མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཙན་འཛུལ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་གཉིས་ཀྱིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སཱིན་ཁཱ་ཁའོ་མཚོ་གླིང་ལ་བཙན་འཛུལ་བྱས་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག ཉི་ཧོང་དང་རྒྱ་ནག་གིས་རྩོད་གླེང་བྱེད་བཞིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སཱིན་ཁཱ་ཁའོ་མཚོ་གླིང་གི་སྤྱི་གཡར་མཚོ་ཁུལ་དུ། རྒྱ་ནག་གི་མཚོ་དམག་གྲུ་གཟིངས་གཉིས་ཀྱིས་མཚོ་ལེ་ ༡༢ ཙམ་གྱི་སར་གློ་བུར་བཙན་འཛུལ་གྱིས་ཉི་ཧོང་གི་མཚོ་དམག་ལ་འཇིགས་སྣང་སྐུལ་ཡོད་སྟབས། ཨ་རི་དང་ཉི་ཧོང་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་འདུག

འདིའི་ཐད་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས། “ རྒྱ་ནག་གིས་ཟླ་འདིའི་ནང་སཱིན་ཁཱ་ཁའོ་མཚོ་གླིང་དུ་ཐེངས་གསུམ་བཙན་འཛུལ་བྱས་ཡོད་སྟབས། མ་འོངས་པར་ཉི་ཧོང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན།” ཞེས་བརྗོད་འདུག ཨ་རིའི་བདེ་སྲུང་དྲུང་ཆེ་ཧེ་གྷལ་ (Chuck Hagel ) ལགས་ཀྱིས། “ རྒྱ་ནག་གི་བྱ་སྤྱོད་དེ་ནི་ཨེ་ཤ་ཡའི་བརྟན་བརླིང་སྲུང་སྐྱོབ་ལ་གཏོར་རྒོལ་གཏོང་གཞི་ཞིག་ཡིན་སྟབས། གལ་ཏེ་རྒྱ་གཞུང་གིས་རྒྱལ་སྤྱིའི་བདེ་འཇགས་ལ་གནོད་སྐྱོན་བཟོས་ཚེ་ཨ་རིས་དེ་མཚུངས་འཁོན་ལན་སློག་རྒྱུ་ཡིན།” ཞེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཁ་སང་ཤིང་ཛོ་ཨ་བྷེ་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇགས་ཀྱི་ཚོགས་འདུའི་སྐབས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་སྟབས། རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཏེ་ཐེངས་འདིར་སཱིན་ཁཱ་ཁའོ་མཚོ་གླིང་ལ་བཙན་འཛུལ་བྱས་པ་ཞིག་ཡིན་ཞིང་། གལ་ཏེ་རྒྱལ་ཁབ་གཉིས་པོས་ཞི་མོལ་བརྒྱུད་དཀའ་རྙོག་དེ་དག་མ་སེལ་ཚེ། མ་འོངས་པར་ཨེ་ཤ་ཡའི་མངའ་ཁུལ་ནང་དམག་འཁྲུག་ལངས་རྒྱུ་ཡིན་སྐོར་བརྗོད་འདུག

༢༠༡༢ ལོའི་ཟླ་ ༩ ནང་ཉི་ཧོང་གཞུང་གིས་རྒྱ་ནག་དང་བདག་དབང་རྩོད་ལེན་བཞིན་པའི་ཤར་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་ཁག་ཅིག་བདག་བཟུང་བྱ་རྒྱུ་ཡིན་སྐོར་བསྒྲགས་རྗེས། རྒྱ་ནག་གིས་ཉི་ཧོང་གཞུང་ལ་སྡིགས་ར་ཐེངས་མང་བྱས་ཡོད་ཅིང་། ལྷག་པར་དུ་ཉི་ཧོང་དང་རྒྱ་ནག་གི་རྩོད་གཞི་ཅན་གྱི་སཱིན་ཁཱ་ཁཱའོ་མཚོ་གླིང་དུ་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་བཏང་སྟེ། ཟླ་འདིའི་ཚེས་ ༢ དང་ཚེས་ ༡༢། དེ་རིང་བཅས་བཙན་འཛུལ་ཐེངས་གསུམ་བྱས་ཡོད་འདུག

༢༠༡༣ ལོའི་ཟླ་ ༡༡ པའི་ཚེས་ ༧ ཉིན་རྒྱ་གཞུང་གིས་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་ཐིག་ཚད་བཟོས་ཏེ། ཨེ་ཤ་ཡའི་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་ཡོད་སྟབས། བྷུར་ནི་ (Brunei) དང་མ་ལི་ཤི་ཡ། ཝེ་ཋི་ནམ། ཧྥི་ལི་ཕིན། ཐེ་ཝན་བཅས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད།

སིང་གྷ་པུར་གྱི་རྒྱལ་སར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇགས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཁ་སང་ནས་ཚོགས་བཞིན་ཡོད་ཅིང་། དེར་མཐུན་ཚོགས་ཀྱི་ཚོགས་མའི་རྒྱལ་ཁབ་ཁག་དང་ཨ་རི། ཨོ་སི་ཌོ་ལི་ཡ་བཅས་ཀྱི་འཐུས་མི་མཉམ་ཞུགས་གནང་ཡོད་ལ། ཚོགས་ཐོག་ཏུ་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེས་ཨེ་ཤ་ཡའི་བརྟན་བརླིང་ནི་རྒྱལ་སྤྱིའི་བདེ་འཇགས་ལ་འབྲེལ་བ་ཡོད་སྟབས། ང་ཚོས་བཙན་འཛུལ་པར་ཁ་གཏད་གཅོག་དགོས་བའི་འབོད་སྐུལ་ཞུས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༢ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩

མཆན། 5

  1. ཀླུ་ བློ་བསམ། says:
    ལོ་ 12 སྔོན།

    ལམ་འགྲོ་བས་བཤད་པ་འདི་ཧ་ཅང་བདེན་པར་སྙམ། རྒྱ་ནག་གི་ནང་ན་རྙོག་དྲ་ཡོད་དུས། མི་དམངས་ལ་སྐྲག་ནས་མི་དམངས་ཀྱི་བློ་ཁ་བསྒྱུར་བྱེད་ཅིག་རེད།

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    ཁྱི་ངན་ཞིག་དང་འདྲ་བ་རྒྱ་ནག་དབང་འཛིན་པ་ཚོས་རྒྱལ་ཁབ་ཆུང་ཆུང་རྐྱང་ལ་མ་གཏོགས་ཐུབ་ཚོད་གཏང་བའི་སྙིང་སྟོབས་དེ་མེད་པར་འདས་དང་ད་ལྟ་བར་དུ་བྱུང་མྱངས་མེད།

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་ནག་ཧམ་པའི་རང་ཚོད་མ་ཟིན་ན་བསམ་དོན་བཞིན་མི་འགྲུབ་

    Reply
  4. ལམ་འགྲོ་བ། says:
    ལོ་ 12 སྔོན།

    རྒྱ་ནག་གི་བྱེད་ཐབས་འདི་དྲུག་བཞི་དོན་རྐྱེན་བསྐྱར་ལངས་བྱེད་པར་དོགས་ཏེ་མི་དམངས་ཀྱི་ཁ་ཕྱོགས་བསྒྱུར་བའི་གཡོ་ཐབས་ཤིག་ཏུ་བེད་སྤྱོད་ཀྱི་ཡོད་མོད། རྒྱལ་སྤྱིའི་མི་མང་རྣམས་རྒྱ་ནག་ཟེར་ན་ཁོང་སྤྲོ་ཟ་ས་ཞིག་ཏུ་འགྱུར་བཞིན་པ་འདི་ཡང་། འཛམ་གླིང་ཞི་བདེར་དགའ་བའི་སྐྱེ་བོ་དག་གིས་བཙན་རྒྱལ་རིང་ལུགས་ལ་ཁ་གཏད་ལྕོག་པའི་སྟོབས་ཤུགས་གསར་བ་ཞིག་གི་མགོ་འབུས་པ་ཡིན་པས་དགའ་འོས་པ་ཞིག་རེད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ ལྷག་པར་དུ་ཉི་ཧོང་དང་རྒྱ་ནག་གི་རྩོད་གཞི་ཅན་གྱི་སཱིན་ཁཱ་ཁཱའོ་མཚོ་གླིང་དུ་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་བཏང་སྟེ། ཟླ་འདིའི་ཚེས་ ༢ དང་ཚེས་ ༡༢། དེ་རིང་བཅས་བཙན་འཛུལ་ཐེངས་གསུམ་བྱས་ཡོད་འདུག་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese