མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་སྲིད་བློན་གསར་བའི་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བར་སྲིད་བློན་གསར་བ་སྐུ་ཞབས་མུ་དྷི་མཆོག་གིས་སྲིད་བློན་གྱི་ལས་འཁུར་དམ་འབུལ་ཞུ་རྒྱུ་ཡིན་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦།༠༠ སྟེང་རྒྱ་གར་རྒྱལ་ས་ལྡི་ལི་གསར་བའི་སྲིད་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ། རྒྱ་གར་གྱི་སྲིད་འཛིན་པུར་ནཱ་པུ་མོར་ཀར་ཇེ་ (Pranab Mukherjee)མཆོག་མདུན་དུ། སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་མཁན་བྷེ་ཇེ་པེ་སྲིད་དོན་ཚོགས་པའི་སྲིད་བློན་འོས་མི་སྐུ་ཞབས་ནཱ་རན་ཌི་མུ་དྷེ་ (Narendra Modi) མཆོག་གིས། རྒྱ་གར་གྱི་སྲིད་བློན་ ༡༥ པའི་ལས་འཁུར་དམ་འབུལ་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཁོང་གི་སྲིད་གཞུང་གསར་བའི་བློན་ཆེན་ལྷན་ཚོགས་ནང་བློན་ཆེན་ ༤༠ ཙམ་ཡོད་པའི་ཁྲོད་བློན་ཆེན་ ༢༠ ཙམ་གསར་བསྐོ་དང་དམ་འབུལ་གནང་རྒྱུ་ཡིན་སྟབས། ད་ལྟ་རྒྱ་གར་གསར་ལམ་ཁག་གིས་ཚ་ཚ་འུར་འུར་གྱིས་གྲ་སྒྲིག་བྱེད་བཞིན་ཡོད་འདུག

སྲིད་བློན་དམ་འབུལ་མཛད་སྒོའི་སྟེང་། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་རྫི་ཞཱར་ཧྥི (Nawaz Sharif) མཆོག་དང་། སིང་གྷ་ལའི་སྲིད་འཛིན་མཱ་ཧིན་ཊིར་ (Mahinda Rajapaksa) མཆོག ཨབ་གྷན་གྱི་སྲིད་འཛིན་ཁྰར་ཛེ་ (Hamid Karzai) མཆོག བལ་ཡུལ་གྱི་སྲིད་བློན་སོ་ཤེལ་ཀོ་རེ་ལཱ་( Susshil Koirala)མཆོག འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག མོ་རི་ཤི་ཡ་ (Mauritius) སྲིད་བློན་ནཱ་བིན་(Navin Ramgoolam) མཆོག མལ་ཌེབ་སི་ (Maldives) ཡི་སྲིད་འཛིན་ཨབ་པུ་ཊོབ་ལཱ་ཡཱ་མེན་ (Abdulla Yameen Abdul Gayoom) མཆོག བྷང་ག་ལའི་སྲིད་བློན་གྱི་སྐུ་ཚབ་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ཞི་རེན་ (Shirin Chowdhury) མཆོག་བཅས་འཛམ་གླིང་རྒྱལ་ཁབ་ཁག་གི་སྐུ་ཚབ་མི་ ༣༠༠༠ ལྷག་མཉམ་ཞུགས་གནང་རྒྱུ་ཡིན་འདུག

ཐེངས་འདིར་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་རྫི་ཞཱར་ཧྥི་མཆོག་རྒྱ་གར་ལ་མ་འབྱོར་བའི་སྔོན་དུ། པ་ཀི་སི་ཐན་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་བསྐྱར་གསོ་ཡོང་བའི་རྣམ་འགྱུར་སྟོན་ཆེད། དེ་སྔོན་པ་ཀི་སི་ཐན་གྱིས་འཛིན་བཟུང་བྱས་པའི་རྒྱ་གར་གྱི་ཉ་བ་ ༡༥༡ ཡོད་པ་དེ་དག་ཀློད་གྲོལ་བཏང་ཡོད་འདུག་ལ། ད་ལྟའི་བར་རྒྱ་གར་གཞུང་གིས་པ་ཀི་སི་ཐན་གྱི་མགོ་ཁྲིད་གང་ཡང་སྲིད་བློན་དམ་འབུལ་གྱི་མཛད་སྒོར་མགྲོན་འབོད་བྱས་མྱོང་མི་འདུག

རྒྱ་གར་གྱི་སྲིད་བློན་གསར་པ་མུ་དྷི་མཆོག་གིས་ཁོང་གི་བཀའ་བློན་ལྷན་ཚོགས་ཁྲོད། སྐུ་ཞབས་ཨཱ་རོན་ཇིད་ཌི་ལེ་( Arun Jaitley) ལགས་དང་སྐུ་ཞབས་རའ་ཇི་ནཱ་ཐི་སིན་ (Rajnath Singh) ལགས། ལྕམ་སོ་ཞི་མྰ་ (Sushma Swaraj)ལགས། སྐུ་ཞབས་གྷོ་ཌི་ཀ་རེ་(Nitin Gadkari) ལགས། སྐུ་ཞབས་ནིབ་ཌོབ་(Venkaiah Naidu) ལགས། སྐུ་ཞབས་ཨ་ནམ་ཐི་ཀོ་མར་ (Ananth Kumar)ལགས ། སྐུ་ཞབས་རཱ་བེ་ཞང་ཀར་(Ravi Shankar Prasad) ལགས། ལྕམ་ཨོ་མྰ་བྷར་ཊེ་(Uma Bharti) ལགས། སྐུ་ཞབས་ཧར་ནཱ་བཱར་ལྡན་(Harsh Vardhan) སྐུ་ཞབས་པེ་ཡོ་ཞི་( Piyush Goel) བཅས་སོགས་བདམས་ཡོད་འདུག་ཀྱང་ལས་གནས་ཆ་བགོ་བྱེད་ཕྱོགས་ད་སྔ་གསལ་ཁ་མི་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ལྟར་ན། མུ་དྷིའི་སྲིད་གཞུང་གིས་དགུང་ལོ་ ༨༦ ལ་ཕེབས་པའི་བྷེ་ཇེ་པེ་སྲིད་དོན་ཚོགས་པའི་མགོ་ཁྲིད་རྒན་པ་ཨད་ཌི་བཱ་ནེ་(L.K Advani)ལགས་བློན་ཆེན་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་སོགས་ཀྱི་མཚན་གནས་གང་ཡོད་ད་སྔ་གསལ་ཁ་བཟོས་མེད་སྟབས། ཁོ་རང་སྲིད་དོན་ཚོགས་པའི་སློབ་སྟོན་པ་དང་བྷེ་ཇེ་པེ་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པ་ (NDA) ཡི་ཚོགས་གཙོ་བསྐོ་བཞག་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཉེ་ལམ་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཏེ་སྐུ་ཞབས་ནཱ་རན་ཌི་མུ་དྷེ་མཆོག་ལ་སྲིད་བློན་རྒྱལ་ཁ་ཐོབ་ཡོད་པ་བསྒྲགས་རྗེས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཁོང་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་ཡོད་སྟབས། སྐུ་ཞབས་ནཱ་རན་ཌི་མུ་དྷེ་མཆོག་གིས་ཏཱ་ལའི་བླ་མ་མཆོག་གིས་ངའི་ལས་དོན་ལམ་ལྷོང་ཡོང་བར་ཐུགས་སྨོན་མཛད་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དགའ་སྤྲོ་ཆེན་པོ་མཛད་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

༢༠༢༦/༠༣/༢༥
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

༢༠༢༦/༠༣/༢༤
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤

མཆན། 3

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    སྲིད་བློན་མཆོག་ལས་དོན་ལེགས་འགྲུབ་ཡོང་པའི་སྨོན་འདུན་གྲང་མེད་ཞུ་རྒྱ་གར་ང་ཚོ་ལོ་ངོ་ལྔ་བཅུ་ང་གྲང་རིང་ལྷོད་སྡོད་བྱེད་བཅུག་པ་མ་ཟད་ད་ལམ་སྲིད་བློན་མཛད་སྒོ་ལ་ཡང་ང་ཚོ་སྐད་གཏོང

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རྒྱ་གར་གྱི་ཇ་ཚོང་མཁན་རྒྱལ་འགྱུར་ཅིག
    བོད་ཀྱི་བདེན་པ་བརྡར་མཁན་རྒྱལ་འགྱུར་ཅིག

    Reply
  3. སྣང་གསལ། says:
    ལོ་ 12 སྔོན།

    སྲིད་བློན་མཆོག་་་ལས་འགན་ལེགས་གྲུབ་ཡོང་བའི་འཚམས་དྲིན་བཀྲ་ཤིས་བདེ་ལེགས་གྲང་མེད་ཞུའོ་་་་་་་་ཚེ་རིང་ལོ་རྒྱ་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese