མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུའུ་ཁུ་རེན་གྱི་སྲིད་འཛིན་གསར་པ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

ཡུའུ་ཁུ་རེན་མི་མང་ལ་འོས་བསྡུ་བྱས་ཏེ་སྲིད་འཛིན་གསར་པ་བདམས་ཐོན་བྱུང་ཡོད་པ་དང་། ཟླ་རྗེས་མའི་ནང་ཨུ་རུ་སུ་ཧྥ་རན་སིའི་སྲིད་འཛིན་རྣམ་གཉིས་ཐུག་འཕྲད་བྱ་རྒྱུ་སོགས་ཀྱི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་པའི་སྐུ་ཚབ་དང་ཕྱི་འབྲེལ་མི་སྣ་ ༣༥༠༠ ལྷག་གི་ལྟ་རྟོག་འོག  ཡུའུ་ཁུ་རེན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་བྱས་པའི་ཁྲོད་ཡུའུ་ཁུ་རེན་མི་མང་ས་ཡ་ ༣༥།༥ ཙམ་གྱིས་འོས་ཤོག་བླུགས་ཏེ། འབྱོར་ལྡན་པ་སྐུ་ཞབས་པོ་རོབ་ཤེན་ཀོ་ (Petro Poroshenko) ལགས་ལ་འོས་གྲངས་བརྒྱ་ཆ་ ༥༦ ཐོབ་སྟབས་ཏེ་སྲིད་འཛིན་དུ་བདམས་ཐོན་གསལ་བསྒྲགས་སྤེལ་ཡོད་ཅིང་། དེ་མ་ཐག་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཁོང་ལ་འཚམས་འདྲི་དང་སྦྲགས་དཔལ་འབྱོར་སོགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན་ཚུལ་ཁས་ལེན་བྱས་ཡོད། ཟླ་རྗེས་མའི་ཚེས་མགོར་ཁོང་ཡུའུ་ཁུ་རེན་གྱི་སྲིད་འཛིན་གསར་པས་ལས་འཁུར་ཞུ་རྒྱུ་ཡིན་འདུག

སྐུ་ཞབས་པོ་རོབ་ཤེན་ཀོ་ (Petro Poroshenko) ལགས་ཀྱིས་མང་ཚོགས་ལ་གཏམ་བཤད་ཅིག་སྤེལ་བའི་ནང་། ཁོང་གིས་སྲིད་འཛིན་བྱེད་པའི་དུས་ཡུན་ནང་ཡུའུ་ཁུ་རེན་ནང་ཟིང་འཁྲུག་བཀག་འགོག་བྱས་ཏེ་རྒྱལ་ཁབ་ནང་བརྟན་བརླིང་དང་ཆིག་སྒྲིལ་ཡོང་བར་འབད་བརྩོན་བྱེད་རྒྱུ་ཡིན་པ་མ་ཟད། དཔལ་འབྱོར་བསྐྱར་གསོའི་བྱེད་ཆེད་ཡུ་རོབ་མཐུན་ཚོགས་དང་མཉམ་དུ་དཔལ་འབྱོར་ཚོང་འབྲེལ་གྲོས་ཆོད་ལ་གང་མགྱོགས་མིང་རྟགས་དགོད་རྒྱུ་ཡིན་ཚུལ་དང་། ཡུའུ་ཁུ་རེན་གྱི་མང་ཚོགས་ནང་ཕྱོགས་འགལ་མི་འགྲོ་བ་དང་ཨུ་རུ་སུའི་མགོ་ཁྲིད་ཚོས་ཡུའུ་ཁུ་རེན་ལ་ལྟ་སྟངས་ངན་པ་མ་ཡོང་ཆེད། ཡུའུ་ཁུ་རེན་ཨ་རིས་སྣེ་ཁྲིད་པའི་ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་ (NATO) ནང་འཛུལ་ཞུགས་མི་བྱེད་པར་ཨུ་རུ་སུ་དང་མཉམ་དུ་གྲོས་མོལ་བརྒྱུད་འགྲིག་འཇགས་ཡོང་ཐབས་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་འདུག

ཐེངས་འདིའི་སྲིད་འཛིན་འོས་བསྡུའི་སྐབས་གྱེན་ལོག་པ་ཚོས་སྲིད་འཛིན་འོས་བསྡུ་ལ་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་ཆེད། ཤར་ཕྱོགས་གྲོང་ཁྱེར་ཁག་ཅིག་ནང་གི་འོས་བསྡུའི་ས་གནས་ལ་འཇིགས་སྐུལ་བཙན་འཛུལ་བྱས་ཡོད་ཀྱང་། སྐུ་ཞབས་པོ་རོབ་ཤེན་ཀོ་ཡིས་གྱེན་ལོག་པ་ཚོས་སྲིད་གཞུང་ལ་མཚོན་ཆ་ཕྱིར་སྤྲོད་དང་མགོ་བཏགས་ན་ནག་ཉེས་གུ་ཡངས་གཏོང་རྒྱུ་ཡིན་པར་བསྒྲགས་ཡོད། ད་ལྟའི་ཆར་ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་གིས་གྱེན་པ་ཚོར་ཁ་གཏོད་གཅོག་པའི་ནུས་ཤུགས་ཇེ་ཆེར་བཏང་སྟབས། ཨུ་རུ་སུས་ཡུའུ་ཁུ་རེན་མཉམ་དུ་གྲོས་མོལ་བྱེད་པར་སྒོ་ཕྱེས་ཡོད་ཀྱང་། ཡུའུ་ཁུ་རེན་གྱིས་ངེས་པར་དུ་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་གི་དམག་མི་ཕྱིར་འཐེན་དགོས་པར་ནན་བརྗོད་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན་ཨུ་རུ་སུ་གཞུང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཟླ་རྗེས་མའི་ཚེས་ ༥ ཉིན་ཧྥ་རན་སིའི་སྲིད་འཛིན་སྡོད་གནས་ཨེ་ལེ་སེ་ཕོ་བྲང་དུ། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ཧྥ་རན་སིའི་སྲིད་འཛིན་ཧོད་ལན་ཌི་ (Francois Hollande)གཉིས་ཀྱིས་ཐུག་འཕྲད་གནང་སྟེ། ཡུའུ་ཁུ་རེན་གྱི་གནད་དོན་ཚུད་པའི་རྒྱལ་སྤྱི་དང་རྒྱལ་ཁབ་གཉིས་ཀྱི་གནད་དོན་ཁག་ཅིག་ལ་གྲོས་མོལ་བྱ་རྒྱུ་ཡིན་པ་དང་། དེ་ནི་ཨུ་རུ་སུས་ཡུའུ་ཁུ་རེན་གྱི་རང་སྐྱོང་མངའ་ཁུལ་ཁུ་རེ་མཱེ་ཡ་བཙན་བཟུང་བྱས་རྗེས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་བར་ཐུག་འཕྲད་བྱེད་པ་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག

ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཊོབ་ནེ་ཌི་སི་ཁུ་ (Donetsk) ཡི་གྱེན་ལོག་པ་ཚོས། གྲོང་ཁྱེར་གྱི་གནམ་ཐང་བཙན་བཟུང་བྱས་པར་བརྟེན། ཡུའུ་ཁུ་རེན་དམིགས་བསལ་དམག་དཔུང་གིས་གྱེན་ལོག་པ་ཚོར་འཇབ་རྒོལ་བྱས་ཏེ་གནམ་ཐང་དང་གྲོང་ཁྱེར་ཕྱིར་བླངས་ཡོད་པ་མ་ཟད། འཐབ་འཛིང་ཁྲོད་མི་ ༤༠ ཙམ་བསད་ཡོད་འདུག གནད་དོན་འདིའི་ཐད་ཡུའུ་ཁུ་རེན་གཞུང་གིས་བསྐོ་བཞག་བྱས་པའི་གྲོང་ཁྱེར་སྤྱི་ཁྱབ་ལོབ་ཁུ་ཡན་ཆན་ཀོ་(Oleksandr Luckyanchenko)ལགས་ཀྱིས་གསར་འགོད་པར། ཁོང་ཚོ་ཁྲོད་ཀྱི་མི་གཉིས་མ་གཏོགས་གཞན་ཚང་མ་ཨུ་རུ་སུའི་མི་ཡིན་སྐོར་བརྗོད་འདུག

གནད་དོན་དབྱེ་པ་ཚོས། སྲིད་འཛིན་པུ་ཊིན་གྱིས་ཧྥ་རན་སི་བརྒྱུད་ནས་ཡུ་རོབ་མཐུན་ཚོགས་མཉམ་དུ་ཡང་བསྐྱར་འབྲེལ་ལམ་གསར་བ་ཞིག་སྒོ་འབྱེད་ཐུབ་པར་འབད་བརྩོན་བྱེད་ཀྱིན་ཡོད་ཀྱང་། ཨུ་རུ་སུས་ཡུའུ་ཁུ་རེན་གྱི་གནད་དོན་སེལ་རྒྱུར་གཞུང་གསར་བར་གཞོགས་འདེགས་མ་བྱས་ཚེ། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོས་མུ་མཐུད་དུ་ཨུ་རུ་སུ་ཁེར་རྐྱང་འཇོག་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

༢༠༢༦/༠༥/༠༢
བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར། དྲ་ལམ་གྱི་པར།
Mobile App

བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞིའི་འོས་བླུགས་པའི་ཐོབ་ཐང་གནང་།

༢༠༢༦/༠༥/༠༢
བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

༢༠༢༦/༠༥/༠༡
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

༢༠༢༦/༠༥/༠༡
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༦/༠༥/༠༡
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

༢༠༢༦/༠༥/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese