མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ ༩ སྨན་ཁང་དུ་བསྐྱལ་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྡེ་བ་གཉིས་བར་རྩྭ་ས་རྩོད་གླེང་བྱུང་སྟེ་བོད་མི་དགུ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། དེའི་ཁྲོད་ཀྱི་བོད་མི་གཅིག་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་འདུག

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོའི་གཡང་རོང་སྡེ་བ་དང་ཆུ་རྔ་སྡེ་བ་གཉིས་བར་ལོ་མང་པོར་ས་ཆའི་རྩོད་གཞི་བྱུང་ཡོད་ཀྱང་། སྡེ་བ་ཕྱོཊ་གཉིས་ཀས་སྲིད་གཞུང་དཔོན་རིགས་རིམ་པར་ལྟག་སྒོ་སོགས་ཐབས་ལམ་འདྲ་མིན་བེད་སྤྱོད་བྱས་སྟབས། ད་ལྟའི་བར་གཞུང་ཕྱོཊ་ནས་ཐག་གཅོད་ཡག་པོ་མ་གནང་བར་ལྷག་ཡོད་འདུག ཉེ་སྔོན་ནས་བཟུང་རྩོད་རྙོག་ཤུགས་ཆེ་རུ་ཕྱིན་ཡོད་པར་མ་ཟད། ཟླ་འདིའི་ཚེས་ ༧ ཉིན་གཡག་ལུང་སྡེ་བའི་མི་ ༢༠༠ ལྷག་ཆུ་རྔ་སྡེ་བའི་ས་ཐོག་ཏུ་ཕྱིན་སྟེ་བོད་མི་ཚོར་གང་བྱུང་གཅར་རྡུང་བྱས་མཐར་ཆུ་རྔ་སྡེ་བའི་མི་ ༩ མཚོ་ལྷོ་ཁུལ་སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་འདུག

འདིའི་ཐད་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཉེ་སྔོན་ཕྱོཊ་གཉིས་བར་གནས་ཚུལ་ཛ་དྲག་ཆགས་སྐབས་གཞུང་ལ་ཡར་ཞུ་བྱས་ཏེ། དྲག་ཆས་དམག་མི་དང་ཉེན་རྟོག་པ་བཅས་རླངས་འཁོར་ ༣༠ ཙམ་ས་གནས་སུ་འབྱོར་ཡོད་ཀྱང་། སྡེ་བ་གཉིས་འཁྲུག་འཛིང་ཤོར་བའི་ཉིན་དེར་དམག་མི་དང་ཉེན་རྟོག་པ་ཚོས་ལྟ་ཙམ་བྱས་རྗེས་ཕྱིར་ལོག་ཡོད་འདུག་ལ། ཁོང་ཚོ་ཕྱིར་ལོག་རྗེས་སྡེ་བ་གཉིས་བར་རྡོ་དང་དབྱུག་པ་ལྕགས་ཁེམ་སོགས་ཀྱིས་རྒྱག་རེ་བྱས་ཏེ། ཆུ་རྔ་སྡེ་བའི་རང་ལོ་ ༥༨ ཡིན་པའི་རྡོ་རྗེ་ཚེ་བརྟན་དང་། ལོ་ ༦༠ ཡིན་པའི་རིན་ཆེན་རྒྱལ། ལོ་ ༦༣ ཡིན་པའི་དབང་མོ་མཚོ། ལོ་ ༦༣ ཡིན་པའི་ནོར་བུ་སྒྲོལ་མ། ལོ་ ༡༨ ཡིན་པའི་ལེཊ་ཚོགས། ལོ་ ༣༠ ཡས་མས་ཡིན་པའི་ཟླ་གྲགས་བཅས་དང་། ད་དུང་མིང་གསལ་བོ་ཤེས་མེད་པའི་བོད་མི་གཉིས་བཅས་ལ་རྨས་སྐྱོན་བཟོས་ཏེ་མཚོ་ལྷོ་ཁུལ་སྨན་ཁང་དུ་མྱུར་སྐྱོབ་སྨན་བཅོས་བྱེད་ཀྱི་ཡོད་འདུག་ལ། རྡོ་རྗེ་ཚེ་བརྟན་ཛ་དྲག་གི་གནས་སྟངས་འོག་ཟི་ལིང་དུ་འཁྲིད་ཡོད་འདུག

ཟླ་འདིའི་ཚེས་ ༡༤ ཡས་མས་སུ་རྒྱ་ནག་གཞུང་ཉེན་རྟོག་པས་གཡང་རོང་སྡེ་བའི་སྡེ་དཔོན་དང་སྡེ་དཔོན་གཞོན་པ་གཉིས་འཛིན་བཟུང་བྱས་ཡོད་པར་མ་ཟད། ད་དུང་གཡ་རོང་སྡེ་བའི་བོད་མི་ཁ་ཤས་ཤིག་ལ་འཛིན་བཟུང་བཀའ་རྒྱ་བཏང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 3

  1. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    ཁ་ནས་བཤད་ན་གཅིག་ལས་གཅིག་ངར་གི རང་སྟེང་ལ་བབས་ན་མི་ཤེས། སྟོན་པ་ཕྱི་ན་ཡོད་པས་ལམ་སྟོན་བྱེད་མཁན་མེད་ན་འདི་མོ་རེད།

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    ངས་གནས་ཚུལ་དེའི་མདུན་ངོས་ནས་གླེང་མི་འདོད། རྐང་འདྲེན་ཡིན་ན། ཞབས་འདྲེན་ཡིན་ན། དྲང་མོར་གཏིང་ལ་བཙུགས་ན་སྙིང་ལ་བསྣུན་ན། ང་ཚོ་མི་རིགས་འདི་རྒྱུས་ལུས་ཡིན་པའི་བདེན་དཔང་རེད། ང་ཚོའི་བོད་མི་ཕལ་ཆེ་བ་སྟེ་མི་མང་ཚོགས་ཀྱི་རྟོགས་པ་ནི་རྨོངས་དད་ཀྱི་མགོ་བོ་ཐང་ལ་རྡེབ་ཤེས་པ་ཙམ་ལས། འཛམ་གླིང་དང་རྒྱལ་ཁབ། མི་རིགས། དཔལ་ཡོན། སོགས་ནི་རི་བོང་གི་རྭ་ཡིན་དེའོ། འདི་ལྟ་བུའི་མི་རིགས་ཤིག་གིས་རྒྱལ་ཁབ་ཅི་ལྟར་སླར་གསོ་བྱེད་དམ། འདི་ལྟ་བུའི་བླུན་རྨོངས་པའི་རིགས་ཁྱུ་ཞིག་གིས་རྒྱ་ནག་ལ་འཐབ་རྩོད་ཅི་ལྟར་བྱེད་དམ། མུ་མཐུད་དུ་ཐོད་པའི་ཐང་ལ་རྡོབས་ལ་ཚེ་ཕྱི་མ་ཚོལ་ལོ།།

    Reply
  3. ཨ་མའི་བུ། says:
    ལོ་ 12 སྔོན།

    རྐང་འདྲེན་པ་དེ་ཚོ་ཤི་ན་ཏག་ཏག་རེད། རྒྱ་དམར་གྱི་དམག་མི་དང་ལས་བྱེད་པ་ཚོས་ཡ་མ་བྱེད་དུས་ཆབ་སྲིད་ཡོད་ཡོད་པ་རེད། ཞབས་འདྲེན་པ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese