མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྲེག་གི་བྱུང་རྐྱེན་དང་རྒྱབ་ལྗོངས་ལ་རྟོག་ཞིབ་བྱ་རྒྱུའི་འགན་རྒྱ་གཞུང་ལ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ནོར་ཝེ་རྒྱལ་ས་ཨོ་སི་ལོར་བོད་ནང་གི་རང་ལུས་མེར་བསྲེཊ་སྐོར་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྟེ། རང་སྲེག་གནས་ཚུལ་དེ་བོད་མི་ཚོའི་སེམས་ནང་འདོད་བློ་མ་ཁེངས་པའི་རྣམ་པ་སྟོན་བཞིན་ཡོད་སྟབས། རྒྱུ་རྐྱེན་དང་རྒྱབ་ལྗོངས་གནས་སྟངས་ལ་རྟོག་ཞིབ་བྱ་རྒྱུའི་འགན་རྒྱ་ནག་གཞུང་ལ་ཡོད་པ་དང་། རྒྱ་གཞུང་གིས་གནས་ཚུལ་དེའི་སྐོར་ནས་ཁོང་ལ་ཁག་དཀྲི་མི་འདུག་པར། གསར་འགོད་པ་ཚོ་བོད་དུ་བཏང་ནས་དངོས་ཡོད་གནས་སྟངས་ཇི་ཡིན་ཐོག་ངེས་པར་དུ་ཞིབ་འཇུག་བྱེད་འཇུག་དགོས་སྐོར་གསུངས་འདུག

ཉིན་འདི་གར་༧གོང་ས་མཆོག་གིས་ནོར་ཝེར་ཆོས་ཕྱོཊ་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཁ་སང་ཚེས་ ༨ ཉིན་མང་ཆོཊ་དང་སློབ་ཕྲུག་ཚོར་གང་ཟག་སྒེར་གྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དང་འགྱུར་ལྡོག་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བར་ལན་འདེབས་བཅས་གནང་ཡོད་པ་དང་། སྐབས་དེར་སློབ་ཕྲུག་ཚོས་ཁོར་ཡུག་གི་སྐོར་གྱི་དྲི་བའི་ལན་དུ་༧གོང་ས་མཆོག་གིས། སྤྱིར་ཨ་རི་དང་ཨོ་སི་ཊོ་ལི་ཡ་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོས་དེང་དུས་ཀྱི་ཚན་རིག་ལག་རྩལ་བེད་སྤྱོད་བཏང་སྟེ་རྒྱ་མཚོའི་ཆུ་གཙང་མར་བཟོས་ཏེ་འཚོ་བའི་ནང་བེད་སྤྱོད་བཞིན་པ་སོཊ་ཚན་རིག་ལག་རྩལ་བེད་སྤྱོད་བྱས་ཏེ་མིའི་རིཊ་ལ་ཕན་ཐོཊ་ངེས་ཅན་ཞིག་ཡོང་གི་ཡོད་ཀྱང་། རྒྱ་དཀར་ནག་སོཊ་སུ་དཔལ་འབྱོར་འཕེལ་རྒྱས་ཀྱི་དབང་གིས་མཁའ་རླུང་འབག་བཙོག་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཁྱིམ་ཚང་གཅིག་གི་མི་རེ་རེས་རླངས་འཁོར་རེ་བེད་སྤྱོད་གཏོང་གི་ཡོད་པ་སོཊ་ཀྱིས་ཁོར་ཡུག་ལ་འབག་བཙོག་ཤུཊ་ཆེར་བཟོ་བཞིན་ཡོད་སྟབས། རྒྱས་སྤྲོས་ཅན་གྱི་འཚོ་བ་སྐྱེལ་སྟངས་ལ་ངེས་པར་དུ་འགྱུར་བ་གཏོང་རྒྱུ་གལ་ཆེན་ཡིན་ཚུལ་གསུངས་ཡོད་པར་མ་ཟད། སེམས་ཁམས་སློབ་གསོའི་ཕྱོཊ་ནས་ཀྱང་དེང་དུས་དང་རྒྱ་གར་གྱི་སྔ་མོའི་སེམས་ཁམས་སློབ་གསོ་གཉིས་བསྡུར་ན། དེང་དུས་ཀྱི་སེམས་ཁམས་སློབ་གསོའི་གནས་ཚད་ཧ་ཅང་ཞན་པོ་ཡིན་སྟབས། སེམས་ཁམས་སློབ་གསོའི་སྐོར་ལ་སྔར་ལྷག་ཤུགས་སྣོན་རྒྱག་དགོས་པ་དང་། ནོར་ཝེའི་སློབ་གྲྭ་ཆེ་ཁག་ཏུ་སེམས་ཁམས་ཀྱི་སློབ་གསོའི་ལས་རིམ་ངོ་སྤྲོད་བྱ་རྒྱུ་གལ་ཆེན་ཡིན་ཚུལ་སོཊ་གསུངས་ཡོད་འདུག

ཕྱི་ཚེས་ ༧ ཉིན་༸གོང་ས་མཆོག་ནོར་ཝེ་རྒྱལ་ས་ཨོ་སི་ལོར་ཆིབས་བསྒྱུར་སྐབས་གནམ་ཐང་དུ་གསར་འགོད་པ་ཞིག་གིས། ཐེངས་འདིར་ནོར་ཝེ་གཞུང་འཛིན་མི་སྣས་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་གནང་བའི་ཐད་དགོངས་ཚུལ་དྲིས་སྐབས་༧གོང་ས་མཆོག་གིས། ངོས་ཀྱི་ངོས་ནས་འདི་རྒྱུན་ལྡན་གྱི་གནས་སྟངས་ཤིག་ལ་ངོས་འཛིན་བྱེད་བཞིན་ ཡོད། རྒྱལ་ཁབ་ཀྱི་རྩ་དོན་གལ་ཆེན་པོ་རེད། ཡིན་ནའང་། ཏཱ་ལའི་བླ་མ་གཞན་ལ་གནོད་སྐྱེལ་མཁན་ཞིག་མིན་པ་ངོས་ཀྱིས་ཁས་ལེན་ཞུ་ཆོག ངོས་ཀྱིས་ལས་དོན་གལ་ཆེ་ཤོས་མང་ཚོགས་དང་ཐུག་ཏེ་ང་ཚོ་འཛམ་གླིང་འདིར་འཚོ་གནས་བྱེད་བཞིན་པའི་མི་ཐེར་འབུམ་ ༧ ཚང་མ་འགྲོ་བ་མིའི་རིཊ་གཅིག་མཚུངས་ཡིན་བསམ་པའི་འདུ་ཤེས་ཐོག་ནས། འགྲོ་ བ་མིའི་གཞི་རྩའི་བཟང་པོའི་ཡོན་ཏན་གོང་མཐོར་གཏོང་ཐབས་བྱ་རྒྱུར་ངོས་འཛིན་བྱེད་བཞིན་ཡོད། དཀའ་ངལ་ཆེན་པོར་འཕྲད་སྐབས་ང་ཚོས་འཛམ་གླིང་སྤྱིར་ཕན་གནོད་ཇི་འདྲ་ཞིག་ཡོང་མིན་ལ་བསམ་བློ་གཏོང་དགོས་པ་ལས། ང་ཚོ་དང་ཁོ་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བཟུང་བྱ་རྒྱུ་མེད། ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས། ཤེས་ཡོན་བཅས་ལས་དོན་ཇི་འདྲ་ཞིག་སྤེལ་ཡང་འགྲོ་བ་མིའི་གཞི་རྩའི་རིན་ཐང་གཞི་རྩར་བཞག་ཏེ་ཕུགས་རྒྱང་རིང་པོར་སྨན་པའི་བསམ་བློ་གཏོང་དགོས། ངོས་རང་ཡུལ་འདིར་ཡོང་སྐབས་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་ན་བློ་ཁ་མ་ཁེངས་པ་ཡོང་སྲིད་ཀྱང་། ངོས་ལ་ཆབ་སྲིད་ཀྱི་རེ་དོགས་གང་ཡང་མེད་སྟབས། བློ་ཁ་མ་ཁེངས་པ་བྱེད་དགོས་དོན་གང་ཡང་མེད། ཅེས་གསུངས་འདུག

ཉིན་དེར་༧གོང་ས་མཆོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་གཟེངས་རྟགས་འབུལ་བཞེས་གནང་སྟེ་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཕེབས་ཏེ་བཀའ་སློབ་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་འདུག སྐབས་དེར་གསར་འགོད་པ་ཞིག་གིས་༧གོང་ས་མཆོག་ལ་ཐེངས་འདིར་ནོར་ཝེ་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་ལ་བློ་ཕམ་བྱུང་མིན་དྲིས་པའི་ལན་དུ་༧གོང་ས་མཆོག་གིས། བློ་ཕམ་རྩ་བ་ནས་མེད་ལ་བློ་ཕམ་ཡོང་དགོས་དོན་ཡང་མེད། ངོས་ཀྱི་དམིགས་ཡུལ་གཙོ་བོ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་བྱ་རྒྱུ་དེ་ཡིན། ང་ཚོ་སྐྱེས་པ་ནས་རང་ཉིད་ཀྱིས་བྱམས་བརྩེའི་འཚོ་བ་མྱོང་བ་ཙམ་དུ་མ་ཟད། གཞན་གྱི་བདེ་སྡུག་ལ་ཚོར་བ་ཡོང་བཞིན་ཡོད་སྟབས། ང་ཚོར་བྱམས་བརྩེའི་བློའི་ས་བོན་ཡོད་པ་འདི་སྐྱེད་སྲིང་བྱེད་དགོས། ལུས་པོའི་འཕྲོད་བསྟེན་ཡག་པོ་ཞིག་ཡོང་བ་ལའང་སེམས་ལ་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེང་སྐབས་ཚན་རིག་པ་ཚོས་ཤེས་རྟོགས་བྱུང་ཡོད། སྤྱིར་བཏང་མི་ཚོས་བྱམས་པ་དང་བརྩེ་བ་བརྗོད་སྐབས་ཆོས་ཀྱི་སྐད་ཆ་རེད་ཅེས་པའི་བསམ་ཚུལ་འཛིན་བཞིན་ཡོད། འོན་ཀྱང་དོན་དངོས་ཐོག་བྱམས་པ་དང་བརྩེ་བའི་རིན་ཐང་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཚོ་བའི་གོམས་གཤིས་ནང་ཧ་ཅང་དགོས་མཁོ་ཆེན་པོ་ཞིག་ཡིན། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་དོན་ལ་དོ་དབྱིངས་ཡོད། ཅེས་གསུངས་ཡོད་འདུག

བོད་ནང་གི་རང་ལུས་མེར་བསྲེཊ་ཐད་ཀྱི་དྲི་བར་ལན་འདེབས་གནང་སྐབས་༧གོང་ས་མཆོག་གིས། གནས་སྟངས་འདི་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་རེད། ཚབས་ཆེའི་ལས་འགུལ་དེ་དག་ནད་ཀྱི་མཚོན་རྟགས་ལྟ་བུ་རེད། གནས་ཚུལ་དེ་དག་གི་རྒྱབ་ལྗོངས་དུ་བོད་མི་ཚོའི་སེམས་ནང་འདོད་བློ་མ་ཁེངས་པའི་རྣམ་པ་ཡོད་པ་མཚོན་བཞིན་ཡོད་སྟབས། གནས་ཚུལ་དེ་དག་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་གྱི་རྒྱབ་ལྗོངས་གནས་སྟངས་ལ་རྟོག་ཞིབ་བྱ་རྒྱུར་རྒྱ་ནག་གཞུང་ལ་འགན་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་མ་བྱས་པར་ངོས་ལ་ཁག་དཀྲི་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་གསར་འགོད་པ་ཚོ་བོད་དུ་བཏང་ནས་དངོས་ཡོད་གནས་སྟངས་ཇི་ཡིན་ཐོག་ངེས་པར་དུ་ཞིབ་འཇུག་བྱེད་འཇུག་དགོས། རང་ལུས་མེར་སྲེག་གཏོང་མཁན་བོད་མི་དེ་དག་ཆང་སོགས་ཀྱི་བཟི་བ་དང་ནང་མིའི་དཀའ་ངལ་འཕྲད་ནས་རང་སྲེག་བྱས་པ་དེ་འདྲ་མིན། ཁོང་ཚོས་དེ་ལྟར་བྱས་པ་དེར་རྒྱུ་རྐྱེན་གཞན་ཞིག་ཡོད། ཅེས་གསུངས་ཡོད་འདུག

དོལ་རྒྱལ་ཚོགས་པས་གཞུང་ལམ་དུ་ངོ་རྒོལ་བྱས་པའི་སྐོར་ལ་ལན་འདེབས་གནང་སྐབས་༧གོང་ས་མཆོག་གིས། ངོས་དུས་རྟག་ཏུ་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་རྒྱུན་འཁྱོངས་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་བརྗོད་བཞིན་ཡོད། མི་ཁ་ཤས་ལ་ནང་ཆོས་དེས་ཕན་ཐོགས་ཆེ་བ་ཡོད་ན་དེ་ལྟར་བྱེད་མིན་སོ་སོའི་རང་དབང་རེད། བཅོམ་ལྡན་འདས་ཀྱིས་རྗེས་འཇུག་ཚོར་བཅོམ་ལྡན་འདས་ལ་དད་པ་ཙམ་ལ་ཆ་མ་བཞག་པར་བཀའ་ལ་དཔྱད་པ་བྱེད་དགོས་གསུངས་ཡོད། ངོ་རྒོལ་བྱེད་མཁན་ཚོར་མཚོན་ན། སྤྱིར་རྡོ་རྗེ་ཤུགས་ལྡན་སྐོར་དེ་ལོ་རྒྱུས་རིང་པོ་རེད། ལོ་ངོ་བཞི་བརྒྱའི་གོང་༸རྒྱལ་བ་ལྔ་པའི་སྐབས་ནས་གླེང་གཞི་ཅན་གྱི་དྲེགས་པ་ཞིག་ཆགས་ཡོད། ༸རྒྱལ་བ་ལྔ་པས་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་། བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞིག་ལ་ངོས་འཛིན་གནང་ཡོད། ༸རྒྱལ་བ་ལྔ་པའི་རྗེས་སུ་བླ་ཆེན་མང་པོས་ཤུགས་ལྡན་ལ་དམ་བསྒྲགས་གནང་ཡོད་པ་མ་ ཟད། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཤུགས་ལྡན་དར་སོ་དེ་ཙམ་མེད་ཀྱང་དེར་དམ་བསྒྲགས་གནང་ཡོད། ངོས་ཀྱིས་ནོར་བ་རེད། ངོས་ཀྱིས་མ་ཤེས་པར་ཕྱི་ལོ་ ༡༩༥༡ ནས་ ༡༩༧༠ འགོ་སྟོད་བར་ཤུགས་ལྡན་བསྟན་པ་རེད།

ཕྱིས་སུ་ངོས་ཀྱིས་དེར་མ་འགྲིག་པ་ཞིག་ཡོད་པ་ཤེས་ནས་བརྟག་དཔྱད་བྱེད་སྐབས། ༸གོང་ས་ལྔ་པ་ཆེན་པོ་མཆོག་དང་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དམ་བསྒྲགས་གནང་བ་གཞི་ནས་ཤེས་བྱུང་། དེའི་རྗེས་ངོས་དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་བྱས་པ་ཡིན། དེ་ནས་རིམ་བཞིན་མང་ཚོགས་ཀྱིས་གནས་ཚུལ་ཤེས་སྟབས་དེའི་སྐོར་མང་ཚོགས་ལ་འགྲེལ་བཤད་རྒྱག་རྒྱུ་ངོས་ཀྱི་ལས་འགན་རེད། དོལ་རྒྱལ་རྗེས་འབྲང་པ་ཚོས་ཚོགས་པ་བཙུགས་ནས་ངོས་ཀྱིས་དོལ་རྒྱལ་བཀག་སྡོམ་བྱེད་ཀྱི་ཡོད་པ་བརྗོད་བཞིན་ཡོད། དངོས་ཡོད་གནས་སྟངས་དེ་འདྲ་མ་རེད། རྒྱ་གར་ལྷོ་ཕྱོགས་ལ་དགོན་པ་ཆེ་ཐག་ཆོད་ཡོད་པའི་ནང་དོལ་རྒྱལ་མུ་མཐུད་བསྟེན་ བཞིན་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། བླ་མ་དང་སློབ་མའི་དབར་དམ་ཚིག་གཙང་མ་དགོས་སྟབས་དོལ་རྒྱལ་བསྟེན་འདོད་ཡོད་ན་ངོས་ཀྱི་སར་ནས་ཆོས་མ་ཞུ་རོགས་ཞེས་བརྗོད་ཀྱི་ཡོད། དེ་འདྲ་བརྗོད་པ་དེར་ཁོང་ཚོས་དམ་བསྒྲགས་བྱས་པ་རེད་ཅེས་བརྗོད་བཞིན་ཡོད། དོལ་རྒྱལ་རྗེས་འབྲང་པ་ཚོས་ངོས་ལ་སྐྱག་རྫུན་མ་ཤོད། ཅེས་སྐད་འབོད་རྒྱག་བཞིན་ཡོད། སྐྱག་རྫུན་སུས་ཤོད་ཀྱི་འདུག ངོས་ཀྱིས་ཆོས་ལུགས་རིས་མེད་བྱེད་དགོས་པའི་ལམ་སྟོན་བྱེད་བཞིན་ཡོད། དོལ་རྒྱལ་བསྟེན་པས་ཆོས་ལུགས་འགལ་ཟླ་འགྲོ་བཞིན་ཡོད། ངོས་ལ་ངོ་རྒོལ་བྱེད་མཁན་དོལ་རྒྱལ་རྗེས་འབྲང་པ་ཚོས་དངོས་ཡོད་གནས་ཚུལ་མ་ཤེས་པར་དེ་ལྟར་བྱེད་བཞིན་ཡོད་སྟབས། ཡ་ང་སྙིང་རྗེ་བསམ་པ་དྲན་གྱི་འདུག ཅེས་གསུངས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ བོད་ནང་གི་རང་ལུས་མེར་བསྲེཊ་ཐད་ཀྱི་དྲི་བར་ལན་འདེབས་གནང་སྐབས་༧གོང་ས་མཆོག་གིས། གནས་སྟངས་འདི་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་རེད། ཚབས་ཆེའི་ལས་འགུལ་དེ་དག་ནད་ཀྱི་མཚོན་རྟགས་ལྟ་བུ་རེད།
    གནས་ཚུལ་དེ་དག་གི་རྒྱབ་ལྗོངས་དུ་བོད་མི་ཚོའི་སེམས་ནང་འདོད་བློ་མ་ཁེངས་པའི་རྣམ་པ་ཡོད་པ་མཚོན་བཞིན་ཡོད་སྟབས། གནས་ཚུལ་དེ་དག་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་གྱི་རྒྱབ་ལྗོངས་གནས་སྟངས་ལ་རྟོག་ཞིབ་བྱ་རྒྱུར་རྒྱ་ནག་གཞུང་ལ་འགན་ཡོད། ་་་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ རྒྱལ་ཁབ་ཀྱི་རྩ་དོན་གལ་ཆེན་པོ་རེད། ཡིན་ནའང་། ཏཱ་ལའི་བླ་མ་གཞན་ལ་གནོད་སྐྱེལ་མཁན་ཞིག་མིན་པ་ངོས་ཀྱིས་ཁས་ལེན་ཞུ་ཆོག ངོས་ཀྱིས་ལས་དོན་གལ་ཆེ་ཤོས་མང་ཚོགས་དང་ཐུག་ཏེ་ང་ཚོ་འཛམ་གླིང་འདིར་འཚོ་གནས་བྱེད་བཞིན་པའི་མི་ཐེར་འབུམ་ ༧ ཚང་མ་འགྲོ་བ་མིའི་རིཊ་གཅིག་མཚུངས་ཡིན་བསམ་པའི་འདུ་ཤེས་ཐོག་ནས། འགྲོ་ བ་མིའི་གཞི་རྩའི་བཟང་པོའི་ཡོན་ཏན་གོང་མཐོར་གཏོང་ཐབས་བྱ་རྒྱུར་ངོས་འཛིན་བྱེད་བཞིན་ཡོད། ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese