མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐྱོབ་ཚོཊ་པའི་མཛད་སྒོ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་ཨོ་སི་ཊི་རེ་ཡར་བོད་སྐྱོབ་ཚོགས་པའི་ལོ་ཉི་ཤུའི་མཛད་སྒོ་ཚོགས་ཏེ། བོད་དོན་གཏམ་བཤད་དང་བོད་ཀྱི་རིག་གཞུང་སྐོར་འགྲེམས་སྟོན་བཅས་གནང་འདུག

དབུས་ཕྲུག་ཚེ་རིང་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཚེས་ ༡༧ ཉིན་ཨོ་སི་ཊི་རེ་ཡའི་རྒྱལ་ས་ཝིན་དུ་བོད་སྐྱོབ་ཚོགས་པ་གསར་འཛུགས་གནང་ནས་ལོ་ ༢༠ འཁོར་བའི་དུས་སྟོན་མཛད་སྒོ་ཚོགས་ཡོད་འདུག་ལ། མཛད་སྒོའི་ཐོག་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མ་མཆོག་དང་། བོད་སྐྱོབ་ཚོགས་པའི་ཚོགས་མི་ ༧༠ ཙམ། དེ་བཞིན་བོད་པ་དང་བོད་དོན་རྒྱབ་སྐྱོར་བཅས་འཛོམས་ཏེ། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་བོད་ཀྱི་ད་ལྟའི་གནས་སྟངས་དང་བཙན་བྱོལ་བོད་མིའི་སློབ་གྲྭའི་གནས་སྟངས། ད་ལྟ་དང་འབྱུང་འགྱུར་གྱི་ལས་འཆར་སོགས་ཀྱི་སྐོར་ནས་གཏམ་བཤད་དང་། རི་འཛེགས་པ་དང་བོད་ཀྱི་གྲོགས་པོ། བོད་ནང་ལོ་བདུན་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཧན་རིག་ཧན་རར་གྱི་རོགས་པ་པི་ཊར་ཨོ་པོ་ཤེ་ནེ་ཏར་དང་། ༡༩༣༦ ལོར་བོད་ནང་རི་འཛེགས་གནང་མཁན་དང་། ས་ཁམས་རིག་པ་བ་ཧར་བེར་ཏེ་ཏི་ཁེ། དུས་རབས་བཅུ་བདུན་ནང་ལྷ་སར་སླེབས་པའི་ཡོ་རོབ་ཀྱི་མི་སྣ་ཐོག་མ་པ་ཏེར་ཇོན་གུ་རུ་བེར་ཏེ་བཅས་ཀྱིས་གཏམ་བཤད་གནང་ཡོད་འདུག

ཉིན་གཅིག་རིང་གི་མཛད་སྒོ་དེར་བོད་ཀྱི་གསོ་རིག་པའི་སྐོར་དང་ཐང་ག འབྲོག་པའི་སྐོར། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས། བོད་དང་ཨོ་སི་ཊི་རེ་ཡའི་རི་རྒྱུད་ཀྱི་པར་རིས། བོད་ཆོལ་ཁ་གསུམ་གྱི་གྱོན་ཆས་རིགས་སོགས་འགྲེམས་སྟོན་གནང་ཡོད་པར་མ་ཟད། ཧོ་ལན་ཌི་ནས་ཆེད་དུ་ཕེབས་པའི་གཞས་མ་རྣམ་རྒྱལ་ལྷ་མོ་དང་ཟློས་གར་གྱི་གཞས་པ་གཞས་མ། ས་གནས་བོད་རིགས་བཅས་ཀྱིས་རྐང་བྲོ་གླུ་གཞས་གཟིགས་འབུལ་བཅས་གནང་ཡོད་འདུག

ཨོ་སི་ཊི་རེ་ཡའི་བོད་སྐྱོབ་ཚོགས་པ་ནི་ ༡༩༩༤ ལོར་གསར་འཛུགས་གནང་བ་དང་། ཚོགས་པའི་ཚོགས་གཙོ་ཨི་ལེ་ས་བི་ཏ་ཛིམ་མར་མན་ (Elisabeth Zimmermann) ལགས་ཡིན་འདུག ད་ཆར་ཚོགས་པར་ཚོགས་མི་ ༧༠༠ དང་རྒྱབ་སྐྱོར་གནང་མཁན་མི་ ༤༠༠༠ ཙམ་ཡོད་འདུག་ལ། བཙན་བྱོལ་ནང་གི་སློབ་ཕྲུག་༩༠༠ གཙོས་པའི་རྒན་གཞོན་བར་གསུམ་ཁྱོན་མི་ ༡༦༠༠ ལ་རོགས་སྐྱོར་སྦྱིན་བདག་གནང་བཞིན་ཡོད་པར་མ་ཟད། དུས་ནས་དུས་སུ་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སླད་ལས་འགུལ་སྤེལ་གྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༤ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese