མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྣ་རིན་པོ་ཆེ་མཆོག་རང་ཤི་བསྐྱོན་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་དུས་བབ་སྟེང་ཟླ་འདིའི་ཚེས་ ༡༦ ཉིན་གྱི་དགོང་དྲོར་མཚོ་སྣ་རིན་པོ་ཆེ་མཆོག་ལྡི་ལིར་རང་ཤི་བསྐྱོན་ཡོད་པའི་གནས་ཚུལ་འཁོད་འདུག

དེ་རིང་རྒྱ་གར་དུས་བབ་ (Times Of India) དྲ་རྒྱའི་སྟེང་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༡༦ ཉིན་གྱི་དགོང་དྲོར་མཚོ་སྣ་རིན་པོ་ཆེ་མཆོག་ལྡི་ལི་གསར་པའི་ལྷོ་ངོས་ཝ་སན་ཌི་ཁུན་ཇིའི་ (Vasant Kunj) གཟིམ་ཤག་ཏུ་རང་ཤི་བསྐྱོན་ཡོད་པའི་གནས་ཚུལ་བཀོད་འདུག ས་གནས་ཉེན་རྟོག་པས་སྐུ་ཕུང་ལ་བརྟག་ཞིབ་བྱས་པ་བརྒྱུད། ཁོང་གིས་རང་ཤི་བསྐྱོན་པ་ཡིན་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། རེས་གཟའ་སྤེན་པའི་ཉིན་ཁོང་གི་སྐུ་ཕུང་འབུམ་སྡེ་ལར་གདན་འདྲེན་ཞུས་ཡོད་འདུག

ཁོང་གི་སློབ་མ་ཞིག་གིས་རྒྱ་གར་དུས་བབ་གསར་ཁང་དུ་བརྗོད་པར། ཁོང་གི་སྤུན་མཆེད་ཞིག་ལ་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་ཁྲོད། མོན་རྟ་དབང་གི་གྲོས་ཚོགས་འཐུས་མའི་རྒྱལ་ཁ་ཐོབ་མེད་པ་དེར་ཐུགས་འཕམ་བྱུང་སྟེ་རང་ཤི་བསྐྱོན་པ་ཞིག་ཡིན་སྐོར་བརྗོད་འདུག སློབ་མ་གཞན་ཞིག་གིས། ཟླ་འདིའི་ཚེས་ ༢ ཉིན་རིན་པོ་ཆེ་མཆོག་འབུམ་སྡེ་ལ་ནས་ལྡི་ལིར་ཕྱིར་ལོག་གནང་རྗེས། དད་ལྡན་པ་ཚོར་བཀའ་མོལ་མ་གནང་བ་མ་ཟད། འགྱོད་བཤགས་ཀྱི་ཡི་གེ་ཞིག་བྲིས་ཏེ་ཞུགས་ཀྱི་འདུག་ཅེས་བརྗོད་འདུག

ད་ལྟ་ཉེན་རྟོག་པས་ཁོང་གྲོངས་རྐྱེན་གང་ཡིན་ལ་མུ་མཐུད་རྩད་ཞིབ་བྱེད་ཀྱིན་ཡོད་པ་དང་། ཁོང་གི་བཞུགས་ཤག་ནས་རྙེད་སོན་བྱུང་བའི་བོད་ཡིག་ཕྱག་བྲིས་ཤིག་ཡོད་པར་ཁྲིམས་དོན་སྨན་སྦྱོར་གྱི་རྟག་ཐབས་ (forensic examination ) སྤྱད་དེ་བརྟག་དཔྱད་བྱེད་བཞིན་ཡོད་འདུག

མཚོ་སྣ་རིན་པོ་མཆོག་ནི། ༡༩༦༩ ལོའི་ཟླ་ ༨ པའི་ཚེས་ ༡༩ ཉིན་མོན་རྟ་དབང་སྙེ་གསར་རྫོང་པ་མཚོ་གྲོང་ཚོར་སྐུ་འཁྲུངས་ཤིང་། ༧གོང་ས་མཆོག་གིས་མཚོ་སྣ་བ་རྗེ་བཙུན་ཤེས་རབ་བཟང་པོ་མཆོག་གི་སྐུ་ཕྲེང་ ༡༣ པར་ངོས་འཛིན་དང་། འབྲས་སྤུངས་བློ་གསལ་གླིང་ནས་གཞུང་ཆེན་བཀའ་པོད་ལྔར་བསླབ་པ་མཐར་སོན་གནང་སྟེ་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་ཡོད་འདུག ཁོང་དུས་རྒྱུན་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་དང་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ༢༠༠༤ ལོར་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་དང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་བཅས་གནང་ཡོད་འདུག

ཁོང་ད་ལྟ་ལྡི་ལིར་ཡོད་པའི་ཤེས་རབ་བཟང་པོ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་གནང་མུས་ཡིན་པ་དང་། རྒྱ་གར་གྱི་ (Zee) བརྙན་འཕྲིན་ཁང་གི་ཆེད་སྒྲིག་གླེང་མོལ་ (Zee Jagran) བརྒྱུད་ནང་ཆོས་ངོ་སྤྲོད་ཀྱང་གནང་གི་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 10

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ད་ལྟའི་གནས་ཚུལ་འདི་། རང་ལྕེབས་སམ། རང་སྲོག་རང་གིས་བཅད་པ་ཡིན་ན། སེམས་ཤུགས་ཆེ་དྲགས་ནས་བྱུང་བ་ཡིན་ནམ། ཡང་ན། སེམས་པ་ཆུང་དྲགས་ནས་བྱུང་བ་རེད། ཡིད་ཆེས་དཀ་བའི་གནས་སུ་གྱར་མི་འདུག་གམ། ལགས།

    Reply
  2. དུག་མདའ། says:
    ལོ་ 12 སྔོན།

    མཐོ་དམན་སུ་ཡིན་ཡང་རྒྱ་གར་ནག་གི་བར་ནས་ལ་དྭགས་དང་མོན་རྟ་དབང་དགེ་བའི་ལམ་ལ་འཁྲིད་སྐབས་འགྲོ་ཤེས་འདུག་ཤེས་བྱེད་དགོས་ཀྱི་འདུག་དྲན་གྱིན་མི་འདུག་གམ།

    Reply
  3. དུག་མདའ། says:
    ལོ་ 12 སྔོན།

    མཚོ་སྣ་རིན་པོ་ཆེ་རང་ཤི་བརྒྱབ་ཚུལ་དང་དེའི་བདེན་དཔང་ལྟ་བུར་ཁོང་གི་སྐུ་འཁོར་དང་སློབ་མ་དྲུད་ཡོང་རྒྱུ་ཡོད་པ་འདི་ལ་བལྟས་ན་འདི་རྒྱ་གར་ནག་གང་གིས་བྱས་པ་ཚོད་དཔག་བྱེད་བདེ་བ་ཞིག་རེད། འོན་ཀྱང་ཉམས་ཆུང་རྟ་དབང་བས་ཅི་བྱེད་ཐུབ། རྒྱ་གར་བས་གནམ་ལ་འཕུར་བ་རེད་ཟེར་ན་ས་ལ་འཛུལ་བ་རེད་ཟེར་ན་རྒོལ་ལན་སློང་མཁན་ཞིག་ཡིད་ནི་མ་རེད། ཤུ་རེ་ཀོ བོད་རང་བཙན་ཞིག་ཡོད་ན་དོན་དག་འདི་གསལ་བོ་ཞིག་བཟོ་རྒྱུ་ཡོད་པ་རེད།

    Reply
  4. གངས་ལྡོམ། says:
    ལོ་ 12 སྔོན།

    ད་ཡིན་ན་སྤྲུལ་སྐུས་ཀྱང་རང་ཤི་རྒྱག་པའི་དུས་ལ་སླེབས་འདུག

    དོན་དངོས་ག་རེ་ཡིན་མིན་བཤད་དཀའ་གི་ཡ།

    Reply
  5. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    མཚོ་སྣ་རིན་པོ་ཆེ་ནི། ཧི་མ་ལ་ཡ་རི་བརྒྱུད་ཁུལ་དུ་སོ་སོ་མི་རིགས་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་བདག་དབང་ཐད་ཤུགས་རྒྱག་མཁན་གཙོ་བོའི་གྲས་ཤིག་རེད། ཁོང་གིས་སོ་སོའི་མི་རིགས་སྐད་ཡིག་(བོད་ཡིག)དེ་རྒྱ་གར་གཞུང་ཡིག་ཏུ་ངོས་ལེན་ཡོང་ཐབས་ཐད། གོང་རིམ་ལ་རེ་སྐུལ་དང་ཞུ་འབོད། ངོ་རྒོལ་བཅས་སྔ་ཕྱིར་གནང་མྱོང་ཡོད་པ་རེད།

    ང་འཛམ་གླིང་གི་གནའ་བོའི་རིག་གནས་རྒྱལ་ཁབ་ཏུ་གྲགས་པ་འདི་དག་གི་ཆབ་སྲིད་ཀྱིས་ཧད་འཇུག་གི་འདུག མི་རིགས་རིག་གནས་དང་མི་རིགས་རང་སྐྱོང་ནི། དེང་གི་༼རྒྱལ་ཁབ་༽ཟེར་བའི་ཆབ་སྲིད་དབང་སྒྱུར་གྱི་སྒྲོམ་གཞི་འདིའི་གྲོད་པའི་ནང་གི་སྐྲན་དུ་ངོས་འཛིན་བྱེད་ཀྱིན་ཡོད་དམ། དོག་སློང་དང་བསམ་གཞིགས་མང་པོ་ཞིག་གིས་ང་ནི་མུན་པར་སྦང་བའི་བྱེའུ་ཆུང་ཞིག་དང་འདྲ་བར་འདར་སིག་རྒྱག་གིན་བཅུག་བྱུང་། རི་བོ་གངས་ཅན་གྱི་ཚུར་འདབས་ཕར་རྒྱབ་གཉིས་ཆ་ནས། མི་རིགས་དང་སྐད་ཡིག་རིག་གནས་ཆེད་འདུར་རྒྱུགས་བྱེད་མཁན་སྐྱེས་བུ་མང་པོ་ཞིག སྔ་ཕྱིར་མང་ཚོགས་ཀྱི་སེམས་ཁོང་ནས་ཚ་རེག་དང་བཅས་བལ་ཏེ། གློ་བུར་གློ་བུར་དུ། ཁ་ཁུ་སིམ་སིམ་གྱིས། གཏན་དུ་བཞུད་སོང་། ད་དུང་ག་ཚོད་ཅིག་བཞུད་དགོས་སམ།
    དེ་རིང་ཡང་། ༼གསར་གཏོད་ཀྱི་སྙིང་སྟོབས་མེད་ན་དྲང་བདེན་ཟེར་བ་མེད་ལ། རྒྱུ་འབྲས་ཟེར་བའང་སྐྱག་རྫུན་རེད།༽ ཅེས་པའི་ཤ་དར་ཁྲག་དར་གྱི་སྐྱེས་བུ་ཞིག་གི་གཏམ་དྲན་དུ་བཅུགས་སོང་།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    མཚོ་སྣ་རིན་པོ་ཆེ་གནས་ཚུལ་དེ་འདྲའི་འོག་སྐུ་འདས་ཟིན་པ་རེད། ནང་ཆོས་སྦྱངས་ཡོད་མེད་གང་ལྟར་ཀྱང་གནད་དོན་དེ་འདྲའི་ཐད་ལ་རང་ཤི་མི་བྱེད་པ་ཁོང་གིས་ད་བར་དུ་ཆོས་སྲིད་ཀྱི་ལས་ཀ་མང་པོ་བྱས་པ་དེས་ཤེས་ཐུབ་གི་སྙམ། ཆབ་སྲིད་པ་ཞིག་ཡིན་ནའང་གནད་དེ་འདྲའི་ཐད་པ་བྱ་སྤྱོད་འདི་འདྲ་སྤེལ་མི་སྲིད་ལ། གལ་སྲིད་ཡིན་ཀྱང་གནས་དུས་འདིའི་འདྲའི་དུས་སྐབས་སུ་རང་ཤི་མི་རྒྱག་པར་ཡིད་ཆེས་ཡོད།
    ད་གང་ལྟར་ང་ཚོར་བསྒྲགས་པ་ནི་རང་ཤི་བརྒྱབས་པ་དང་། དེ་ཡང་གནད་དོན་དེ་འདྲ་བཤད་ན་རིན་ཐང་མེད་པ་ཞིག་གི་ཕྱིར་དུ་རིན་པོ་ཆེའི་འདས་རྐྱེན་ཕྱིར་བསྒྲགས་བྱས་པ་རེད།
    ཨ་རུ་ན་ཅལ་མངའ་སྡེ་བྻོན་ཆེན་རིན་མཁའ་འགྲོ་ཡང་དེ་ལྟ་དེ་ལྟར་སྐུ་འདས་པ་དང་། དེ་ལྟ་དེ་ལྟར་ཁུ་སུམ་མེར་འཇམ་ཐང་ངེར་གྱུར་བ་རེད་ལ། མཚོ་སྣ་རིན་པོ་མཆོག་ཀྱང་དེ་ལྟ་དེ་ལྟར་སྐུ་གཤེགས་པ་དང་དེ་ལྟ་དེ་ལྟར་ཁུ་སུམ་མེར་འགྱུར་རྒྱུ་ཐབས་གཞན་ཅི་ཡོད།
    དོན་ལ་རྒྱ་དཀར་གཉིས་ཀྱི་ཁ་རྩ་ན་གྲངས་ཉུང་མི་རིགས་ཀྱི་གནད་དོན་ནི་དེ་ལྟ་དེ་ལྟར་མ་རེད་དམ།
    ཨ་རུ་ན་ཅལ་ཕྱོགས་ནས་བློན་ཆེན་འདས་པོ་རྡོ་རྗེ་མཁའ་འགྲོ་ལྟ་བུ་དང་མཚོ་སྣ་རིན་པོ་ལྟ་བུ་ཉིས་ལྡབ་སུམ་ལྡབ་ཀྱིས་འཐོན་ཡོང་བར་སྨོན། དེ་ཡང་ས་གནས་མི་དམངས་ཀྱི་དམངས་གཙོ་དང་འགྲོ་མིའི་ཐོབ་ཐང་རྩོད་ལེན་གྱི་ཕྱིར་དུ་འཐོན་ཡོང་བར་སྨོན།
    བླ་མ་མཚོ་སྣ་རིན་པོ་ཆེ་སྐུ་གཤེགས་པར་མྱ་ངན་གུས་དུད་དང་། ཡང་སྲིད་མྱུར་དུ་བྱོན་ཏེ་མཛད་འཕྲིན་གྱི་འཕྲོ་མུ་ནས་མུར་བསྐྱང་རྒྱུ་སྐྱབས་འཇུག་སྙིང་ནས་ཞུ་ཞུ་ཞུ།

    Reply
  7. གནས་ཚང་། says:
    ལོ་ 12 སྔོན།

    ༡ རང་ཤི་བརྒྱབ་པ་ཡིན་ཚེ། ནང་ཆོས་སློབ་གཉེར་གནང་མཁན་ཚོའི་སེམས་ཁམས་ལ་ནང་ཆོས་ཀྱིས་ཕན་གྱི་ཡོད་མེད་དོགས་གནས་མ་རེད་དམ།
    ༢ ཨ་རུ་ན་ཆལ་ནས་ཡིན་མཁན་གྱི་སྲིད་དོན་པ་དག་ཅིའི་ཕྱིར་གཅིག་རྗེས་གཉིས་མཐུད་ཀྱིས་གྲོངས་བཞིན་ཡོད་དམ།
    ༣ རྒྱ་ནག་གཞུང་གིས་དོན་རྐྱེན་འདི་དག་ལ་ཁ་གཡར་ནས་རྒྱ་གར་ལ་དམག་རྒྱག་སྲིད་དམ།

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    ཨ་ཁ །སྤྲུལ་ཞིག་ཡིན་པ་དང་ནང་ཆོས་ལ་སློབ་སྦྱོང་དེ་འདྲ་བྱས་ནའང་ད་དུང་རང་ཤི་རྒྱབ་པ་ནི་ངོ་གནོངས་དགོས་པ་ཞིག་རེད་།མི་ཕལ་པ་ཞིག་གིས་ལས་རང་བྱས་འདུག།སྤྲུལ་མིང་པ་ཡོངས་ལ་སློབ་བྱ་ཞིག་རེད་མི་འདུག་གམ

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་ ས་གནས་ཉེན་རྟོག་པས་སྐུ་ཕུང་ལ་བརྟག་ཞིབ་བྱས་པ་བརྒྱུད། ཁོང་གིས་རང་ཤི་བསྐྱོན་པ་ཡིན་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། རེས་གཟའ་སྤེན་པའི་ཉིན་ཁོང་གི་སྐུ་ཕུང་འབུམ་སྡེ་ལར་གདན་འདྲེན་ཞུས་ཡོད་འདུག ་་་་་་་་་

    Reply
  10. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཨ་ཁ་དེ་འདྲ་རང་ཡིན་རྒྱུ་མ་རེད་གང་ལྟར་ཡིན་ཡང་ཁོང་དགོང་པ་རྫོགས་པ་འཕངས་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese