མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་རྒྱལ་གནད་དོན་ཐོག་ཆོས་བརྒྱུད་ཚང་མས་འགན་འཁུར་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

ནོར་ཝེའི་ཚགས་ཤོག་( The Foreigner) ཞེས་པའི་སྟེང་དོལ་རྒྱལ་བ་ཚོས་ནོར་ཝེ་གཞུང་གི་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བར་རྒྱབ་སྐྱོར་ཡོད་སྐོར་དང་། ཆིབས་བསྒྱུར་སྐབས་ངོ་རྒོལ་བྱས་པ་བཅས་ལ་བཀའ་ཤག་གིས་གསལ་བསྒྲགས་སྤེལ་ཏེ། རྒྱ་གཞུང་གི་གཡོ་འོག་ཏུ་ཚུད་པའི་དོལ་རྒྱལ་བ་ཚོའི་བྱེད་སྟངས་ལ་བློ་ཕམ་དང་། དོལ་རྒྱལ་གྱི་གནད་དོན་འདི་དགེ་ལུགས་ཙམ་མིན་པར་བོད་ཕྱི་ནང་གཉིས་དང་ཆོས་བརྒྱུད་ཚང་མས་འགན་འཁུར་དགོས་སྐོར་གསུངས་སོང་།

དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༣༠ སྟེང་དྷ་ས་གངས་སྐྱིད་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༧གོང་ས་མཆོག་ནོར་ཝེ་ནང་ཆིབས་བསྒྱུར་སྐབས། དོལ་རྒྱལ་རྗེས་འབྲང་པ་ཚོས་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ནོར་ཝེ་གཞུང་གི་གནད་ཡོད་མི་སྣ་ཚོས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེར་རྒྱབ་སྐྱོར་ཡོད་པའི་སྐོར་བརྗོད་པར་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

སྲིད་སྐྱོང་མཆོག་གིས་གསུངས་དོན། ཚང་མས་མཁྱེན་གསལ་ལྟར་ཉིན་འདི་འགར་༧གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ནང་ཆིབས་བསྒྱུར་གནང་དང་གནང་མུས་རེད། དམིགས་བསལ་ནོར་ཝེ་ནང་ཆིབས་བསྒྱུར་སྐྱོང་གི་ཡོད་པ་རེད། ནོར་ཝེ་མི་མང་གིས་དགའ་བསུ་ཆེན་པོའི་ངོས་ནས་༧གོང་ས་མཆོག་ལ་ཕེབས་བསུ་ཞུ་བཞིན་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་གིས་འདས་པའི་བདུན་ཕྲག་གཉིས་ཙམ་རིང་གླེང་སློང་ཆེན་པོ་ཞེ་དྲག་བྱུང་བ་རེད། དམིགས་བསལ་གནད་དོན་ཞིག་ལ། ད་ལན་རྒྱ་ནག་གཞུང་གི་གནོན་ཤུགས་འོག ནོར་ཝེའི་གཞུང་གི་གནད་ཡོད་མི་སྣ་ཚོས་ ༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེ་རྩ་བ་ཉིད་ནས་འགྲིག་གི་ཡོད་མ་རེད་ཅེས་སྤྱི་མཚུངས་རེད། མི་མང་ངོས་ནས་གཞུང་གི་བྱེད་སྟངས་དེ་ནོར་འཁྲུལ་ཡིན་པ་དང་། ༧གོང་ས་མཆོག་ནོར་ཝེའི་ནང་ཆིབས་བསྒྱུར་བསྐྱངས་པ་དེ་བཀའ་དྲིན་ཆེན་པོ་ཡིན་པའི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད། ཡིན་ནའང་བློ་ཕམ་པ་ཞིག་ལ། དོལ་རྒྱལ་སྟེན་མཁན་ཉུང་ཤས་ཤིག་ལས་མེད་པ་དང་། ཁོང་ཚོ་མང་ཆེ་བ་ཕྱི་རྒྱལ་མི་རིགས་ཆགས་བསྡད་འདུག ཁོ་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ནང་། ནོར་ཝེ་གཞུང་གི་གནད་ཡོད་མི་སྣ་ཚོས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེ་ལ་རྒྱབ་སྐྱོར་ཡོད་ཅེས་བཤད་འདུག དེ་ཐབས་སྐྱོ་བོ་ཞེ་དྲག་རེད། དོལ་རྒྱལ་སྟེན་མཁན་ཚོས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁ་ལ་འཁྱེར་བ་ཞིག་རེད་མ་གཏོགས་ཆབ་སྲིད་རང་འཁྲབ་ཀྱི་ཡོད་པ་གསལ་བོ་ཞེ་དྲག་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནོར་ཝེའི་གཞུང་གི་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེར་རྒྱབ་སྐྱོར་ཡོད་ཅེས་བཤད་ཡོང་དུས། རྒྱ་ནག་ཆབ་སྲིད་བེད་སྤྱོད་འོག་ཚུད་ཀྱི་ཡོད་པ་གསལ་བོ་ཞེ་དྲག་རེད། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། ད་ལྟའི་བར་ཁོ་ཚོས་ག་རེ་བཤད་བསྡད་ཡོད་པ་རེད་ཟེར་ན། བཙན་བྱོལ་སྤྱི་ཚོགས་ནང་དོལ་རྒྱལ་སྟེན་མཁན་ཚོར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པ། སློབ་གྲྭ་དང་གཞིས་ཆགས་ཁག་ནང་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་གཞི་མེད་སྐྱོན་འཛུགས་བྱེད་ཀྱི་ཡོད། འདིའི་ཐོག་ལ་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁག་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ལྡི་ལིའི་ཁྲིམས་ཁང་བཅས་ཀྱིས་གཞི་མེད་ཡིན་པར་ཐག་གཅོད་བྱས་ཡོད། ལྷག་པར་དུ་དྷ་རམ་ས་ལར་མཚན་ཉིད་དགེ་བཤེས་བཀྲོངས་བའི་ཐོག་རྒྱལ་སྤྱིའི་ཉེས་ཅན་ཉེན་རྟོག་ཚོགས་པ་(INTERPOL)ཡིས་ཞིབ་འཇུག་བྱས་ཡོད།

ད་ལྟ་ཁོ་ཚོས་ཆོས་དད་རང་དབང་མེད་པ་དང་དབྱེ་འབྱེད་བྱེད་སོང་ཞེས་ལབ་ཡོང་སྐབས། དེ་རིང་བཀའ་ཤག་ནས་དམིགས་བསལ་གསལ་བཤད་ག་རེ་གནང་དགོས་བྱུང་སོང་ཟེར་ན། བོད་མི་སུ་ཡིན་རུང་དཔྱ་ཁྲལ་ལག་དེབ་དགོས་ཀྱི་ཡོད། དཔྱ་ཁྲལ་ལག་དེབ་དེ་དཔལ་འབྱོར་ལས་ཁུངས་ནས་གནང་གི་ཡོད། རྒྱ་གར་ནང་སྡོད་གནས་ཐུབ་པར་སྐྱབས་བཅོལ་ལག་དེབ་(R.C)དགོས་ཀྱི་ཡོད། སྐྱབས་བཅོལ་ལག་དེབ་རྒྱ་གར་གཞུང་གིས་གནང་གི་ཡོད་ཀྱང་དེར་རག་པ་ལ་ས་གནས་མགོ་འཛིན་དང་བདེ་སྲུང་ལས་ཁུངས་ཀྱི་རྒྱབ་གཉེར་ཡི་གེ་དགོས་ཀྱི་ཡོད། བོད་མི་སུ་ཡིན་རུང་ཕྱི་རྒྱལ་དུ་འགྲོ་བར་དེབ་སེར་བོ་(I.C) དགོས་ཀྱི་ཡོད། དེ་རྒྱ་གར་གཞུང་གིས་གནང་གི་ཡོད་ཀྱང་། དེ་བཟོ་བར་རྒྱབ་གཉེར་བོད་མིའི་སྒྲིག་འཛུགས་ཀྱིས་གནང་དགོས་ཀྱི་ཡོད། དེར་བརྟེན། རྒྱ་གར་ནང་ཡོད་པའི་དོལ་རྒྱལ་སྟེན་མཁན་ཁོ་ཚོ་གཞིས་ཆགས་ཁག་ནང་ཡོད་ན་ཁོ་ཚོར་དཔྱ་ཁྲ་ལག་དེབ་ཡོད་དགོས་པ་ཆགས་ཡོད། དཔྱ་ཁྲ་ལག་དེབ་གཞིར་བཟུང་ཐོག་སློབ་གྲྭར་ཚུད་དང་མ་ཚུད། དེ་བཞིན་འཕྲོད་བསྟེན་དང་ཤེས་ཡོན་སོགས་ཀྱི་མཐུན་རྐྱེན་གང་ཡོད་པ་སྤྱི་མཚུངས་གནང་གི་ཡོད། དམིགས་བསལ་རྒྱ་གར་ནང་གནས་པར་སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད། སྐྱབས་བཅོལ་ལག་དེབ་དེ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་བརྒྱུད་ནས་རག་པ་རེད་མ་གཏོགས་གཞན་དཀའ་ལས་ཁག་པོ་རེད། དེར་བརྟེན། གལ་སྲིད་བོད་མིའི་སྒྲིག་འཛུགས་ཐོག་ནས་དོལ་རྒྱལ་སྟེན་མཁན་ལ་དབྱེ་འབྱེད་བྱེད་དགོས་ཡོད་ན་དཔྱ་ཁྲལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ་སོགས་ཀྱི་ཐོག་ནས་དབྱེ་བ་འབྱེད་ཆོག་ཆོག་ཡོད་ཀྱང་། ད་བར་དབྱེ་བ་ཕྱེས་པའི་གནས་ཚུལ་བཤད་རྒྱུ་མེད་སྟབས། དོལ་རྒྱལ་སྟེན་མཁན་ཚོ་ཡང་རྒྱ་གར་ནང་གནས་ཐུབ་ཀྱི་ཡོད་པ་རེད།

དམིགས་བསལ་ཕྱི་རྒྱལ་ནང་འགྲོ་བ་ཡིན་ན་ལག་དེབ་སེར་པོ་དགོས་ཀྱི་ཡོད། ཕྱི་རྒྱལ་ཏུ་ཡོད་པའི་དོལ་རྒྱལ་སྟེན་མཁན་མང་ཆེ་བས་ལག་དེབ་སེར་བོ་འཁྱེར་ཏེ་འགྲོ་བསྡད་ཡོད། དེ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་བྱུང་བ་རེད། ཁོ་ཚོས་ཕྱི་རྒྱལ་དུ་སྐྱབས་བཅོལ་ཞུ་སྐབས་བཙན་བྱོལ་སྒྲིག་འཛུགས་ནང་ཆོས་དད་རང་དབང་མེད་པའི་སྐྱབས་བཅོལ་ཞུས་ཡོད་མདོག་ཁ་བོ་རེད་དེ། ཡིན་ནའང་། སོ་སོའི་ལག་པའི་ནང་ཡོད་པའི་ཡིག་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་གཉེར་གནང་བ་གསལ་བོ་ཡིན་དུས། ཆོས་དད་རང་དབང་མེད་ན་ཕྱི་རྒྱལ་ལ་འགྲོ་བའི་ཡིག་ཆ་དེ་གང་ནས་རག་པ་རེད། འདི་ཚོའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་དོལ་རྒྱལ་སྟེན་མཁན་ལ་དབྱེ་འབྱེད་བྱེད་ཀྱི་མེད་པ་དང་ཁོ་ཚོའི་སྐྱོན་འཛུགས་དེ་གཞི་མེད་ཡིན་པ་གསལ་བོ་རེད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་ཐད་ཁོང་གིས། དོལ་རྒྱལ་སྟེན་མཁན་ཚོས་ཨ་རི་དང་ད་རེབ་ཡུ་རོབ་ནང་མི་ཉུང་ཤས་ཤིག་གིས་ངོ་རྒོལ་བྱས་ཡོང་སྐབས། དེའི་བརྡ་ལན་ག་རེ་རེད་ཟེར་ན། དོལ་རྒྱལ་སྟེན་མཁན་ཚོ་ཆབ་སྲིད་རང་འཁྲབ་པའི་ཐོག་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་ཆགས་བསྡད་ཡོད་སྟབས། དོལ་རྒྱལ་གྱི་གནད་དོན་དེ་དགེ་ལུགས་གཅིག་པུའི་གནད་དོན་མིན་པར་ཆོས་བརྒྱུད་ཚང་མས་གནད་དོན་ཆགས་ཡོད་པ་དང་། ཆོས་བརྒྱུད་ཚང་མ་དང་བོད་ཕྱི་ནང་ཚང་མས་འགན་འཁུར་དགོས་པ་དེ་གསལ་བོ་ཞེ་དྲག་རེད། དེའི་ནང་ནས་ཀྱང་ཨ་རི་དང་རྒྱ་གར་གྱི་གསང་བའི་སྙན་ཐོའི་ནང་ལ་དོལ་རྒྱལ་ཐོག་ནས་༧གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་ཡོད་པ་གསལ་ཡོད་སྟབས། བོད་ཕྱི་ནང་གཉིས་ཀྱི་མི་ཚང་མ་དང་ཆོས་བརྒྱུད་ཚང་མས་འགན་འཁུར་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེའི་རྗེས་གསར་འགོད་པས་ཉེ་སྔོན ༧གོང་ས་མཆོག་སན་ཧྥུ་རན་སེ་སི་ཀོ་ནང་ཕེབས་སྐབས་ཕྱི་རྒྱལ་ཨ་ནེ་ཞིག་གིས་༧གོང་ས་མཆོག་བཞུགས་སའི་མགྲོན་ཁང་དུ་ངོ་རྒོལ་བྱས་པའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་དྲིས་པར། སྲིད་སྐྱོང་མཆོག་གིས་དེའི་སྐོར་ལ་བཀའ་ཤག་ནས་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་གནང་དང་གནང་མུས་རེད་ཅེས་བཀའ་ལན་སྐྱོན་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༩ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 18

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    འཛམ་གླིང་འདིའི་ནང་ཏ་ལ་བླ་མར་སྐྱོན་འཛུགས་བྱེད་མཁན་རྒྱ་གཞུང་ཅིག་པུ་ཡིན་ན་འང་ད་ཆ་ཏ་ལ་བླ་མ་ཉིད་ཀྱི་རྩ་འཛུགས་བྱས་པའི་བཙན་བྱོལ་སྤྱི་ཚོགས་ནང་འཚོ་གནས་བྱེད་བཞིན་དུ་ཏ་ལ་བླ་མར་བསྙས་བཅོས་ཐུབ་ཚོད་གཏོང་མཁན་དེ་ཚོ་རྒྱ་གཞུང་ཕྱོགས་མ་སྒྲིགས་རང་འགྲིག་ཡིན་དུས་གནས་ཡུལ་རྒྱལ་ཁབ་རྒྱ་གར་གྱི་གཙོས་པའི་རྒྱལ་ཁབ་ཁག་གི་བཙན་བྱོལ་པའི་གནས་འབབ་ཁོ་ཚོར་སྤྲོད་དགོས་དོན་མི་འདུག་

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    དོལ་ཚོགས་རྒྱ་ནག་ལ་འགྲོ་རོགས་ ཏ་ལ་བླ་མའི་སྤྱི་ཚོགས་ནང་སྡོད་དགོས་དོན་མེད་

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    དོལ་ཚོགས་རྒྱ་ནག་ལ་ལོགས་རོགས་

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    དོལ་ཚོགས་རྒྱ་ནག་ལ་ལོགས་རོགས་ཏ་ལ་བླ་མའི་རྩའཛུག་བྱས་པའི་བཙན་བྱོལ་སྤྱི་ཚོགས་ནང་སྡོད་དགོས་དོན་མི་འདུག

    Reply
  5. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    དོལ་ཚོགས་རྒྱ་གཞུང་གི་ཁ་ཚབ་ངོ་ཚབ་བྱེད་མཁན་ཡིན་དུས་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཁོ་ཚོ་ལ་བཙན་བྱོལ་བོད་མིའི་གནས་བབ་སྤྲོད་དགོས་དོན་མེད་ལ་སྤྲད་ན་དགོས་པ་རྒྱུ་མཚན་གང་ཡང་ཡོད་མ་རེད་དེ་ལས་རྒྱ་ནག་རང་ལ་ལོག་ཅུགས་ན་ཡག་ཤོས་རེད་

    Reply
  6. ལྷ་སའི་བུ། says:
    ལོ་ 12 སྔོན།

    ཆོས་དད་རང་དབང་གི་འབག་གྱོན་ནས་བོད་མིའི་སྤྱི་ཚོགས་ནང་མི་གསོད་ཁྲག་སྦྱོར་དང་རྙོག་ཁྲ་རྐྱང་རྐྱང་བཟོས་ནི་བསྡད་སོང། ད་རེས་ནོར་ཝེའི་གསར་ཤོག་འགོད་མཁན་གྱིས་ཁྱེད་ཚོའི་འབག་དེ་ཕུད་ནི་ངོ་གདོང་དམར་རྗེན་མཐོང་དུས་ཁྱེད་ཚོ་སུ་ཡིན་མིན་གསལ་པོ་ཆགས་སོང་། དེ་འདྲའི་ཐབས་སྐྱོ་བ་ལ་ཨང་། རང་འདོད་ཆུང་རྩག་ཅིག་མ་འགྲུབ་ན་རང་གི་རྒྱལ་ཁབ་དང་། མི་རིགས་ལ་རྒྱབ་གཏོད་བྱེད་ཐུབ་པ་ནི་དངོས་འབྲེལ་ཡ་མཚན་དགོས་པ་ཞིག་རེད།

    Reply
  7. བསྟན་འཛིན། says:
    ལོ་ 12 སྔོན།

    སྲིད་སྐྱོང་ལགས།  སྐུ་མཁྱེན།  དགེ་ལུགས་པའི་རྙོག་འཛིང་དང་ནག་ཉེས་བོད་སྤྱིའི་མགོ་ལ་མ་འགེལ་རོགས།   དགེ་ལུགས་རང་གི་ཁ་ལག་པ་གཉིས་ཀྱིས་ལས་བཞག་པ་དེ།  དགེ་ལུགས་རང་གི་སྐེ་འཕྲག་པ་གཉིས་ཀྱིས་ཁུར་དགོས་ནི་རེད།  ནག་ཉེས་འདི་གཞན་སུ་ལ་ཡང་འབྲེལ་བ་མེད།  དེང་དུས་༧གོང་ས་མཆོག་རྒྱལ་ཁབ་གཞན་དང་གཞན་དུ་ཕེབས་སྐབས།  ཆོས་བརྒྱུད་གཞན་པས་ཕེབས་བསུ་ཞུ་སྐབས།  དགེ་ལུགས་པས་ངོ་རྒོལ་བྱེད་ཀྱིན་ཡོད་རེད།  

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཞབས་འདྲེན་ཞུ་མཁན་དོལ་ཚོགས་ཚོ། །
    ཚོད་ཟིན་ཚོད་ཟིན་མ་རབས་ཚོ། །
    རང་མདོག་མ་སྟོན་བོད་རིགས་ཚོ། །
    དགྲ་དགའ་གཉེན་སྡུག་མ་མང་ཅིག །

    Reply
  9. སྣང་རྒྱལ་ཤེར་དགེ says:
    ལོ་ 12 སྔོན།

    བླ་བྲང་གོང་འོག་གཉིས་ཀྱི་ནང་འཁྲུགས་དེ་དགེ་ལུགས་པའི་ནང་འཁྲུགས་ཆགས། དགེ་ལུགས་པའི་ནང་འཁྲུགས་དེ་བོད་སྤྱི་བའི་ནང་འཁྲུགས་ཆགས། ད་ཆུང་ཆུང་ཞིག་ཆེ་ས་དང་དམའ་མོ་ཞིག་མཐོ་སར་མ་བསྐྱལ་ན་མི་ཆོག་གམ། ཆོས་སྲིད་ཟུང་འབྲེལ་ཟེར་ན་འདི་འདྲ་ཞིག་ཡིན་ནམ། ཨ་ཁ་ཁ།

    Reply
  10. གསེར་ས་ལེ་སྦྲམ། says:
    ལོ་ 12 སྔོན།

    དོལ་རྒྱལ་བ་ཚོས་བོད་མི་རིགས་ཀྱི་རྩ་དོན་རྒྱབ་ཏུ་བསྐྱུར་ནས་བོད་སྤྱི་ལ་གནོད་པའི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་ནི་ཁོ་ཚོའི་ནོར་འཁྲུལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། ང་ཚོ་བོད་ཀྱི་ཕ་མེས་ཡང་མེས་དག་གི་གདོང་ལ་ཐལ་བ་སྤར་མོ་གང་བྱུགས་པ་དང་གཅིག་མཚུངས་རེད། མི་ཟེར་བ་འདི་མགོ་བོ་རྨོངས་སོང་ན་འདི་འདྲ་ཡིན་རྒྱུ་རེད། གསུམ་བཅུ་དུས་དྲན་གྱིས་མཚོན་པའི་བོད་ཀྱི་དུས་དྲན་ཁག་སྲུང་གཙི་བྱེད་རྒྱུ་ནི་ཁོ་ཚོའི་རྨི་ལམ་དུ་ཡང་འཁོར་མྱོང་མེད་པ་འདྲ། བོད་ཀྱི་རྩ་དོན་ལ་ཕན་པའི་ལས་ཀ་ཏིལ་འབྲུ་ཙམ་ཡང་བྱས་པ་གོ་མ་མྱོང་། ད་དུང་དེ་ལས་ལྡོག་ཕྱོགས་ཀྱི་ལས་འགུལ་འདི་འདྲ་སྤེལ་ནས་ཁོང་ཚོས་ཅིག་འཇོན་ཡོད་བསམ་སྲིད། དངོས་གནས་ཐབས་སྐྱོ་བོ་རེད། དགྲ་དགའ་གཉེན་སྡུག་གི་ལས་ཟེར་ནའང་འདི་ལས་ལྷག་ཅིག་ཡོད་པ་མ་རེད། ད་དུང་འདི་ལྟར་མུ་འཐུད་ནས་སོང་ཚེ་ཕྱིས་འབྱུང་རྒྱལ་རབས་ལོ་རྒྱུས་རྣམས་སུའང་དོལ་རྒྱལ་རྗེས་འབྲང་ཚོ་ནི་བོད་མི་རིགས་ཀྱི་བླ་བཙོང་དང་། བོད་མི་རིགས་ཀྱི་རྐང་འདྲེན་ཉག་གཅིག་ཆགས་པར་གདོན་མ་ཟ།

    Reply
  11. གསེར་ས་ལེ་སྦྲམ། says:
    ལོ་ 12 སྔོན།

    རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནོར་ཝེའི་གཞུང་གི་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེར་རྒྱབ་སྐྱོར་ཡོད་ཅེས་བཤད་ཡོང་དུས། རྒྱ་ནག་ཆབ་སྲིད་བེད་སྤྱོད་འོག་ཚུད་ཀྱི་ཡོད་པ་གསལ་བོ་ཞེ་དྲག་རེད། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་

    Reply
  12. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 12 སྔོན།

    ས་སྐྱ་གོང་མས་རྒ་ཁྲི་དགོན་པར་དོལ་རྒྱལ་མ་བསྟན་ཞེས་པའི་ཕྱག་བྲིས་ཤིག་བཏང་པའི་དབང་དུ་བྱས་ནའང་། ཀརྨ་རྙིང་གཉིས་དང་། ཇོ་བོན་གཉིས་ཀྱིས་གཙོས་པའི་བླ་ཆེན་ཁག་གིས་ཕྱག་བྲིས་ཤིག་སུ་ལའང་གཏོང་ས་མེད་དེ། ཆོས་བརྒྱུད་དེ་ཚོ་ལ་དོལ་རྒྱལ་སྟོན་མཁན་ཡེ་ནས་མེད་པའི་ཕྱིར་རོ།།

    Reply
  13. གནས་ཚང་། says:
    ལོ་ 12 སྔོན།

    བོང་ཀྱི་མི་སེར་རེ་རེ་ཡི་ཆེད་དུ་སྲིད་སྐྱོང་སྐུ་དགོས་ཕེབས་ནས་གསལ་བསྒྲགས་བསྐྱངས་ན་དགའ་བསུ་ཡོད། བྱེ་བྲག་པའི་ཆེད་ཡིན་ཚེ་ནུས་པ་ཐོན་གྱི་མ་རེད།

    Reply
  14. འཇམ་གཅེས ། says:
    ལོ་ 12 སྔོན།

    དེ་སྔར་ཆོས་རྒྱུད་ཁག་གི་བླ་ཆེན་ཡོངས་རྫོགས་ཀྱིས་དོལ་རྒྱལ་སྐོར་ལ་མ་ཤེས་མདོག་བྱས་ཏེ་བཞུགས་པ་རེད་ཟེར་ན་ཏག་ཏག་བདེན་པ་མ་རེད། ༧ས་སྐྱ་གོང་མ་རིན་པོ་ཆེས་བོད་ནང་དུ་ཡོད་པའི་རྒ་འཁྲི་འདུ་སྐལ་བཟང་དགོན་ལ་ཡིག་ཐོག་ནས་བླངས་དོར་བཀའ་སློབ་ཇི་ལྟར་གནང་བ་བཞིན་དགོན་དེ་ནས་ཀྱང་ལག་བསྟར་གནང་ཡོད་པར་ཡངས་གྲགས་རེད།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བཀའ་ཤག་གིས།
    ་་་་་་་་ དོལ་རྒྱལ་བ་ཚོས་ནོར་ཝེ་གཞུང་གི་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བར་རྒྱབ་སྐྱོར་ཡོད་སྐོར་དང་། ཆིབས་བསྒྱུར་སྐབས་ངོ་རྒོལ་བྱས་པ་བཅས་ལ་བཀའ་ཤག་གིས་གསལ་བསྒྲགས་སྤེལ་ཏེ།
    རྒྱ་གཞུང་གི་གཡོ་འོག་ཏུ་ཚུད་པའི་དོལ་རྒྱལ་བ་ཚོའི་བྱེད་སྟངས་ལ་བློ་ཕམ་དང་། དོལ་རྒྱལ་གྱི་གནད་དོན་འདི་དགེ་ལུགས་ཙམ་མིན་པར་བོད་ཕྱི་ནང་གཉིས་དང་ཆོས་བརྒྱུད་ཚང་མས་འགན་འཁུར་དགོས་་་་་་་་་་

    Reply
  16. བསྟན་ཆོས། says:
    ལོ་ 12 སྔོན།

    ཉུང་ཤས་ག་ལ་ཡིན། བོད་རིགས་གསུམ་བཞི་ལས་མི་འདུག་ཟེར།

    Reply
  17. བློ་དགའ། says:
    ལོ་ 12 སྔོན།

    ད་རེས་སྲིད་སྐྱོང་མཆོག་གིས་གནད་དོན་གལ་ཆེན་ཞིག་གླེང་འདུག ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་ཡོངས་རྫོགས་རྒྱ་གར་ནང་བཞུགས་ཡོད་པ་རེད། ད་སྔ་སྐུ་མདུན་དང་བོད་གཞུང་གི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་རྒྱ་དམར་གྱི་རྒྱུག་ཁྱི་དོལ་ཚོགས་སྐོར་ལ་གང་ཡོང་ཅི་ཡོང་གནང་སོང་ཡང་། ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་ཚོས་མ་གོ་མ་ཤེས་མདོག་མདོག་གིས་བསྡད་སོང་། འདི་ཡག་པོ་མ་རེད། དོལ་རྒྱལ་དང་སོ་སོའི་ཆོས་བརྒྱུད་བར་བཤག་དགོས་པ་མཐོང་གི་མེད་ཀྱང་། དོལ་ཚོགས་དང་རྒྱ་ནག་གཉིས་ཁོག་པ་གཅིག་དང་སྒྱུ་མ་གཅིག་བྱས་བསྡད་ཡོད་པ་མཐོང་གསལ་རེད། དོལ་ཚོགས་ཀྱིས་ད་བར་བོད་སྤྱི་ཚོགས་ནང་མི་གསོད་ཁྲག་སྤྱོར་གྱི་བྱ་བ་གང་བྱས་ཚང་མས་ཤེས་གསལ་ལྟར་རེད། དེར་མ་མཐོང་མ་ཐོས་ཁུལ་བྱས་ཏེ་སྡོད་ས་ཡོད་པ་མ་རེད། བོད་སྤྱི་བའི་ཆབ་སྲིད་རྩ་དོན་དང་། ལྷག་པར་དུ་བོད་མི་རིགས་ཀྱི་བདེ་རྩ་དང་སྤྱི་ཚོགས་ལ་འགན་འཁུར་གྱི་ཡོད་ན་བསྟན་བདག་བླ་ཆེན་ཚོས་འགན་ཏག་ཏག་འཁུར་དགོས་པ་རེད།

    Reply
  18. བསྟན་འཛིན། says:
    ལོ་ 12 སྔོན།

    སྲིད་སྐྱོང་སེང་གེས།  དོལ་རྒྱལ་གྱི་གནད་དོན་དེ་དགེ་ལུགས་གཅིག་པུའི་གནད་དོན་མིན་པར་ཆོས་བརྒྱུད་ཚང་མས་གནད་དོན་ཆགས་ཡོད་ཟེར་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།  ང་ཚོ་དོལ་རྒྱལ་དང་འབྲེལ་བ་སྤུ་ཙམ་ཡང་མེད།  

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese