མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་ཨུ་རུ་སུའི་སྲིད་འཛིན་ཐུག་འཕྲད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨེ་ཤ་ཡའི་ཚོགས་ཆེན་ཞིག་གི་ཐོག་རྒྱ་ནག་ཨུ་རུ་སུའི་སྲིད་འཛིན་རྣམ་གཉིས་ཐུག་འཕྲད་བྱས་ཏེ་ཚོང་འབྲེལ་དང་དམག་དོན་སྐོར་གྱི་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་བཀོད་པའི་ཐད་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱས་ཡོད།

 

ཁ་སང་དེ་རིང་ཉིན་གཉིས་རིང་རྒྱ་ནག་གི་གྲོང་ཁྱེར་ཧྲེང་ཧེ་རུ་ཨེ་ཤ་ཡའི་འབྲེལ་ལམ་དང་བརྟན་བརླིང་གི་ཚོགས་ཆེན་ཐེངས་བཞི་པ་ཞེས་པ་ཞིག་ཚོགས་ཡོད་ཅིང་། སྐབས་དེར་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་དམག་དོན། བར་སྣང་འཚོལ་ཞིབ། བརྡ་འཕྲིན། མཚོན་ཆ། འཛུགས་སྐྲུན་སོགས་ཚོང་དོན་གྲོས་མཐུན་དོན་ཚན་ ༤༩ ཙམ་ལ་མིང་རྟགས་བཀོད་ཡོད་འདུག འོན་ཀྱང་། ཨུ་རུ་སུ་ནས་རྒྱ་ནག་ལ་སོལ་རླངས་ནང་འདྲེན་བྱེད་རྒྱུའི་ཚོང་དོན་ཨ་སྒོར་ཐེར་འབུམ་ ༤༠༠ ཙམ་གྱི་ཚོང་དོན་ལ་མིང་རྟགས་བཀོད་ཐུབ་མི་འདུག

 

སྲིད་འཛིན་གཉིས་ཐུན་མོང་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དེང་སྐབས་རྒྱལ་ཁབ་ཁག་གི་དྲ་ཚིགས་བདེ་འཇགས་ལ་ཁྲིམས་འགལ་ཐོག་འཇབ་རྒོལ་དང་ལྐོག་འཛུལ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་ཡོད་སྟབས། རྒྱལ་ཁབ་ཀྱི་བདག་དབང་དང་མི་སྒེར་གྱི་ཁེ་དབང་ལ་དོ་ཕོག་འགྲོ་རྒྱུའི་སེམས་འཚབ་ཡོད་སྐོར་དང་། རྒྱལ་ཁབ་གཞན་གྱི་སྲིད་གཞུང་ལ་འགྱུར་བ་གཏོང་བའི་དམིགས་འབེན་འོག་ཕྱོགས་གཅིག་ཁོ་ནས་དཔལ་འབྱོར་ཉེས་ཆེད་གཏོང་བའི་བྱེད་སྟངས་འདོར་དགོས་ཚུལ། ཡུའུ་ཁུ་རེན་གྱི་ཛ་དྲག་དཀའ་རྙོག་དེ་ནང་ཁུལ་གྱི་དཀའ་རྙོག་ཅིག་ཡིན་སྟབས་ཕྱོགས་ཚང་མས་ཞི་འཇགས་དང་གྲོས་མོལ་བརྒྱུད་སེལ་ཐབས་བྱ་དགོས་སྐོར་སོགས་བརྗོད་འདུག

 

གསར་འགོད་གསལ་བསྒྲགས་སྟེང་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་དང་ཨུ་རུ་སུའི་བར་མཐུན་ཕྱོགས་ཀྱི་ཆ་རྐྱེན་གང་མང་ཡོད་སྟབས། ང་ཚོས་དམག་དོན་ཐབས་ཇུས་དང་དཔལ་འབྱོར་ཚོང་ལས་ཀྱི་ཐོག་ནས་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་སྟོབས་ཤུགས་ཡར་རྒྱས་དང་རྒྱལ་སྤྱིའི་ནང་འགྲན་བསྡུར་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། དེ་བཞིན་སྲིད་འཛིན་པུ་ཊིན་གྱིས་ཀྱང་རྒྱ་ནག་ནི་ཡིད་ཆེས་བློས་འགེལ་ཆོག་པའི་ཨུ་རུ་སུའི་གྲོགས་པོ་ཞིག་ཡིན་པ་དང་།  རྒྱལ་ཁབ་གཉིས་བར་དམག་དོན་གཙོས་བདེ་སྲུང་ཐད་མཉམ་འབྲེལ་བྱས་ན་འཛམ་གླིང་དང་ས་ཁུལ་རིམ་པའི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

 

ཐེངས་འདིར་ཨུ་རུ་སུ་དང་རྒྱ་ནག་གི་དམག་དོན་གྲོས་ཆོད་ནང་། འབྱུང་འགྱུར་ཤར་རྒྱ་ནག་རྒྱ་མཚོའི་ནང་ཉི་ཧོང་གི་བདག་དབང་འོག་ཡོད་པའི་རྩོད་གཞི་ཅན་གྱི་གླིང་ཕྲན་སན་ཁད་ཁེ་ (Senkake) ཡི་ཉེ་འཁོར་དུ་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་དམག་གྲུ་ ༡༤ དང་མཚོ་འོག་གྲུ་གཟིངས་ ༢ ། འཐབ་འཁྲུག་གནམ་གྲུ་ ༡༥ ཙམ་བེད་སྤྱོད་བཏང་སྟེ་དམག་སྦྱོང་བྱ་རྒྱུ་ཡིན་པ་འཁོད་ཡོད་འདུག འདིའི་ཐད་དམག་ཇུས་དབྱེ་ཞིབ་པ་རོབ་སི་ལན་ (Suslan Pukhov) ལགས་ཀྱིས་གསར་འགོད་པར། དམག་འཁྲུག་ལྟ་བུའི་རྩེད་མོ་འདིའི་ནང་རྒྱ་ནག་ལ་ཁེ་ཕན་ཆེ་བ་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུའུ་ཁུ་རེན་གྱི་གནད་དོན་ཐོག་ནས་ཨུ་རུ་སུ་འཛམ་གླིང་ཐོག་ཁེར་རྐྱང་བཟོས་ཡོད་སྟབས་ཨུ་རུ་སུས་ཁས་ལེན་བྱེད་དགོས་ཆགས་ཡོད་ཅེས་བརྗོད་འདུག

 

རྒྱལ་སྤྱིའི་གསར་ལམ་ཁག་ཏུ། ཨུ་རུ་སུ་དང་རྒྱ་ནག་བར་སོལ་རླངས་ཚོང་འབྲེལ་སྐོར་ལ། ཨ་རི་གཙོས་ཡུ་རོབ་རྒྱལ་ཁབ་ཚོས་ཡུའུ་ཁུ་རེན་གྱི་གནད་དོན་དང་འབྲེལ་ཏེ་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཆེན་པོ་བཏང་ཡོད་པ་དང་། རྒྱལ་སྤྱིའི་དངུལ་ཁང་གིས་ཚོད་དཔག་བྱས་པ་ལྟར་ན་ ༢༠༡༤ ལོར་ཨུ་རུ་སུའི་དཔལ་འབྱོར་ཡར་རྒྱས་བརྒྱ་ཆའི་ ༠.༢ ཡིན་སྟབས་ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་འདིར། སྐུ་ཞབས་པུ་ཊིན་གྱིས་རྒྱ་ནག་གི་སོལ་རླངས་གོང་ཚད་ལྟར་སོལ་རླངས་ཚོང་ལས་གྲོས་གཞིར་མིང་རྟགས་འགོད་སྲིད་སྐོར་དང་། ཡང་ཁག་ཅིག་གིས་རྒྱ་ནག་ལ་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་དབོར་འདྲེན་བྱས་པའི་སོལ་རླངས་ཀྱིས་ ༢༠༢༠ ལོའི་བར་འདང་གི་ཡོད་སྟབས། ཨུ་རུ་སུས་བསམ་ཤེས་མ་བྱས་ཚེ་རྒྱ་ནག་གིས་ཨུ་རུ་སུ་མཉམ་དུ་སོལ་རླངས་ཚོང་ལས་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུར་འདོད་པ་མེད་སྐོར་བརྗོད་འདུག

 

ཉེ་ལམ་རྒྱ་ནག་གིས་ཝེ་ཋི་ནམ་དང་ཧྥི་ལི་ཕིན་གཉིས་མཉམ་དུ་རྩོད་རྙོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྡོ་སྣུམ་སྔོག་འདོན་དང་མཚོ་ངོས་རྒྱ་སྐྱེད་བྱས་པར་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་སྐབས། སྲིད་འཛིན་པུ་ཊིན་གྱིས་གོ་སྐབས་བཟུང་སྟེ་རྒྱ་ནག་དང་མཉམ་དུ་ཕྱི་སྲིད་དང་དམག་དོན། ཚོང་ལས་ཀྱི་འབྲེལ་ལམ་བཙུགས་པ་དང་། ཡུའུ་ཁུ་རེན་གྱི་གནད་དོན་ལ་རྒྱ་ནག་གིས་རྒྱབ་རོགས་འཚོལ་ཐབས་དང་། ལྷག་པར་དུ་ཨེ་ཤ་ཡའི་ནང་སོལ་རླངས་གི་ཁྲོམ་རྭ་རྒྱ་སྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་འདུག

 

ཟླ་འདིའི་ཚེས་ ༡༩ ཉིན་སྲིད་འཛིན་པུ་ཊིན་གྱིས་ཡུའུ་ཁུ་རེན་ཤར་ཕྱོགས་ས་མཚམས་སུ་ཡོད་པའི་ཨུ་རུ་སུའི་དམག་དཔུང་གིས་དཔྱིད་དུས་དམག་སྦྱོང་བྱེད་པའི་དུས་ཡུན་རྫོགས་ཟིན་སྟབས། དམག་དཔུང་ཕྱིར་ལོག་དགོས་པའི་གསལ་བསྒྲགས་སྤེལ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྣམ་འགྱུར་གང་ཡང་མ་བསྟན་པ་མ་ཟད། གྱེན་ལོག་པ་ཚོས་བཙན་བཟུང་བྱས་པའི་གྲོང་ཁྱེར་ཁག་སྲིད་གཞུང་ལ་རྩིས་སྤྲོད་དགོས་པའི་འབོད་སྐུལ་བྱས་དང་བྱེད་བཞིན་ཡོད་འདུག

 

ཉིན་འགའི་སྔོན་གྱེན་ལོག་པ་ཚོས་ཤར་ཕྱོགས་གྲོང་ཁྱེར་ཊོབ་ནེ་ཌི་སི་ཁུ་ (Donetsk) དང་ལོ་ཧན་སི་ཁུ་ (Lugansk)བཅས་ཀྱི་མང་ཚོགས་ཀྱིས་མང་མོས་འོས་བསྡུ་བརྒྱུད་རང་སྐྱོང་མངའ་ཁུལ་ཡིན་པར་བསྒྲགས་ཡོད་ཅིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གནད་དོན་དེའི་རྒྱབ་ཏུ་ཨུ་རུ་སུ་ཡོད་པའི་སྐྱོན་འཛུགས་བྱེད་བཞིན་ཡོད།  

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༢ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese