མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་མེད་ན་ལྷག་བསམ་ཡོད་ཀྱང་ལག་རྡུམ་ལྟ་བུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་༧གོང་ས་མཆོག་གྷོ་པ་པུར་བོད་ཁྱིམ་དུ་ཆིབས་བསྒྱུར་གནང་སྟེ། སློབ་མ་ཚོར་ཁྱེད་རང་ཚོ་བོད་པའི་བོད་ཕྲུག་ཅིག་དང་བོད་པའི་མི་རབས་གསར་བ་ཞིག་ཆགས་ཡོད་སྟབས། དུས་རབས་ཉེར་གཅིག་ནང་འཛམ་གླིང་སྦྱིར་འཚེ་བ་མེད་པ་ཡོང་བར་ཞབས་འདེགས་བསྒྲུབ་རྒྱུར་བསམ་བློ་གཏོང་དགོས་སྐོར་གསུངས་འདུག

 

 དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༠༠ པའི་ཐོག ༧གོང་ས་མཆོག་གྷོ་པ་པུར་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ཀྱི་ཕེབས་བསུའི་ཁྲོད། ༡༩༩༧ ལོར་སློབ་གྲྭ་གསར་འཛུཊ་གནང་རྗེས་ཀྱི་ཆིབས་བསྒྱུར་ཐོག་མ་གནང་སྟེ། སློབ་གྲྭས་ལོ་ལྟར་གོ་སྒྲིག་གནང་བཞིན་པའི་གངས་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་སློབ་མའི་བྱ་འགུལ་དང་ མཚན་ཉིད་རྩོད་པ་བཅས་ལ་གཟིགས་ཞིབ་གནང་རྗེས། སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་གནང་དང་གང་བློ་མའི་ལྗགས་ལུང་བཅས་གནང་ཡོད་འདུག

 

སྐབས་དེར་གྷོ་པ་པུར་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེས་ལགས་ཀྱིས། གྷོ་པ་པུར་བོད་ཁྱིམ་སློབ་གྲྭའི་སྤྱི་ཡོངས་སློབ་སྦྱོང་གནས་སྟངས་ཡག་པོ་ཡོད་པ་དང་། དམིགས་བསལ་ ༢༠༠༩ ལོ་ནས་ ༢༠༡༣ བར་གྱི་ལོ་ལྔའི་རིང་ཡིག་རྒྱུགས་གཙང་འཕྲོད་ཀྱི་བརྒྱ་ཆ་ ༡༠༠ མུ་མཐུད་བླངས་ཏེ་གཟེངས་སུ་ཐོན་པ་བྱུང་ཡོད་པར་མ་ཟད། ད་ལྟའི་ཆར་སློབ་གྲྭ་འདིར་སློབ་ཟུར་གྲངས་ ༣༣༠ ཙམ་ཡོད་པ་དང་། རྒྱ་གར་གྱི་མཐོ་སློབ་ཁག་ནང་གསེར་གྱི་རྟགས་མ་སོགས་བཞེས་མཁན་གྱི་སློབ་མ་རིམ་པར་ཐོན་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་འདུག

 

༧གོང་ས་མཆོག་གིས་དགེ་སློབ་རྣམས་ལ་བཀའ་སློབ་གནང་སྐབས། མི་སྤྱི་དང་བྱེ་བྲག་བོད་རང་ལ་ཕན་པ་བསྒྲུབ་པར་ཤེས་ཡོན་དགོས་ཀྱི་ཡོད་པ་རེད། ཤེས་ཡོན་མེད་ན་ལྷག་བསམ་ཡོད་ཀྱང་མི་ལག་རྡུམ་ལྟ་བུ་རེད། ལྷག་བསམ་དང་ཤེས་ཡོན་ཟུང་འབྲེལ་དགོས་ཀྱི་འདུག སྤྱི་ཚོགས་ནང་ལ་མཚོན་ནའང་། ཤེས་ཡོན་ཡོད་ཀྱང་ལྷག་བསམ་མེད་ན་རྙོག་གྲ་བཟོ་མཁན་ཞིག་ཆགས་འདུག གང་ལྟར། འཛམ་གླིང་འདིའི་ཐོག་ད་ལྟ་ཡོད་བསྡད་པའི་ཤེས་ཡོན་དེས་འདང་གི་མི་འདུག ལྷག་བསམ་དགོས་ཀྱི་འདུག ལྷག་བསམ་ཞེས་པ་དེ་ལོ་སྟོང་ཕྲག་རིང་གི་ཆོས་དང་འབྲེལ་ནས་ཡོང་བསྡད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

 

༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། “ ང་ཚོ་བོད་པར་ཆ་བཞག་ན་དུས་རབས་ཉི་ཤུ་བའི་ནང་ང་དང་ཁྱོད་ཅེས་པའི་བསམ་བློ་དང་རང་རྒྱལ་གཞན་ཕམ་གྱི་གནས་སྟངས་འོག་ནས་ང་ཚོ་བོད་པའི་དཀའ་ངལ་དེ་འཕྲད་པ་རེད། ཁྱེད་རང་ཚོ་བོད་པའི་བོད་ཕྲུག་ཅིག་དང་བོད་པའི་མི་རབས་གསར་བ་ཞིག་ཆགས་ཡོད། དུས་རབས་ཉེར་གཅིག་པའི་ནང་བོད་དེ་འཛམ་གླིང་སྦྱིར་འཚེ་བ་མེད་པ་ཡོང་བར་ང་ཚོས་ཞབས་འདེགས་ག་ཚོད་བསྒྲུབ་ཐུབ་མིན་དང་། ཞབས་འདེགས་བསྒྲུབ་རྒྱུའི་བསམ་བློ་གཏོང་དགོས་པ་རེད། བོད་ཀྱི་གནས་ཚུལ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཤུགས་དྲག་པོ་མེད་པར་ཡག་པོ་ཞིག་གི་སྒང་ལ་ཕྱིན་པ་ཡིན་ན། བོད་པའི་གནས་ཚུལ་ལ་ཆ་བཞག་ནའང་རྗེས་མར་བདེ་ཞིང་སྐྱིད་པ་ཞིག་ཏན་ཏན་ཡོང་ཐུབ་ཀྱི་རེད་བསམ་གྱི་འདུག དེ་ང་ཚོའི་དམིགས་ཡུལ་ལ་འཇོག་གི་ཡོད་པ་རེད། དེ་ཚོའི་གྲས་དེ་མ་འོངས་པར་འཛམ་གླིང་སྤྱི་ལ་ལེགས་སྐྱེས་འབུལ་ཐུབ་པའི་ཆ་རྐྱེན་དང་ནུས་པ་ཡོད་པའི་སྲོལ་འདྲ་རེད། ཁྱེད་རང་ཚོས་དེ་རྙོག་གྲ་ཚ་བོ་རེད། དེ་ལས་གཉིད་ཉལ་ན་སྐྱིད་པོ་རེད་དེ་འདྲ་མ་བསམ། ཨུ་ཚུགས་ཏོག་ཙམ་རྒྱག་དགོས་པ་རེད། མཁས་པར་འདོད་ན་དཀའ་ལས་རྒྱག་དགོས་པ་རེད། ཨུ་ཚུགས་རྒྱག་དགོས་པ་རེད། ཨུ་ཚུགས་རྒྱག་པ་དེ་ཡང་བདུན་ཕྲག་གཅིག་ནང་ཚར་བ་མིན་པར། ལོ་ནས་ལོ་བསྟུད་དེ་གྲྭ་སར་དཔེ་ཆ་བལྟ་མཁན་ཚོས་ལོ་ ༢༠ དང་ ༣༠ འགྲོ་བསྡད་ཀྱི་འདུག  དེར་བརྟེན། ཁྱེད་རང་ཚོས་ཐོག་མར་ཁག་པོ་ཡོད་ཀྱང་། ག་ལེར་གོམས་ཡོང་སྐབས་ལས་སླ་རུ་འགྲོ་གི་རེད། ཅེས་གསུངས་སོང་།

 

ཡང་༧གོང་ས་མཆོག་གིས་དགེ་རྒན་ཚོར། “ ཁྱེད་རང་ཚོ་དགེ་རྒན་ཚོ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོས་ད་ལྟའི་བར་ཧུར་ཐག་གནང་འདུག ད་དུང་ཡང་སོ་སོའི་འཕྲལ་སེལ་ལྟོ་གོས་ཀྱི་ལས་ཀ་ཡིན་མི་བསམ་པར། དངོས་ནས་མི་རབས་གསར་བ་དེ་དག་འཚར་ལོངས་ཚུལ་དང་མཐུན་པ་ཞིག་ཡོང་བའི་འགན་ཡོད་བསམ་པའི་ཐོག་ནས། སྒོ་གང་ས་ནས་ཡག་པོ་ཡོང་ཐུབ་པ་ཞིག་ལ་བསམ་བློ་གཏོང་དགོས་པ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པར་ཧུར་ཐག་གནང་རོགས། ”ཞེས་གསུངས་སོང་།

 

 ཁ་སང་ཕྱི་ཚེས་ ༢༨ ཉིན་གུང་ཆུ་ཚོད་ ༡།༠༠  ཙམ་ལ་རྫོང་གསར་བཤད་གྲྭར་ཆིབས་བསྒྱུར་གནང་ཡོད་པར་མ་ཟད། འབྲི་གུང་བཀའ་བརྒྱུད་བུམ་མང་བྱམས་པ་གླིང་དུ་ཆིབས་བསྒྱུར་གྱིས་དགོན་པར་གཟིགས་ཞིབ་དང་དགེ་འདུན་པ་རྣམས་ལ་བཀའ་སློབ་བཅས་གནང་སྟེ། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་རྟོགས་པའི་བསྟན་པ་བསླབ་པ་གསུམ་གྱི་ཉམས་ལེན་དགོན་པ་ཆེ་ཆུང་ཚང་མར་དགོས་ངེས་ཡིན་པ་དང་། སྡེ་སྣོད་གསུམ་གྱི་འཆད་ཉན་བརྗོད་སྐབས་ཚུལ་ཁྲིམས་ཀྱི་བསླབ་པས་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་དང་། ཏིང་ངེས་འཛིན་གྱི་རྣམ་གཞག་གཙོ་བོར་སྟོན་པའི་མདོ་སྡེའི་སྡེ་སྣོད། ཤེས་རབ་ཀྱི་བསླབ་པས་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་བཅས་སངས་རྒྱས་ཆོས་ཀྱི་འགྲོ་སྟངས་གཙོ་བོ་རེད། ཚུལ་ཁྲིམས་དང་ཏིང་ངེ་འཛིན། ཤེས་རབ་བཅས་བསླབ་པ་གསུམ་བརྗོད་བྱར་བྱེད་མཁན་གཙོ་བོ་སྡེ་སྣོད་གསུམ་ཡོད་སྟབས། སྡེ་སྣོད་གསུམ་ལ་ཐོས་བསམ་བྱས་ཏེ་དོན་རྟོགས་པར་བསླབ་པ་གསུམ་ལ་ཉམས་ལེན་བྱེད་དགོས་པ་དང་། བསླབ་པ་གསུམ་གྱི་འགྲོ་སྟངས་སྐོར་གང་ཡང་མ་ཤེས་པར་ཁ་ནས་གྲྭ་པ་ཡིན་བཤད་དེ་འདོན་པ་བཏོན་པ་ཙམ་གྱིས་ངོ་མཚར་ཆེ་རྒྱུ་མེད། གང་ལྟར་སློབ་སྦྱོང་བྱས་ནས་ཆོས་འདི་ངོ་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་ཡོད་འདུག

 

ཡང་༧གོང་ས་མཆོག་གིས། གར་ཞྭ་ཁུ་ནུ་ལ་དྭགས། མོན། བོད་མི། རྒྱ་གར་བ་སོགས་སུ་ནང་པ་ཡིན་ཟེར་མཁན་མང་པོ་ཡོད་ཀྱང་། ནང་པའི་ཆོས་གང་ཡིན་དང་སངས་རྒྱས་ཆོས་དང་དགེ་འདུན་གང་ཡིན་འདྲི་སྐབས་མི་ཤེས་མཁན་མང་པོ་ཡོད། ཆོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་ཁ་དཔེར། སོ་ནམ་གྲོང་པའི་དཔེ་ལ་ལྟོས་བརྗོད་སྲོལ་ཡོད་པ་ལྟར་ཉེས་ཆའམ་ཞན་ཆ་དེ་དག་གྲོང་པར་བལྟས་ནས་ང་ཚོས་ཤེས་ཀྱི་ཡོད། རྒྱ༌ནག་དང་ཐེ་ཝན་ནང་ནང་པ་ཧ་ཅང་ཤུགས་ཆེན་པོ་རེད། ཉི་ཧོང་དང་ཀོ་རི་ཡ། ཝེ་ཐི་ནམ་སོགས་ཤེར་ཕྱིན་གྱི་གཞུང་ལ་ལྟ་མཁན་གཅིག་མཚུངས་ཆགས་ཡོད། ཚང་མས་ཤེས་རབ་སྙིང་པོ་འདོན་གྱི་ཡོད། ཐ་སྙད་གཞན་ཞིག་གི་ཐོག་ནས་བཤད་ན་ཐེག་ཆེན་ཡིན་པ་གཅིག་གྱུར་རེད། ཉེ་ལམ་ངོས་རང་ཉི་ཧོང་ནས་ཕྱིར་འཁོར་མཚམས་རེད། ངོས་ཀྱི་ངོ་ཤེས་ཉི་ཧོང་གི་ཆོས་གྲོགས་ཤིག་ཡོད། ཁོང་གིས་ངོས་ལ་ང་ཚོས་ཤེས་རབ་སྙིང་པོ་འདོན་གྱི་ཡོད་ཀྱང་ནང་དོན་ཤེས་ཀྱི་མེད། ཅེས་ནང་ཚགས་ཀྱིས་བརྗོད་བྱུང་། དེར་བརྟེན་ང་ཚོའི་གྲོང་པ་ནང་པ་ཚོས་ཆོ་ག་འདོན་རྒྱུ་དེ་དག་ལུགས་སྲོལ་ལྟ་བུ་བྱས་པ་མ་གཏོགས་ངོ་ཐོག་སངས་རྒྱས་ཆོས་ཀྱི་འགྲོ་སྟངས་གང་འདྲ་ཡིན་ཤེས་ཀྱི་མི་འདུག་གོས་ངུར་སྨྲིག་གྱོན་པ་ཙམ་གྱིས་ཆོག་ཤེས་བྱས་ནས་ང་གྲྭ་པ་ཡིན་ཞེས་གྲྭ་ཆས་ཤིག་གྱོན་པ་མ་གཏོགས་གཞན་སྒོམ་རྒྱག་རྒྱུ་དང་བསླབ་པ་སློབ་གཉེར་གང་ཡང་མེད་པར་བསྡད་ན་ངུར་སྨྲིག་གྱོན་པ་ཙམ་གྱིས་ཆོག་པ་རེད། དེ་འདྲ་བྱ་རྒྱུ་མེད། ང་ཚོ་བོད་གངས་ཅན་ལྗོངས་ལ་སངས་རྒྱས་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ། བསམ་གྱིས་མི་ཁྱབ་པ་ཞིག་དར་ཡོད། ཕྱོགས་མཚུངས་རབ་བྱུང་ཕོ་མོ་མང་པོ་ཡོད་ཀྱང་། སློབ་གཉེར་བརྒྱབ་ནས་དོ་སྣང་ཆེན་པོ་བྱེད་མཁན་མ་འདང་པའི་རྣམ་པ་ཤུགས་ཆེན་པོ་འདུག ཅེས་གསུངས་ཡོད།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese