་ཚེ་སྐྱེལ་བའི་ཐད་ལའང་བཀའ་བསྟན་པོ་ཏི་སུམ་བརྒྱའི་ནང་ཡོད་པའི་བསམ་བློ་གཏོང་ཕྱོགས་དང་། བསམ་བློའི་འགྲོ་སྟངས་དེ་དག་ཤེས་ཚེ་ཕན་ཐོགས་ཆེན་པོ་ཡོད་པ་རེད། སྔ་མོ་ང་ཚོ་ཐོག་མར་འཛུཊ་སྐབས་ནས་འདབ་གཤོག་གཉིས་ལྡན་དགོས་ཀྱི་འདུག་ཅེས། དེང་དུས་ཀྱི་ཤེས་ཡོན་གཤོག་པ་གཅིག ང་རང་ཚོ་ལོ་སྟོང་ཕྲག་རིང་གི་བོད་ཀྱི་ཆོས་དང་རིག་གཞུང་སོ་སོའི་བོད་ཡིག་རང་དུ་ཡོད་པའི་ཆ་དེར་གཤོག་པ་ཡ་གཅིག་ཅེས་བཏོན་པ་རེད། ཡིན་ནའང་། བར་སྐབས་ང་ཚོས་ལག་ལེན་བསྟར་བ་ལྟར་ཇི་མ་ཇི་བཞིན་འཁེལ་མ་ཐུབ་པར་འཐུས་ཤོར་གང་འཚམ་ཕྱིན་ཡོད་པ་རེད། དེ་སྔ་ང་ཚོས་དམིགས་ཡུལ་གང་འདྲ་ཞིག་བཟུང་ཡོད་པ་དེ་ཕྲུ་གུ་ཚོ་རེད། ལྷག་པར་དུ་ཁྱེད་རང་ཚོ་དགེ་རྒན་ལས་བྱེད་ཚོས་ངེས་པར་དེ་སེམས་འཁུར་གནང་དགོས་པ་རེད། སློབ་གྲྭའི་སློབ་མ་ཚོར་ལྟ་རྟོག་བྱེད་རྒྱུ་དེ་སོ་སོའི་ལྟོ་ཕོགས་དོན་དུ་ཉི་མ་གང་འཁྱོལ་གྱི་སྲོལ་མིན་པར། ཕྱོགས་གཅིག་ནས་མི་གཅིག་ལ་རོགས་བྱེད་ཀྱི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་ཆགས་འཇིག་ཀྱི་མཚམས་སུ་བསླེབ་བསྡད་སྐབས། གཞོན་སྐྱེས་ཚོ་མི་རབས་གསར་བའི་མཇུག་མཐུད་མཁན་ཡིན་སྟབས། དེ་དག་ང་ཚོའི་མ་འོངས་པའི་སོན་རྩ་ཡིན། མ་འོངས་པའི་ལས་ཀ་འཕྲོ་བསྐྱལ་མཁན་ཡིན་བསམ་ཏེ་དམིགས་བསལ་སེམས་འཁུར་བླངས་ཏེ་ལྟ་རྟོག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོ་དགེ་རྒན་ལས་བྱེད་ཚོ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་དགེ་འདུན་པ་ཚོར་དམིགས་ཏེ་གསུངས་དོན། སངས་རྒྱས་ཀྱི་བསྟན་པར་ལུང་དང་རྟོགས་པའི་བསྟན་པ་ཞེས་གཉིས་ཡོད་པ་ལྟར། ལུང་རྟོགས་ཀྱི་བསྟན་པ་དེ་མིའི་གཤིས་རྒྱུད་ནང་ཚང་དགོས་ཀྱི་ཡོད་པ་ལས་ཕྱིར་མངོན་བསྡད་པ་ཞིག་མིན་པ་དང་། དགེ་འདུན་པ་དང་བཙུན་མ་ཚོ་ལུས་ལ་གྲྭ་ཆས་གྱོན་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ཆགས་ཡོད་ཀྱང་། སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་ཕྱིར་མཛུབ་མོ་ཀེར་ས་མེད་པར། སོ་སོའི་གཤིས་རྒྱུད་ལ་མཛུབ་མོ་ཀེར་དགོས་པ་དང་། དེ་ཡང་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་མཁྱེན་དགོས་སྟབས། ལ་དྭགས་དང་མོན། ཁུ་ནུ། དེ་བཞིན། བཙུན་མ་བཅས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། མ་འོངས་པར་དགོན་པ་ཞེས་ལབ་དུས་མི་མང་གི་ངོས་ནས་སློབ་སྦྱོང་བྱེད་ས་ཞིག་དང་ཤེས་ཡོན་གྱི་བསྟི་གནས་ཤིག་ཡིན་བསམ་པའི་བློ་ཤར་ཐུབ་པ་ཞིག སངས་རྒྱས་ཀྱི་ཆོས་དེ་ཡང་ཕྱིའི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་པ་བཅས་ཀྱི་སྒོ་ནས་འགྲོ་རྒྱུ་ཧ་ཅང་གལ་ཆེན་ཡིན། ཅེས་སོགས་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཤར་སྦྲུལ་དམ་ཆོས་རིན་པོ་ཆེ་མཆོག་ནས་རྒྱ་གར་འཕགས་པའི་ཡུལ་དུ་རྙིང་མའི་ཆོས་རྒྱུད་རྫོགས་ཆེན་གྱི་དགོན་པ་ཞིག་བསྐྱར་གསོ་གནང་བར་བསྔགས་བརྗོད་དང་འབྲེལ། ལོ་རྒྱུས་ཐོག་བོད་ནང་སྐྱེས་ཆེན་དམ་པ་ཚོས་རྒྱ་གར་འཕགས་པའི་ཡུལ་ནས་སངས་རྒྱས་པའི་ཆོས་བོད་ཁ་བ་ཅན་ལ་གདན་འདྲེན་ཞུས་ཡོད་པ་དང་། བོད་མི་གཞི་རྩའི་ཆ་ནས་རང་དབང་མེད་ཀྱང་། འདས་པའི་ལོ་དེ་དག་གི་རིང་༧གོང་ས་མཆོག་གི་མཛད་འཕྲིན་དང་། བླ་ཆེན་རྣམ་པ་དང་དགེ་འདུན་པ་རྣམ་པ་གང་དུ་ཕེབས་པ་དེར་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཕྱིན་པ་ལ་བརྟེན་ནས། ད་ཆར་འཛམ་གླིང་སྡིངས་ཆའི་ཐོག་བོད་པ་ཟེར་དུས་ནང་པ་དང་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པར་མ་ཟད། ད་ཆར་འཛམ་གླིང་ནང་བོད་པའི་ནང་པ་སངས་རྒྱས་པའི་ཆོས་དེ་ཆ་ཚང་བ་དང་ཡང་དག་ཤོས་སུ་ངོས་འཛིན་ཡོད་པ་ཞིག་ཆགས་ཡོང་གི་ཡོད། དེང་དུས་ཤེས་ཡོན་གྱི་ཐོག་ནས་ང་ཚོའི་སྤྱི་ཚོགས་ནང་ཡར་རྒྱས་འགྲོ་དགོས་པ་ཞིག་ཆགས་ཡོད། རྒྱ་ནག་ནང་མི་གྲངས་ཐེར་འབུམ་གཅིག་དང་ས་ཡ་ཉིས་བརྒྱ་ཆགས་ཏེ། མི་འབོར་གྱི་ཐོག་ནས་ཁྱད་པར་ཆེན་པོ་འགྲོ་བཞིན་ཡོད་སྟབས། ང་ཚོས་གྲོགས་པོ་བསྒྲིགས་ཏེ་འབད་པ་བྱེད་པར་ཤེས་ཡོན་ལས་ལྷག་མེད་སྟབས། མ་འོངས་པར་ཤེས་ཡོན་ཐོག་འབད་བརྩོན་བྱ་རྒྱུ་གལ་ཆེན་ཆགས་ཡོད། དེ་ནི་༧གོང་ས་མཆོག་གི་དགོངས་གཞི་དང་བོད་ནང་གི་བོད་མིའི་རེ་འདུན་འགྲུབ་པར་མེད་དུ་མི་རུང་བ་ཆགས་ཡོད་སྐོར་སོགས་གསུངས་སོང་།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཤར་སྦྲུལ་རིན་པོ་ཆེས་བོད་ནང་དཀའ་ངལ་ཆེན་པོ་ཡོད་པའི་གནས་སྟངས་འོག་དགོན་པ་དེ་འདྲ་ཞིག་བཞེངས་ཐུབ་པ་དང་། མ་འོངས་པར་དགོངས་གཞི་རླབས་ཆེན་ཡོད་པ་དེ་གཟི་བརྗིད་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེང་སང་དགེ་འདུན་པ་ཞལ་གྲངས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། བོད་ནང་ནས་ཕེབས་མཁན་ཡང་ཉུང་དུ་འགྲོ་བཞིན་པ་རེད། བཙན་བྱོལ་ནང་ཡོད་པའི་བོད་པའི་ཕྲུ་གུ་མང་ཆེ་བ་དགོན་སྡེ་ཁག་ལ་མཐུན་འགྱུར་གནང་གི་མེད་སྟབས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ཚོར་བརྟེན་དགོས་ཐུག་ཡོད་པ་རེད་ལ། མ་འོངས་པར་བོད་རྒྱུད་ནང་བསྟན་གྱི་འགན་འཁུར་མཁན་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ཆགས་ཡོད་པ་དེ་ང་ཚོའི་གནས་སྟངས་མང་པོ་ཞིག་ལ་བལྟས་ཡོང་ན་མངོན་གསལ་རེད། ༧གོང་ས་མཆོག་གིས་ཀྱང་དེ་སྔོན་བཀའ་སློབ་མང་པོ་ཞིག་གནང་ཡོད་པ་རེད། དེར་བརྟེན། མ་འོངས་པར་དགེ་འདུན་པའི་ཞལ་གྲངས་མང་ཉུང་ལ་མ་ལྟོས་པར། བསླབ་པ་སློབ་གཉེར་ཚད་དང་ལྡན་པ་ཡོང་དགོས་པ་གལ་ཆེན་པོ་རེད། དེང་སང་གྲྭ་བ་མང་པོ་བྱས་སློབ་གཉེར་ཚད་ལྡན་མ་བྱུང་བར་སངས་རྒྱས་བསྟན་པའི་ཞབས་འདེགས་ཀྱི་ཚབ་དུ་ཞབས་འདྲེན་ཞུ་བའི་གནས་བབ་དེ་འདྲ་ཡང་ཡོང་གི་འདུག མ་འོངས་པར་དེ་འདྲ་མི་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་དང་། ད་ལྟའི་བར་བོད་གཞིས་བྱེས་གཉིས་ཀྱི་རེ་བ་གཏོད་ས་དང་། བོད་པའི་གནད་དོན་དང་བོད་པའི་བསྟན་པ་འཛམ་གླིང་ནང་ཁྱབ་ཐུབ་པར་བྱུང་བ་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ཡོད་སྟབས། མ་འོངས་པར་དེ་དག་ཤེས་པར་བྱས་ཏེ་བླ་སློབ་བར་གྱི་འབྲེལ་བ་དམ་ཟབ་བྱས་ཏེ་ཉར་རྒྱུ་དང་ཁོང་གི་བཀའ་སློབ་ལྟར་བསྒྲུབ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

སང་ཉིན་ཕྱི་ཚེས་ ༢༩ ཉིན་༧གོང་ས་མཆོག་གྷོ་པ་པུར་བོད་ཁྱིམ་དུ་ཆིབས་བསྒྱུར་གྱིས་དགེ་སློབ་རྣམས་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༠ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 1

  1. ཤག་སྒང་པ། says:
    ལོ་ 11 སྔོན།

    ད་ལྟ་མཐོང་བཞིན་པའི་རི་རྒྱུད་ནས་ཨུ་ཚུགས་ཀྱིས་བསྡུས་ཡོང་པའི་གྲྭ་པ་དེ་ཚོ་མཐོང་དུས་སེམས་པ་ངང་གིས་སྐྱོ་འོང་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese