མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དིང་རིར་གཏེར་ཁ་བསྔོག་འཆར།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་གཞིས་རྩེ་ས་ཁུལ་དིང་རི་རྫོང་ཁོངས་ཀྱི་གནས་ཆེན་རྩིབས་རིའི་བྱང་རྒྱུད་དུ་གཏེར་ཁ་སྔོག་འདོན་བྱེད་འཆར་ཡོད་འདུག

དིང་རི་ནས་ཡིན་པའི་གྲྭ་བྱང་ཆུབ་སེམས་པ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་གཞུང་གིས་གཞིས་རྩེ་ས་ཁུལ་དིང་རི་རྫོང་ཤེལ་དཀར་ཤང་གི་གནས་ཆེན་རྩིབས་རི་ཞེས་པའི་བྱང་རྒྱུད་དུ། ས་དཔྱད་པ་མང་པོ་ཆེད་གཏོང་གིས་ལོ་ ༢ ཙམ་གྱི་རིང་བརྟག་དཔྱད་བྱས་རྗེས། གཏེར་རིགས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། རྫོང་སྲིད་གཞུང་ནས་གཏེར་ཁ་སྔོག་འདོན་དགོས་པའི་ཐག་གཅོད་བྱུང་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༣ ནས་བཟུང་ལས་མི་མང་པོས་གནས་རིའི་འདབས་བར་དུ་ལམ་ཀ་བཟོ་བཞིན་ཡོད་སྟབས། དིང་རི་རྫོང་ཁོངས་ཀྱི་གྲོང་སྡེ་ཁག་གི་གནད་ཡོད་མི་སྣ་ཚོས། རྫོང་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་གནས་རི་དེར་ཡུལ་སྡེ་མང་པོའི་ཡུལ་ལྷ་གནས་ཡོད་པས། གཏེར་ཁ་སྔོག་འདོན་བྱས་ན་ཡུལ་ལྷ་འཁྲུག་པ་དང་། ཁོར་ཡུག་འབག་བཙོག་སོགས་ཀྱི་གནོད་སྐྱོན་ཡོང་ཉེན་ཡོད་པའི་ཞུ་གཏུག་བྱས་ཡོད་ཀྱང་། འབྲེལ་ཡོད་མགོ་ཁྲིད་ཚོས་གཏེར་ཁ་སྔོན་འདོན་གྱི་ལས་གཞིའི་སྐོར་གཞན་ལ་བཤད་མི་ཆོག་པ་མ་ཟད། སྲིད་གཞུང་གི་ག་རེ་བཤད་ན་དེ་ལ་ཉན་དགོས་པ་ལས་སྐད་ཆ་གང་བྱུང་བཤད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། “གནས་ཆེན་དེར་རི་བོ་དམར་མདངས་ཅན་ཞིག་ཡོད་པ་དང་། དེ་ལ་ཡུལ་ལྷ་ལྟ་སྐྱོང་ཞེས་དིང་རི་རྫོང་ཁོངས་ཀྱི་འབྲོག་སྡེ་ ༨ དང་། རྩིབས་རི་བྱང་བརྒྱུད་སེར་སྒང་སྦུགས་ཀྱི་ཡུལ་སྡེ་མང་ཆེ་བས་བསྟེན་གསོལ་བྱེད་པའི་ཡུལ་ལྷ་འཁོར་སྤྲུལ་བ་དང་། ཡང་སྤྲུལ་མང་པོའི་བཞུགས་གནས་ཡིན་སྟབས། ཡུལ་མིའི་ཞུ་གཏུག་ལ་དོན་འབྲས་མ་བྱུང་རྗེས། དིང་རི་རྫོང་ཁོངས་ཀྱི་སྤང་སྦུག་གྲོང་ཚོ་དང་སྔོན་མཐོང་གྲོང་ཚོ། ཚེ་རི་གྲོང་ཚོ། ཤྲི་ཕུ་གྲོང་ཚོ། ན་དགུ་ལུང་གྲོང་ཚོ། རྣམ་རྒྱལ་གླིང་གྲོང་ཚོ་སོགས་ཀྱི་དུད་ཁྱིམ་ཚང་མས་ཡུལ་ལྷ་གསོལ་མཆོད་བྱེད་པ་ཙམ་ལས། བྱ་ཐབས་གང་ཡང་མ་རྙེད་པར་སེམས་འཚབ་བྱེད་བཞིན་འདུག”ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 8 སྔོན།

    བོད་མི་ཚོ་ཡུལ་ལྷ་གསོལ་ཆོད་བྱེད་དེ་དགྲ་བོ་འཀག་ཨེ་ཐུབ་ལྟོས། ད་ལེན་ ཡོད་ན་ལྷ་ཡོད་ཡིན་ད་ལེན་མེད་ན་ལྷ་མེད་ཡིན་ཀི་ཀི་ཀི་ཀི་སྭོ་སྭོ་སྭོ་སྭོ་ བོད་

    ཡུལ་གཞི་བདག་ཐམས་ཅད་ཡར་ལ་ལོང བོད་ཡུལ་དགྲ་ལག་ལ་མ་འཇོག་པར་དགྲ་བོ་གློ་སྙིང་དམར་འདྲེན་མཛོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist