མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷོ་པ་པུར་སློབ་གྲྭའི་མ་བྱན་གྱིས་བཙན་གཡེམ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

གྷོ་པ་པུར་བོད་ཁྱིམ་སློབ་གྲྭའི་མ་བྱན་པདྨ་རྣམ་རྒྱལ་ཞུ་བ་ཞིག་གིས་སློབ་གྲྭའི་བུ་མོ་ཞིག་ལ་བཙན་གཡེམ་བྱས་ཏེ་ད་ཆར་པ་ལམ་པུར་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༧ ཉིན་བཞུགས་སྒར་ཉེ་འཁྲིས་གྷོ་པ་པུར་བོད་ཁྱིམ་སློབ་གྲྭའི་རང་ལོ་ ༣༠ ཡིན་པའི་མ་བྱན་པདྨ་རྣམ་རྒྱལ་ཞུ་བ་ཞིག་གིས། སློབ་གྲྭའི་ཁྱིམ་ཚང་ ༡༣ གྱི་བུ་མོ་ཆུང་ཆུང་རང་ལོ་ ༡༣ ཅན་ཞིག་ལ་བཙམ་གཡེམ་བྱས་ཡོད་འདུག ཕྱིས་སུ་བུ་མོས་སློབ་གྲྭའི་ནད་གཡོག་སྨན་ཞབས་པར་ཞུ་གཏུག་བྱས་ཡོད་པ་དང་། སློབ་གྲྭས་བུ་མོ་སྨན་ཁང་དུ་འཁྲིད་ནས་བརྟག་དཔྱད་བརྒྱུད་བཙན་གཡེམ་བཏང་ཡོད་པ་ར་སྤྲོད་གསལ་བོ་བྱུང་རྗེས་པདྨ་རྣམ་རྒྱལ་རྒྱ་གར་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ། ཚེས་ ༩ ཉིན་གྱི་ཞོགས་པར་ཉེན་རྟོག་པས་འཛིན་བཟུང་གིས་ད་ཆར་པ་ལམ་པུར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག་ལ། བཙན་གཡེམ་བྱས་ཡོད་པའི་སློབ་ཕྲུག་བུ་མོ་དེར་ཀང་ར་རྫོང་ཊན་ཌ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་འདུག

བཙན་གཡེམ་བྱེད་མཁན་པདྨ་རྣམ་རྒྱལ་ནི་སྟོད་དིང་རི་ནས་ཡིན་ཞིང་། རྒྱ་གར་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་སྦྱོང་བྱས་ཡོད་ཅིང་། རྗེས་སུ་དྷ་སྟེང་ཁྱིམ་གྱི་མ་བྱན་དང་དེའི་རྗེས་གྷོ་པ་པུར་བོད་ཁྱིམ་གྱི་མ་བྱན་བྱེད་བཞིན་ཡོད་འདུག ཁོའི་སྐྱེས་དམན་ཁྱིམ་ཚང་ ༡༣ གྱི་མ་ཚབ་ཡིན་ཞིང་ཁོང་གཉིས་ལ་ཕྲུ་གུ་ཞིག་ཀྱང་ཡོད་འདུག

གནས་ཚུལ་ཐོན་གསལ་ལ། པདྨ་རྣམ་རྒྱལ་གྱིས་དེ་སྔའང་གྷོ་པ་པུར་བོད་ཁྱིམ་དུ་རང་ལོ་ ༨ ཅན་གྱི་བུ་མོ་ཞིག་ལ་བཙན་གཡེམ་བྱས་ཡོད་པའི་དོགས་གཞི་ཡོད་འདུག

འདིའི་ཐད་གསར་འགོད་པས་གྷོ་པ་པུར་བོད་ཁྱིམ་གྱི་སློབ་སྦྱི་ཕུན་ཚོགས་བཀྲ་ཤིས་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར་སློབ་གྲྭའི་དབུ་འཛིན་ལ་དྲིས་ན་ལེགས་ཚུལ་བརྗོད་པ་ལྟར། སླར་ཡང་དབུ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་གནས་ཚུལ་གྱི་བྱུང་རིམ་དང་ད་ལྟའི་ཐག་གཅོད་སོགས་ལ་བཀའ་འདྲི་ཞུས་པར་ཁོང་གིས། “ དེའི་སྐོར་ལ་ངས་ཞུ་ཐུབ་ས་མ་རེད། གནས་ཚུལ་དེ་སྨན་ཁང་བརྒྱུད་དེ་ (Police Case) ཆགས་བསྡད་ཡོད་པ་རེད། གནད་དོན་ཆ་ཚང་ཕར་ཕྱོགས་སུ་ཞིབ་འཇུག་གནང་གི་ཡོད་སྟབས་ང་ཚོས་ཅིག་བཤད་བསྡད་ན་ཏག་ཏག་བསྡད་མ་བསྡད་ཡོང་གི་རེད།” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༤ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 8

  1. ནོར་འཛིན་དོན་འགྲུབ། says:
    ལོ་ 12 སྔོན།

    ཧ་ཅང་བློ་ཕམ་བྱུང་བས་གནས་ཚུལ་དེ་དག་ལ་ཁྲིམས་ཐད་ཡག་པོ་གཅོད་དགོས་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བཙན་གཆེམ་བྱུང་བ་ཙམ་ལ་ཧང་མི་སངས་ཀྱང་། བུ་མོ་ལོ་ཆུང་ལོ་བརྒྱད་དང་། བུ་མོ་ལོ་གཞོན་ལོ་བཅུ་གསུམ་ཟེར་དུས། བཙན་གཡེམ་པ་བོད་རིགས་འདིའི་རིགས་སྨྱོན་པའི་སྨན་ཁང་ནང་ལ་བཅུག་ནས་བཞག་དགོས་པ་རྐྱང་རྐྱང་རེད་སྙམ་མོ།། །།

    Reply
  3. བསྟན་ཆོས། says:
    ལོ་ 12 སྔོན།

    གསེར་ས་ལེ་སྦྲུམ། ༡༽ མི་སྒེར་ཞིག་ལ་ནོར་ཉེས་བྱུང་བ་ཡང་ད བུས་བོད་མིའི་སྒྲིག་འཛུགས་ལ་འཕྱི་འདོད་དོན་ཅི་ཡིན་ནམ།
    ༢༽མི་ལོ་ལྔ་བཅུའི་རིང་གི་བཙན་བོད་འབུམ་དང་ཕྱེད་ཀའི་ནང་དུ། འདི་འདྲ་རེ་ཟུང་ལས་བྱུང་མེད་ཀྱང། མང་བོ་ལབ་དགོས་དོན་ཅི།

    Reply
  4. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    ད་རེས་བྱེད་སྟངས་དེ་འགྲིག་འདུག ཁྲིམས་འགལ་གྱི་ལས་དོན་རྣམས་ཁྲིམས་ཐོག་ནས་ཐག་བཅད་ན་ཡག་པོ་ཡོད་རེད། ནམ་རྒྱུན་གྱི་ལས་སྟངས་ཏེ་༼དོན་ལ་ཕ་འགེབ་ཚུར་འགེབ་དང་། ཁ་ལ་ནང་མོལ་ཞི་འགྲིག༽་ཟེར་ནས། སྙིང་རྗེ་སྐྱེས་དང་ཁལ། གུ་ཡངས་ཡིན་དང་ཁལ། ལྟ་བུའི་རུལ་སུངས་རྫོབ་ལས་དེ་རིགས་ལ་དངོས་གནས་སྐྱུག་བྲོ་བ་རང་རེད།

    གང་ལྟར། མདའ་འབེན་ལ་ཕོག་ན་གཅིག རྡུལ་གནམ་ལ་འཕྱུར་ན་གཉིས། གཏམ་འདི་བཤད་འདོད་བྱུང་། མ་གཞི་སློབ་གྲྭ་སྟེ་ལུས་སེམས་ནར་མ་སོན་པའི་མི་རིགས་ཀྱི་སོན་རྩ་རྣམས་ཀྱི་ལུས་སེམས་བདེ་ཐང་ངང་འཚར་ལོངས་དང་གསོ་སྐྱོང་བྱེད་ས་ཡིན་ལ། ཡང་གཅིག་བཤད་ན། མི་སྡེ་སྤྱི་ཚོགས་གང་དེའི་ཀུན་སྤྱོད་དང་རིག་གནས་ཀྱི་རྨང་འདང་ས་ཡིན་པས། སློབ་གྲྭ་ནི་མི་སྡེ་སྤྱི་ཚོགས་གཞན་གང་ལས་ཀྱང་ཆེས་རྩ་ཆེན་པོ་དང་ཆེས་བླ་ན་མེད་པ་དེའོ། དེ་བས་ན། སློབ་གྲྭའི་ནང་གི་དགེ་ལས་བ་རྣམས་ནི་ས་ཆའི་ཚོད་ཀྱི་རི་དྭགས་ཀྱི་དཔེ་ལྟར། གང་ལ་གང་འཚམ་གྱིས་ཤེས་སྤྱོད་གཉིས་ཀྱི་ཐད་ནས་ཡག་གྲས་མིན་རུང་འབྲིང་གྲས་ཤིག་ལེགས་འདེམས་གོ་སྒྲིག་དགོས་པ་ནི་སྨྲ་མི་དགོས་པ་ཞིག་རེད།

    ཡིན་ནའང་། ཉེ་བའི་ལོ་འགས་ནང་། བཙན་བྱོལ་སློབ་གྲྭའི་ཁག་ནང་གི་རུལ་སུངས་དང་གཡེམ་སྤྱོད་རིགས་གོ་ཐོས་ཇེ་མང་རེད། ངན་སྤྱོད་འདི་རིགས་སྐབས་འཕྲལ་གྱི་ལོ་འདི་དག་རིང་ཆུ་ལོག་ལྟར་གློ་བུར་བརྡོལ་བ་ཡིན་མ་རེད་དེ། ག་ལེར་རུད་གསོབ་ཏུ་གྱུར་ཏེ་ཕྱི་ཐུམ་ནང་ཐུམ་ཚང་མ་བརྡོལ་ནས་ལག་པ་འཆིང་སྲོལ་མེད་པར་འགྱུར་བཞིན་པའི་གནས་སྟངས་ཤིག་གསལ་འདོན་བྱེད་ཀྱིན་ཡོད་པ་རེད། གནས་སྟངས་འདི་ལས་ང་ཚོས་སློབ་གྲྭར་མཐོང་ག་ཚོད་སྤྲོད་ཀྱི་ཡོད་མེད། ང་ཚོས་ཤེས་ཡོན་ལ་རྩིས་ཐང་ཅི་ཙམ་སྤྲོད་ཀྱིན་ཡོད་མེད་དམར་རྗེན་ལ་ཕུད་ཡོད་པ་རེད། དེ་བཞིན། སློབ་གྲྭའི་ལས་སྒོ་ཁག་ཏུ་ངོ་ཡོད་མིང་ཡོད་ཚོས་རྔ་ཚིགས་སྒྲིག་སྟེ་རང་ཕྱོགས་ལས་མེད་ཚོའི་རང་ལྟོ་འཚོལ་དང་དཔུང་སྒྲིག་སའི་སྟེགས་བུ་ཞིག་ཏུ་འགྱུར་གྱིན་པ་ལྷང་ལ་འབུད་ཀྱིན་ཡོད། ང་ཚོའི་མི་རིགས་འདི་གནའ་བོའི་བན་བོན་ཆོས་ལུགས་འཐབ་རྩོད་ནས་ནང་བའི་ཆོས་རྒྱུད་བར་གྱི་འཐབ་རྩོད། དེ་ནས་དགོན་པས་ལྷ་སྡེ་འཕྲོག་རྩོད་འཐབ་རྩོད། དེ་ནས་སྐུ་ངོས་གཞིས་ཀ་ཁེ་སྤོགས་འཐབ་རྩོད། དེ་ནས་ནུབ་ཕྱོགས་སུ་སྤྲང་པོ་རྒྱག་པར་དཔུང་སྒྲིག་འཐབ་རྩོད། ད་ནི་ལྟོ་ཕོར་དཔུང་སྒྲིག་འཐབ་རྩོད་ཀྱི་བར་སླེབས་ཡོད། ང་ཚོ་རྒུད་སྟངས་འདི་འདྲ་རེད།

    སྤྱིར་དམངས་གཙོའི་རྒྱལ་ཁབ་དག་གི་ནང་། སྲིད་འཛིན་དང་གྲོས་ཚོགས་ཚོགས་གཙོ་ནི་མང་ཚོགས་སྟེ། ཤེས་བླུན་མཐོ་དམའ་ཀུན་པོས་སོ་སོའི་འདོད་མོས་ལྟར་རང་གི་འོས་ཤོག་གཅིག་པུ་བླུགས་ནས། རླུང་རྟ་རྒྱུགས་སྟངས་དང་ཕྱོགས་ཆད་གཡོ་སྟངས་ཀྱི་རྩི་དང་ལྡན་པར་བསྐོས་ཆོག་གི་རེད་དེ། སྤྱི་ཚོགས་གང་དེའི་ཤེས་རིག་གི་དཔལ་ཡོན་སྤེལ་སའི་སློབ་གྲྭའི་དགེ་རྒན་དང་བུ་གཅོར། སློབ་གྲྭའི་མ་བྱན་བཅས་ནི། ཚད་དང་ལྡན་ཆེད་ལས་བ་ཤ་སྟག་ཡིན་དགོས་པ་མ་ཟད། ཉམས་མྱོང་ཚུལ་ལྡན་ཡོད་པ་ཞིག་དགོས་ཀྱི་ཡོད་རེད།

    ང་ཚོས་ནི་དེ་ལས་ལྡོག་སྟེ་སློབ་གྲྭ་ནི་སློབ་མཐར་ཕྱིན་རྗེས་ཀྱི་ལས་མེད་ཚོ་འཚང་ཁ་རྒྱག་ས་དང་། སྤྱི་ཚོགས་ཁྲོད་ཀྱི་འཇོན་ནུས་མེད་པའི་བླུན་རྨོངས་བ་ཚོའི་ལྟོ་རྒྱག་འཚོལ་ས་ལྟ་བུར་གྱུར་ཡོད། རྣར་མི་འགྲོ་ནི་སློབ་གྲྭ་ཁག་གི་མགོ་སློབ་གཙོ་ནས་འོག་མ་བྱིན་བར་དུ་ཞིབ་རྩིས་ཤིག་རྒྱོབ་དང་། སློབ་གསོ་ཆེད་ལས་བ་དང་ཤེས་ཡོན་རིན་ཐང་མིའི་རྩིས་ཐང་ལ་རློམ་སྟེ་མི་ཚེ་སྐྱེལ་མཁན་རི་བོར་གི་རྭ་ཡན་ག་བཅོ་བརྒྱད་ཅན་དུ་གྱུར་འདུག་གོ དེ་ཡི་རྐྱེན་པས། འུ་ཅག་གིས་བཙན་བྱོལ་སློབ་གསོ་སྒྲུབ་ནས་ལོ་ངོ་༥༠ ཕྱིན་པའི་རིང་དུ། སློབ་གསོའི་ལས་དོན་གཉེར་མཁན་དགེ་ལས་སློབ་ཕྲུག་སྔ་ཕྱིར་ཁྲི་འགའ་ཤས་བྱུང་བར་སྐད་པའི་ཁྲོད་དུ། སློབ་གསོའི་ཐད་ལ་ཞིབ་འཇུག་ཆེད་དེབ་བརྩམས་བཞག་པ་ག་ཚོད་ཡོད་དམ། ང་ཚོའི་མི་རིགས་འདི་རྒུད་ནས་ཚད་ག་ཙམ་ཞིག་ལ་སླེབས་འདུག་གམ།

    ཚིག་བརྒྱ་མདོར་དྲིལ་ན། ངས་བཤད་འདོད་པ་ནི། ང་ཚོ་དུས་ནས་དུས་སུ་ཕུངས་བྱེད་ནི་རྨོངས་འཐོམ་དང་རུལ་སུངས་རེད། ང་ཚོར་དགོས་པ་ནི་ཤེས་ཡོན་དང་རྣམ་དཔྱོད་རེད།
    ང་ཚོས་དངོས་གནས་སེམས་ཀྱི་གཏིང་ནས་སྙིང་གི་དབུས་ནས་མི་རིགས་འཐབ་རྩོད་བྱེད་འདོད་ཡོད་ན། སློབ་གསོའི་ར་བ་དག་ནད་མེད་སྐྱོན་བྲལ་ཞིག་འཛིན་སྐྱོང་དང་གཙུག་འཛིན་བྱེད་རོགས།

    Reply
  5. སྤེན་པ་ཚེ་རིང་། says:
    ལོ་ 12 སྔོན།

    གྷོ་པ་པུར་བོད་ཁྱིམ་གྱི་དབུ་འཛིན་དང་སློབ་སྦྱི་གཉིས་ཀྱིས་གནས་ཚུལ་གསལ་བོ་མི་བཤད་པར་གཡོལ་ཐབས་བྱེད་དོན་ག་རེ་ཡིན་ནམ། ཞབས་འདྲེན་བཞག་སྟེ་གནས་ཚུལ་ཆེན་པོ་ལྷག་པ་ཡིན་ན་ད་དུང་འགེབས་ཐབས་བྱེད་དགོས་པ་རེད་དམ། དངོས་གནས་དྲང་གནས་ངོ་ཚ་མི་འདུག ཐཻངས་འདིར་གསང་བ་བྱེད་སྟངས་འདི་ལ་བལྟས་ཡོང་ན་ད་དུང་གྷོ་པ་པུར་སློབ་གྲྭའི་ནང་དུ་ཐབས་སྐྱོ་བོའི་གནས་ཚུལ་ཇི་སྙིད་ཅིག་ཡོད་མདོག་ཁ་བོ་འདུག

    Reply
  6. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    ཐབས་སྡུག་ཞེ་བོ་རེད་བྱ། མི་དེ་ཉེན་རྟོག་པར་བརྩི་སྤྲད་པ་ཡག་པོ་རེད། མི་དེ་བུ་མོ་ཆུང་ཆུང་ལ་བཙན་གཡེལ་བྱེད་པར་སྐྱག་ལང་ལ་སོང་ཚར་བས་ད་དུང་དེ་འདྲ་བྱས་ནས་བཞག་པ་ཡིན་ན། ཡང་བསྐྱར་བུ་མོ་ཆུང་ཆུང་དེ་འདྲའི་མི་ཚེ་འཕྲོ་བརླག་ལ་གཏོང་ངེས་ཅན་རེད།

    Reply
  7. གསེར་ས་ལེ་སྦྲམ། says:
    ལོ་ 12 སྔོན།

    ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུའང་འདིའི་རིགས་ཀྱི་གནས་ཚུལ་མང་བོ་ཞིག་གཅིག་རྗེས་གཉིས་འཐུད་ཀྱི་བྱུང་གི་འདུག ཧ་ཅང་ངོ་ཚ་དགོས་པའི་གནས་ཚུལ་ཞིག་རེད། ང་ཚོ་འཛམ་གླིང་མི་དམངས་དང་གཞིས་ལུས་མི་དམངས་ལ་ངོ་ཚ་ཁ་སྐྱེངས་དགོས་པ་བཟོས་འདུག གནས་ཚུལ་འདིས་ག་རེ་མཚོན་གྱི་ཡོད་རེད་ལབ་ན། དབུས་སྒྲིག་འཛུགས་ཀྱི་ངོས་ནས་ལས་དོན་ཚགས་ཚུད་པོ་གནང་གི་མེད་པ་མཚོན་གྱི་ཡོད་རེད། འདི་འདྲའི་བྱ་ངན་གྱི་རིགས་རྒྱ་ཡན་དུ་བཏང་ན་ངན་པ་ལང་ཤོར་ཆགས་ཉེན་ཡོད་པས་ངེས་པར་དུ་ཕྱི་གསལ་ནང་གསལ་སྒོས་ཐེར་འདོན་གཙང་ཐག་ཆོད་པ་བྱེད་དགོས། བོད་མིའི་སྒྲིག་འཛུགས་ལ་བློ་གཏད། ཡིད་ཆེས་བྱེད་བཞིན་པའི་རང་གཞན་གྱི་མི་རིགས་ཐམས་ཅད་རེ་ཆད་ཡིད་སྡུག་པའི་གནས་ལ་མི་སྐྱེལ་རྒྱུ་གལ་ཆེ།

    Reply
  8. རྡོ་རྗེ། says:
    ལོ་ 12 སྔོན།

    དངོས་གནས་དྲང་གནས་ཐབས་སྐྱོ་བོ་ཞེ་དྲག་རེད། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གནས་ཚུལ་འདི་དང་འདི་ལྟ་བུ་མང་པོ་ཞིག་བྱུང་དང་འབྱུང་་བཞིན་འདུག ད་དུང་མང་པོ་ཞིག་ནང་འགྲིག་དང་གསང་རྒྱ་བྱས་ཏེ་ཧ་གོ་གི་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese