མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏེར་ཁ་སྔོག་འདོན་པར་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་མཛོ་སྒང་རྫོང་གི་བོད་མི་ཞིག་གིས་གཏེར་ཁ་སྔོག་འདོན་པར་ངོ་རྒོལ་སྐད་འབོད་དང་མཉམ་ལུས་ལ་གྲི་བཙུཊ་ཡོད་པ་མ་ཟད། ཁང་པའི་ཡང་སྟེང་ནས་མཆོངས་ཏེ་རང་ཤི་བརྒྱབ་འདུག

ཟླ་འདིའི་ཚེས་ ༧ ཉིན་གྱི་ཞོགས་པར་བོད་ནང་གི་ཆབ་མདོ་ཁུལ་མཛོ་སྒང་སྟོང་འབར་ཡུལ་ཚོའི་རང་ལོ་ ༣༩ ཡིན་པའི་བོད་མི་འཕགས་པ་རྒྱལ་མཚན་ཞུ་བ་ཞིག་གིས། རྒྱ་གཞུང་གི་རྒྱལ་མོ་རྔུལ་ཆུའི་ཉེ་འགྲམ་དང་ས་གནས་ཀྱི་ཟེར་གེ་ཨར་གྲོང་གི་ལུང་པའི་མདོར་གསེར་གྱི་གཏེར་ཁ་སྔོག་འདོན་བྱ་འཆར་ཡོད་པའི་ཐད་ངོ་རྒོལ་སྐད་འབོད་དང་མཉམ་དུ་རང་ལུས་ལ་གྲི་བཙུགས་པ་དང་། ཡུལ་ཚོའི་ཐོག་ཁང་གི་ཡང་སྟེང་ནས་མར་མཆོངས་ཏེ་རང་ཤི་བརྒྱབ་ཡོད་འདུག

འདིའི་ཐད་ཨེ་ཤ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གནས་ཚུལ་བྱུང་བའི་ཉིན་དེར་འཕགས་པ་རྒྱལ་མཚན་ལགས་ཀྱིས་སྟོང་འབར་ཡུལ་མི་ཚོའི་བོད་མི་ཚོར་ཁྱེད་རྣམ་པས་ངོ་རྒོལ་སྐད་འབོད་བྱེད་མི་དགོས། ངས་གོ་ཆོད་པ་ཞིག་བྱེད་ཆོག་ཟེར་ནས་ཡུལ་ཚོའི་ཁང་པའི་ཐོག་འཛེགས་ཏེ། རྒྱ་ནག་གིས་ང་ཚོའི་ས་གནས་སུ་གཏེར་ཁ་སྔོག་འདོན་བྱེད་མི་ཆོག བོད་མི་ཚོར་རང་དབང་མི་འདུག་ཅེས་སྐད་འབོད་བྱས་ཡོད་འདུག་ལ། སྐབས་དེར་མི་འགའ་ཞིག་གིས་བཀག་འགོག་དང་ཁ་བརྡ་བྱས་ཡོད་ཀྱང་མ་ཉན་པར་མུ་མཐུད་སྐད་འབོད་བྱེད་ཞོར་ལུས་ལ་གྲི་བཙུགས་པ་དང་། ཁང་པའི་ཡང་སྟེང་ནས་མར་མཆོངས་ཏེ་འདས་གྲོངས་སུ་ཕྱིན་ཡོད་འདུག

གནས་ཚུལ་ནང་བཀོད་པ་ལྟར་ན། ཐེངས་འདིའི་གནས་ཚུལ་དེ་ནི་རྒྱ་གཞུང་གིས་ཟླ་གཉིས་ཙམ་གྱི་གོང་ནས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོ་གེ་ཨར་གྲོང་དུ་གཏེར་ཁ་སྔོག་འདོན་བྱ་རྒྱུའི་འཆར་གཞི་བསྒྲིགས་ཡོད་པར་མ་ཟད། ལས་གཞི་དེའི་ཆེད་དུ་ས་གནས་སུ་ལམ་ཁ་གསར་བཟོ་དང་ཉེ་འདབས་ཀྱི་རྒྱལ་མོ་རྔུལ་ཆུར་ཟམ་པ་ཞིག་ཀྱང་བརྒྱབ་ཚར་ཡོད་འདུག་ལ། གནས་སྟངས་དེ་དག་གི་ཐད་ས་གནས་བོད་མི་ཚོས་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་སྟབས། ཟླ་ ༤ ཚེས་ ༢༨ ཙམ་ལ་བོད་མི་གཞོན་སྐྱེས་༢༠ ཙམ་སྟོང་འབར་ཡུལ་ཚོར་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག སྐབས་དེ་དག་ཏུ་ཡུལ་ཚོའི་ལས་བྱེད་ཚོས་ས་གནས་ཡུལ་མི་དང་བཀག་ཉར་འོག་ཡོད་པའི་བོད་མི་ཚོར་སློབ་གསོ་གཏོང་བ་དང་། ནང་མི་རེར་རྒྱ་སྒོར་ ༡༠༠༠༠ རེ་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་། ས་གནས་ཡུལ་མི་ཚོས་ངོས་ལེན་མ་བྱས་པར་ལྷག་ཡོད་འདུག ཉེ་ལམ་འཛིན་བཟུང་བྱས་པའི་བོད་མི་དེ་དག་ཀློད་གྲོལ་བཏང་ཡོད་ཀྱང་། འཕགས་པ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གི་བྱེད་སྟངས་ལ་འདོད་བློ་མ་ཁེངས་པར་རང་ཤི་བརྒྱབས་ཡོད་འདུག

འཕགས་པ་རྒྱལ་མཚན་ལགས་ནི་ཆབ་མདོ་མཛོད་སྒང་རྫོང་། སྟོང་འབར་ཡུལ་ཚོའི་ཆོས་ཤོས་ཚང་གི་བུ་ཆེ་བ་དེ་ཡིན་འདུག་ལ། ཁོང་དང་བཟའ་ཟླ་གཉིས་ལ་ཕྲུ་གུ་གསུམ་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ལྡི་ལིར་བསླེབས་པ་དང་བོད་མིས་ངོ་རྒོལ་བྱས་ཏེ་ལས་འགུལ་བ་ ༧ འཛིན་བཟུང་བྱས། ༢༠༢༥།༠༨།༡༨
Mobile App

ཝང་ཡེས་ལ་ངོ་རྒོལ་བྱས་ཏེ་ལས་འགུལ་བ་ ༧ འཛིན་བཟུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Free Tibet leads campaign against China's 'Mega-Embassy' plans in London (Photo X/@freetibetorg)
Mobile App

ལོན་ཌོན་གྱི་ལྟེ་བར་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་བྱེད་པར་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༨/༡༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ནང་མི་རིགས་ཕན་ཚུན་འཆམ་མཐུན་ཧ་ཅང་ཡག་པོ་རེད་དེ་ལྟ་བུའི་མིག་ལྟོས་བཟང་པོ་ཡོད་པ་མུ་མཐུད་ཡར་རྒྱས་གཏོང་དགོས་ཞེས་གསུངས།

༢༠༢༥/༠༨/༡༦
Mobile App

ལུ་དྷི་ཡ་ནར་༧སྐུའི་གོ་སྟོན་སྲུང་གཙི་གནང་སྐབས་རྒྱ་གར་རང་གི་ཐོན་རྫས་ཚོང་འགྲེམས་གནང་ཐུབ་པར་སྐུལ་འདེད་གནང་།

༢༠༢༥/༠༨/༡༥
CTA celebrated the 79th Indian Independence day with a note of gratitude and good wishes. Photo; tibetimes 2025/8/15
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་སོང་།

༢༠༢༥/༠༨/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese