མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧུའུ་ཡི་ཅོང་བརྡ་འདིས་སུ་ཞིག་ལ་ཉེན་བརྡ་གཏོང་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

རོའོ་སེ་ཏང་གིས་བརྩམས།
དོན་གྲུབ་ཀྱིས་བསྒྱུར།

དེ་རིང་ནི་ ༡༩༨༩ ལོའི་ཟླ་ ༤ ཚེས་ ༡༥ ཉིན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་རྒྱལ་ཡོངས་ནང་སྒོ་ཀུན་བཅོས་བསྒྱུར་གཏོང་དགོས་བའི་སྐོར་ལ་ཞི་རྒོལ་བྱས་ཏེ་ལོ་ ༢༥ འཁོར་བའི་དུས་དྲན་ཡིན་ལ། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པང་སྙིང་ནད་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པའི་ཉིན་མོ་ཡང་ཡིན། ཁོང་འདས་གྲོངས་སུ་སོང་བའི་ཉིན་རྒྱབ་པེ་ཅིན་སློབ་ཆེན་གྱི་གྱང་ངོས་སུ་ཤི་དགོས་པའི་མི་དེ་ཚོ་མ་ཤི་བར་ཤི་མི་དགོས་པའི་སྐྱེས་བུ་དམ་པ་ཞིག་གྲོངས་སོང་ཞེས་སྦྱར་ཡིག་ཆེན་པོ་ཞིག་དཔྱང་ཡོད་ལ། སང་ཉིན་དེར་ཁོང་ལ་པེ་ཅིན་སློབ་ཆེན་དང་ཧྲང་ཧྲེ་གཙོས་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་སྲུང་གཙི་བྱས་ཡོད་པ་མ་ཟད། ཚེས་ ༡༧ ཉིན་དཔའ་མཛངས་རྟུལ་ཕོད་ཅན་གྱི་སློབ་ཆེན་སློབ་མ་ཚོས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་མགོ་ཚུགས་ཏེ། དུས་ཡུན་གང་ཙམ་རིང་རྒྱུན་འཁྱོངས་བྱས་ཡོད་ཀྱང་། ཟླ་ ༦ པའི་ཚེས་ ༤ ཉིན་དྲག་ཆས་སྤྲས་པའི་རྒྱ་གཞུང་གི་དམག་མིས་ཞི་རྒོལ་བ་ཚོར་ཡ་ང་སྙིང་རྗེ་མེད་པར་གང་བྱུང་མཚོན་ཆ་བཀོལ་ཞིང་། ཁྲག་མཚོ་འཁྱིལ་བའི་བྱ་སྤྱོད་སྤེལ་ཏེ་ལས་འགུལ་མཚམས་འཇོག་བྱེད་བཅུག་ཡོད་སྟབས། རྒྱ་རིགས་ཤེས་ཡོན་ཅན་འགས་ཧུའུ་ཡའོ་པང་འདས་གྲོངས་སུ་ཕྱིན་པར་བརྟེན། གནམ་བདེ་སྒོ་མོ་ཆེའི་ལས་འགུལ་གྱི་མེ་སྟག་འབར་མགོ་ཚུགས་པ་རེད་ཅེས་རྗོད་བཞིན་ཡོད་པ་དག་ནི་འུད་སྒྲོག་ཅིག་རྩ་བ་ནས་མིན།

   རྒྱ་རིགས་མང་ཆེ་བས་ཧུའུ་ཡའོ་པང་ནི་རྒྱ་ནག་དམར་ཤོག་ཚོགས་པར་བློ་རྩེ་གཅིག་སྒྲིལ་བྱེད་མཁན་ཙམ་མ་ཟད། ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་དང་འབྲེལ་བ་གང་ཡང་མེད་པའི་མགོ་ཁྲིད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ནི་གུ་ཡངས་རིང་ལུགས་པ་ཞིག་དང་། རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་ཡོང་ཐབས་ལ་ལྷག་བསམ་རྣམ་དག་གིས་དོན་གཉེར་གནང་མཁན་ཞིག་ཀྱང་ཡིན་སྟབས། ངས་རླབས་ཆེན་གྱི་མི་སྣ་དེ་དགུང་ལོ་ ༧༣ ལ་མ་གྲོངས་པར་རྒྱ་ནག་དམར་པོའི་སྤྱི་ཚོཊ་ནང་གང་ཙམ་ཞིག་རིང་འཚོ་ཞིང་བཞུཊ་ན་ཅི་མ་རུང་སྙམ་བྱུང་། 

   རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་དང་ཧུའུ་ཡའོ་པང་གཉིས་བརྒྱད་ཅུ་གྱ་གྲངས་ནང་བློ་མཐུན་ལས་རོཊ་ཡག་པོ་ཞིག་ཡིན། ༡༩༨༩ ལོའི་ཟླ་ ༤ པའི་ཚེས་ ༡༡ ཉིན་ཧུའུ་ཅིན་ཐའོ་ཅང་ཞི་རུ་ཧུའུ་ཡའོ་པང་ཐུག་ཕྲད་བྱེད་པར་བསྐྱོད་ཡོད་སྟབས། རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་ཁོང་གཉིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ལས་འགུལ་བསྐྱར་གསོ་བྱ་ཆེད་མཉམ་འཛོམས་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་སྟབས། རྒྱ་གཞུང་གིས་དོན་རྐྱེན་དེས་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་དང་གསར་བརྗེ་ཡོང་བའི་རེ་དོཊ་ཀྱི་འོག་ཏུ། ཧུའུ་ཅིན་ཐའོ་དང་ཧུའུ་ཡའོ་པང་གི་ཐུག་ཕྲད་ཀྱི་པར་དག་དྲ་ལམ་ཁག་ནས་ནག་གསུབ་བཀག་སྡོམ་བྱས་ཡོད། 

    ཧུའུ་ཡའོ་པང་སྐབས་ཀྱི་རྒྱ་ནག་གི་དཔལ་འབྱོར་བཅོས་བསྒྱུར་སློབ་སྟོན་པ་དང་། མིང་གྲགས་ཆེ་གྲས་རྒྱ་རིགས་བསམ་བློ་མཁས་ཅན་ཀྲང་ཡཱེ་ཤི་ལགས་ཨ་རིའི་གྲོང་ཁྱེར་ལོའོ་སེན་ཇི་ལེ་སེའི་སྡོད་གནས་སུ་འདས་གྲོངས་ཕྱིན་ཡོད། ཀྲང་ལགས་ཀྱིས་ཨ་རིའི་སྐྱབས་བཅོལ་འཚོ་བ་ལོ་ ༢༥ རིང་བསྐྱལ་ཞོར་དུ་རྒྱ་ནག་ནང་དམངས་གཙོ་ཡོང་ཐབས་ལ་རེ་སྒུག་བྱས། ཁོང་གིས་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་མཐོ་སློབ་ཀྱི་སློབ་མ་ཚོར་གུང་ཁྲན་ཏང་གི་དམག་མིས་གཏོར་རྒོལ་གཏོང་སྐབས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། མི་གསོད་དོན་རྐྱེན་དེ་བྱུང་མ་ཐག་དམར་ཤོག་ཚོགས་པའི་ཚོགས་ཁོངས་ནས་དགོངས་པ་ཞུས་ཏེ་ཨ་རིར་སྐྱབས་བཅོལ་དུ་ཕྱིན་ཡོད། ཁོང་གིས་ལོ་ཤས་གོང་པེ་ཅིན་སྲིད་གཞུང་ལ་རྒྱ་ནག་ནང་སྨན་བཅོས་བྱེད་ཆོག་པའི་སྙན་ཞུ་ཕུལ་ཡོད་ཀྱང་། ཁོ་ཚོས་ཁས་ལེན་བྱས་མེད་པར་བརྟེན་ཨ་རིར་འདས་གྲོངས་སུ་གྱུར་ཏེ་ཡུལ་གྱར་རྒྱལ་ཁབ་ནང་འདས་གྲོངས་སུ་འགྱུར་བའི་རྒྱ་རིགས་གསར་བརྗེ་བ་གསར་ཤོས་དེ་ཆགས་ཡོད། 

   ཁོང་དང་ཁོང་འདྲ་བའི་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་རྒྱ་ནག་ནང་དམངས་གཙོ་བཅོས་བསྒྱུར་ཡོང་ཐབས་ལ་ངོ་རྒོལ་བྱེད་མཁན་སྐར་རྩིས་རིག་པ་མཁས་ཅན་ཕང་ལི་ཤི་ (Fang Lizhi) ལཊ་དང་། ལས་འགུལ་སྣེ་ཁྲིད་མཁན་གསར་འགོད་པ་ (Liu Bingyan) ལཊ་གཉིས་ཀྱང་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་གྱི་ངོ་བོར་འདས་གྲོངས་སུ་འགྱུར་ཡོད། ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་ལས་འགུལ་སྣེ་ཁྲིད་མཁན་ཝང་ཌན་ (Wang Dan) ལཊ་ཀྱིས། ཁ་སང་སྤྱི་ཚོགས་དྲ་འབྲེལ་ཐོག་ཀྲང་ཡཱེ་ཤི་ལཊ་ཀྱི་སྐོར་ལ་བསམ་ཚུལ་ཞིག་སྤེལ་བའི་ནང་ “ ཀྲང་ཡཱེ་ཤིའི་ནང་མིས་ཁོང་ཞེད་སྣང་སྤུ་ཙམ་མེད་པར། འཛུམ་ཤིག་ཤིག་ངང་འདས་གྲོངས་ཕྱིན་སོང་སྐོར་དང་། ཁོང་སྡོད་ཡུན་རིང་ནང་མི་དང་མཉམ་དུ་འཚོ་བ་སྐྱེལ་བསྡད་ཡོད་པ་མ་ཟད། འཆི་ཁར་རྫོགས་མཐའ་མེད་པའི་སྡུག་བསྔལ་སོཊ་གཅིག་ཀྱང་བརྗོད་མ་སོང་།” ཅེས་བྲིས་འདུག

    རྒྱ་ནག་གི་གྲགས་ཅན་ལས་འགུལ་བ་དང་ཤེས་ཡོན་ཅན་ཚོས་མིག་དཔེ་འོས་པའི་མགོ་ཁྲིད་བཟང་པོ་ཧུའུ་ཡོའོ་པང་དང་ཀྲང་ཡཱེ་ཤི་ལགས་འདས་གྲོངས་སུ་ཕྱིན་པར་མྱ་ངན་རྗེས་དྲན་ཞུས་ཡོད་ཀྱང་། ངས་སྤྱི་ཚོགས་དྲ་རྒྱ་ཌེའུ་ཀྲར་དང་སྐད་འཕྲིན་བརྒྱུད་རྒྱ་རིགས་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་བཅོས་བསྒྱུར་ཡོང་རྒྱུར་རེ་འཆང་བྱེད་བཞིན་པ་དག་བློས་གཏོང་བྱེད་དགོས་སྐོར་བསམ་ཚུལ་སྤེལ་ཡོད། 

    ངས་རྒྱ་ནག་མི་མང་ལ་ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་རྒྱ་ནག་དམར་ཤོག་ཚོགས་པ་གཏོར་ཕམ་གཏོང་དགོས་སྐོར་རེ་སྐུལ་ཞུ་བཞིན་ཡོད། གང་ཡིན་ཞེ་ན། ང་ཚོ་གནམ་བདེ་སྒོ་མོ་ཆེའི་ཡར་ལངས་ལས་འགུལ་སྐབས་ཀྱི་སློབ་ཕྲུག་ཚོས་རྒྱ་གཞུང་དང་ཞི་མོལ་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་བཞིན་ཡོད་ཀྱང་། ཁོ་ཚོས་ང་ཚོ་སྡེབ་གསོད་གཏོང་བཞིན་ཡོད་སྟབས། ང་ཚོས་མི་གསོད་དོན་རྐྱེན་སྤེལ་མཁན་དག་དང་གྲོས་མོལ་བྱས་ཏེ་དཀའ་ངལ་སེལ་ཐབས་རྩ་བ་ནས་ལྷག་མེད། ཧུའུ་ཡའོ་པང་མི་ཡག་པོ་ཞིག་ཡིན་ཡང་། འཛམ་གླིང་གི་སྲིད་དབང་སྒེར་སྤྱོད་རིང་ལུགས་ཆེ་ཤོས་དམར་ཤོག་ཚོཊ་པའི་ཚོཊ་མི་ཞིག་ཀྱང་ཡིན།

    ཉེ་ཆར་རྒྱ་གཞུང་གིས་གཞུང་འཛིན་ལམ་ལུགས་ཁག་བཅོས་བསྒྱུར་ཡོང་ཐབས་ལ་ལས་འགུལ་སྤེལ་བཞིན་པའི་ཆབ་འབངས་གསར་པའི་ལས་འགུལ་སྣེ་ཁྲིད་མཁན་དག་གཙོས། རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་འཇུ་བཟུང་བཀག་ཉར་བྱེད་བཞིན་འདུག ཁོང་ཚོའི་བསམ་ཚུལ་དག་མི་རྒྱུ་ལྐོག་ཟ་ལྐོག་རྔན་ལེན་མཁན་གྱི་རྒྱ་ནག་མགོ་ཁྲིད་ཚོས་ཉན་འཇོག་མ་བྱས་དོན་གང་ཡིན་ནམ། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོའི་དབང་ཐང་དང་འབྱོར་བ་ཆེ་རུ་འགྲོ་བཞིན་ཡོད་སྟབས། ཁོ་ཚོས་འཛམ་གླིང་གི་ཉམ་ཆུང་རྒྱལ་ཁབ་དང་མི་ལ་ཐུབ་ཚོད་གཏོང་གི་ཡོད་ལ། ཨོ་བྷ་མ་དང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་སོགས་ལའང་བསླུ་བྲིད་གཏོང་གི་ཡོད།

    ང་ཚོས་རྒྱ་ནག་དམར་ཤོག་ཚོཊ་པའི་མགོ་ཁྲིད་ཚོས་སྙིང་རྗེ་བྱས་ཏེ་གཞུང་འཛིན་ལམ་ལུཊ་ལ་བཅོས་བསྒྱུར་གཏོང་རྒྱུར་རེ་བ་རྒྱག་རྒྱུ་མེད་ལ། ནུབ་ཕྱོཊ་རྒྱལ་ཁབ་ཀྱིས་པེ་ཅིན་སྲིད་གཞུང་ལ་གནོན་ཤུཊ་སྤྲད་དེ་འགྱུར་བ་གཏོང་གི་རེད་བསམ་ནས་ངང་སྒུག་དེ་བས་ཀྱང་བྱ་རྒྱུ་མེད། ནུབ་ཕྱོཊ་རྒྱལ་ཁབ་དང་རྒྱ་ནག་མགོ་ཁྲིད་ཚོས་རྒྱ་རིཊ་མང་ཚོཊ་ཀྱི་མངོན་འདོད་དེ་བསྒྲུབ་ཐུབ་ཀྱི་མ་རེད། གང་ཡིན་ཞེ་ན། ནུབ་ཕྱོཊ་རྒྱལ་ཁབ་ཚོས་འཛམ་གླིང་དམག་ཆེན་གཉིས་པ་མ་བྱུང་སྔོན་ལྟར། སོ་སོའི་དཔལ་འབྱོར་དང་ཁེ་དབང་ཐོབ་ཐབས་སུ་རྒྱ་གཞུང་ལ་ངོ་སྲུང་སྤྲེལ་ལད་འཁྲབ་པ་མ་གཏོཊ་ང་ཚོའི་འདོད་མོས་ལ་རམ་འདེཊ་བྱ་རྒྱུ་ཁག་པོ་རེད། དེ་བཞིན་རྒྱ་གཞུང་གིས་འཛམ་གླིང་དམག་ཆེན་གསུམ་པ་སློང་རྒྱུ་ཕར་ཞོག་དམག་ཤུཊ་འདང་ངེས་ཤིག་ཡོད་པའང་ཁག་པོ་ཡིན་ཡང་། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཚོ་མུ་མཐུད་རྒྱ་གཞུང་གི་རྗེས་སུ་འབྲང་ཚེ། ནད་བགོ་སླ་བའི་རྒྱ་ཟས་དང་སྦག་བཙོག་ཅན་གྱི་རླུང་ཁམས་གང་སར་ཁྱབ་ཏེ། རྒྱ་རིགས་ཙམ་མ་ཟད་འགྲོ་བ་མིའི་རིཊ་ལ་བཟོད་ཐབས་བྲལ་བའི་སྡུག་བསྔལ་ཞིག་བསྐྲུན་རྒྱུ་ཡིན་པ་གོར་མ་ཆག

    ང་ནི་ང་ཚོས་སོ་སོའི་མགོན་སྐྱབས་བྱེད་ཐུབ་པ་བྱ་རྒྱུར་གལ་འགངས་ཆེན་པོར་འཛིན་མཁན་ཞིག་ཡིན་ཡང་། ཐབས་ལམ་དེ་གསར་གཏོད་བྱེད་མཁན་གྱི་བྱེད་པོ་དེ་མིན་ལ་ཉམས་ལེན་བྱེད་མཁན་ཐོག་མ་དེ་ཡང་མིན། རྒྱ་གཞུང་གི་སྐྱུག་བྲོ་བའི་བྱ་སྤྱོད་དག་གིས་རྒྱ་རིགས་ལས་འགུལ་བ་དང་། མི་སེར་དཀྱུས་མ་ཚོར་བཟོད་ཐབས་བྲལ་བའི་དཀའ་ངལ་དུ་མ་བཟོ་བཞིན་ཡོད་སྟབས། ད་ལྟ་རྒྱ་ནག་ནང་གསར་བརྗེའི་རླུང་འཚུབ་ཞིག་ལྡང་དགོས་པའི་སྐོར་ལ་ཞི་རྒོལ་ཞིག་གང་སར་བྱེད་བཞིན་ཡོད་འདུག་ལ། ཝ་ཤིན་ཌོན་ཌི་སེ་ནང་བཞུགས་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྙན་གྲགས་ཅན་ཝེ་ཅང་ཤིང་ (Wei Jingsheng) ལགས་ཀྱིས། རྒྱ་ནག་ནང་གསར་བརྗེའི་ལས་འགུལ་དགོས་པའི་རྩོམ་ཡིག་དང་། ལྟ་ཚུལ་མང་པོ་ཞིག་བྲིས་གནང་འདུག ཁོང་གིས་ལོ་གསར་སྐབས་རྟ་ཕོས་བང་རྩལ་འགྲན་བཞིན་པའི་འདྲ་པར་ཞིག་དྲ་ཐོག་ཏུ་བཞག་སྟེ་དེའི་ཐོག་ “རྒྱ་ནག་གི་བཅོས་བསྒྱུར་རྩ་ཡལ་ཕྱིན་སོང་། གསར་བརྗེའི་རླུང་འཚུབ་ལྡང་མགོ་ཚུགས་དགོས” ཞེས་བྲིས་ཡོད། ཁོང་ནི་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་རྒྱ་འོག་ནས་རང་བཙན་ཐོབ་ཐབས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། 

     ང་ཚོའི་འཐབ་རྩོད་དེ་ང་ཚོས་རྩོད་ལེན་བྱེད་དགོས་པ་མ་ཟད། རྒྱ་ནག་ནང་མགོ་ཁྲིད་བཟང་པོ་ཞིག་ཡོང་རྒྱུར་རེ་སྒུག་བྱས་ཏེ་སྡོད་རྒྱུ་མེད་ལ། དེ་བཞིན། རྒྱ་ནག་གི་མགོ་ཁྲིད་ཚོས་ང་ཚོའི་འདོད་དོན་མ་ལུས་བསྒྲུབ་རྒྱུ་རེད་བསམ་ནས་སྡོད་རྒྱུ་དེ་བས་ཀྱང་མེད། ངའི་བསམ་པར་ང་ཚོས་ཡུ་རོབ་རྒྱལ་ཁབ་དང་སྒྲིག་འཛུགས་ཁག་ལ་ཞུ་གཏུག་ལས་འགུལ་སྤེལ་བཞིན་པ་དག་ཀྱང་ཕྱིར་འཐེན་བྱེད་དགོས་ཀྱི་འདུག་ལ། གནམ་ལ་བལྟས་ནས་མ་བསྡད་པར་ལས་འགུལ་དཀྱུས་མ་དག་ལ་དོ་སྣང་མང་ཙམ་སྤྲོད་རྒྱུའི་དུས་ལ་བབ་འདུག་སྙམ། ངས་འཆི་དགོས་པ་དག་ཤི་དགོས་ཟེར་བ་དེ་འགྲོ་བ་མིའི་འཆི་བ་མི་རྟག་པ་དག་ལ་ཟེར་གྱི་མེད། དེ་ནི་རྒྱ་ནག་གི་སྲིད་དབང་སྒེར་འཛིན་རིང་ལུགས་པ་དང་བཙན་ཤེད་ཀྱི་ལམ་ལུགས་དག་ལ་ཟེར་གྱི་ཡོད། རྒྱ་ནག་ནང་གི་རྒྱ་རིགས་གྲོགས་པོ་མང་པོ་ཞིག་གིས་ངོ་དེབ་དང་ཌོའུ་ཀྲར་བརྒྱུད་ང་ལ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ནི་མུན་ནག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་ཡང་། ང་ཚོར་མུན་ནག་དེ་ནས་མགྱོཊ་མྱུར་འོད་ཟེར་སྟོང་ལྡན་གྱི་ཉི་མ་ཞིག་འཆར་ངེས་རེད།” ཅེས་འཕྲིན་ཐུང་བྲིས་ཏེ་བསྐུར་ཡོང་གི་འདུག དེར་བརྟེན། ང་ཚོས་འཕྱར་གྲུ་མཉམ་འདེགས་ཀྱི་ལས་འགུལ་མུ་མཐུད་སྤེལ་ཏེ། རྒྱ་ནག་དང་བོད། ཤར་ཏུར་ཀི་སི་ཐན། ལྷོ་སོག ཧོང་ཀོང་། ཐེ་ཝན་བཅས་རྒྱ་ནག་དམར་ཤོག་ཚོཊ་པའི་ལག་འོག་ནས་རང་དབང་རང་བཙན་ཐོབ་པ་བྱ་དགོས།

    རྩོམ་པ་པོ་རོའོ་སེ་ཏང་ (Rose Tang) ལགས་ནི། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་བཅའ་སྡོད་བྱེད་བཞིན་ཡོད་ཅིང་། ཁོ་མོས་འདས་པའི་ལོ་ ༡༢ རིང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་སི་ཨན་ཨན་ ( CNN) སོགས་ནང་ཕྱག་ལས་གནང་སྟེ། བོད་རྒྱ་གཉིས་ཀྱི་གནས་ཚུལ་ཐོག་རྩོམ་ཡིག་མང་པོ་བྲིས་ཡོད་འདུག་ལ། ཨ་རིའི་པིན་སེ་ཀྲོན་གཙུག་ལག་སློབ་ཆེན་ནང་གསར་འགོད་རིག་པའི་སྐོར་ལ་སློབ་ཁྲིད་ཀྱང་གནང་མྱོང་ཡོད་འདུག ཁོ་མོ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་ཞི་རྒོལ་སྐབས་རང་སྲོག་ཐར་བའི་ཕྱི་སྡོད་རྒྱ་རིགས་ཤིག་ཡིན་འདུག

མ་རྩོམ་འབྲེལ་ཐག www.phayul.com/news/article.aspx

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist