མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིའི་གྱོན་ཆས་ཙམ་མིན་པར་ནང་གི་འགྲོ་སྟངས་ལ་འགྱུར་བ་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྨན་རྩིས་ཁང་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༥༣ འཁོར་བའི་དུས་དྲན་ཐོག འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་ལུགས་གསོ་རིག་ཐོག་ནས་མི་མང་ལ་ནད་རིགས་སྔོན་འགོག་གི་འཕྲོད་བསྟེན་སློབ་གསོའི་ལས་འགུལ་ཙམ་སྤེལ་རྒྱུ་གལ་ཆེན་ཡིན་ཚུལ་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༥༣ འཁོར་བའི་རིག་གཞུང་སྲུང་གཙིའི་དུས་དྲན་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པའི་དབུས་སྐུ་མགྲོན་གཙོ་བོར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག འཕྲོད་བསྟེན་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་སྨན་རྩིས་ཁང་གི་སྡེ་ཚན་ཁག་གི་འགན་འཛིན་དང་སྨན་པ། མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་འདུ་འཛོམས་གནང་འདུག

མཛད་སྒོའི་ཐོག་སྐུ་མགྲོན་རྣམ་གཉིས་ནས་སྨན་རྩིས་ཁང་དབུས་ས་གཉིས་ཀྱི་ལས་བྱེད་ཞབས་ ལོ་ ༣༠ དང་ ༢༠ འཁོར་བའི་ལས་བྱེད་དང་། སྨན་རྩིས་ཁང་མཐོ་སློབ་ཀྱི་སྨན་དང་རྩིས་ཀྱི་མཐར་ཕྱིན་སློབ་མ་ཚོར་ལག་ཁྱེར་གནང་སོང་། གཞན་ཡང་། མཐོ་སློབ་ཀྱི་དུས་དེབ་གངས་རིའི་ལང་ཚོའི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་། བོད་དབྱིན་གཉིས་ཀྱི་རྩོམ་ཡིག་ལེགས་ཤོས་དྲུག་ལ་གཟེངས་བསྟོད་ཀྱི་བྱ་དགའ་དང་། མཐོ་སློབ་ཀྱི་རིག་གཞུང་འགྲན་བསྡུར་ལས་རྒྱལ་ཁ་ཐོབ་པའི་རུ་ཁག་བཅས་ལ་བྱ་དགའ་གནང་སོང་།

མཐོ་སློབ་ཀྱི་སློབ་སྤྱི་སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས། “སྨན་རྩིས་སློབ་གཉེར་ཁང་འདི་ནས་ད་ལྟའི་བར་སྨན་པ་དཀའ་བཅུ་བ་གྲངས་ ༢༩༦ དང་། རྩིས་པ་དཀའ་བཅུ་བ་ ༥༣ བཅས་གསོ་སྐྱོང་བྱས་པ་དང་། དེའི་ཁོངས་སུ་ཧི་མ་ལ་ཡའི་རི་རྒྱུད་ནས་སློབ་མ་ ༢༡ ། སོག་པོ་དང་ཉི་ཧོང་སོགས་ནས་སློབ་མ་ ༡༥ ཡོད་པ་དང་། དེ་བཞིན་དུས་སྐབས་སོ་སོར་སྨན་རམས་པའི་ལག་ཁྱེར་ཐོབ་པ་གྲངས་ ༡༢༦ དང་། རྩིས་རམས་པའི་ལག་ཁྱེར་ཐོབ་མཁན་གྲངས་ ༡༣ ཡོད་ལ། སློབ་གཉེར་གནང་བཞིན་པའི་སྐབས་ ༡༧ པའི་ནང་སློབ་ཕྲུག་ ༢༤ ཡོད་པ་དང་། སྨན་སློབ་སྐབས་ ༡༨ པར་སློབ་ཕྲུག་ ༣༣། སྨན་སློབ་སྐབས་ ༡༩ པར་སློབ་ཕྲུག་ ༢༨། རྩིས་སློབ་སྐབས་ ༩ པར་སློབ་ཕྲུག་ ༦། རྩིས་སློབ་སྐབས་ ༡༠ པར་སློབ་ཕྲུག་ ༡༧ བཅས་ཁྱོན་བསྡོམས་སློབ་མ་ ༡༠༨ ཡོད། མདོར་ན་འདི་ནས་ཐོན་པའི་སྤྱི་སྒེར་སྨན་པ་རྣམས་ཀྱིས་འཛམ་གླིང་ཡུལ་གྲུ་འདྲ་མིན་དང་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་འདུས་སྡོད་གཞི་ཆགས་ཁག་གང་སར་ཡན་ལག་སྨན་ཁང་ལྔ་བཅུ་ང་གསུམ་ནང་། སྤྱི་ཚོགས་བདེ་དོན་དང་འཕྲོད་བསྟེན་ཞབས་འདེགས་རྒྱ་ཆེར་བསྒྲུབས་དང་སྒྲུབ་བཞིན་པ་མཐོང་ཆོས་སུ་གྱུར་ཡོད་ལ། སྐར་ནག་དབྱངས་རྩིས་པ་རྣམས་ཀྱིས་ཀྱང་སྐུ་ཡི་དགུང་ཀེག་གི་རྩིས་སོགས་ཆད་ལུས་མེད་པར་འབུལ་ལམ་དང་ལོ་ཐོ་རྒྱས་བསྡུས་སོགས་འདོན་སྤེལ་ཞུས་དང་ཞུ་བཞིན་པ་བཅས་ལོ་ ༥༢ ནང་། གཞི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་ཀྱི་ཕྱོགས་སུ་ཕྱིན་ཡོད་ནའང་མུ་མཐུད་བགྲོད་ལམ་རིང་བར་བརྟེན། འདི་ག་སྨན་རྩིས་མཐོ་སློབ་ཁང་གི་འཛིན་ཁང་ཁག་དང་དཔེ་མཛོད་བཅས་རྒྱ་བསྐྱེད་ཆེད། སྨན་རྩིས་འགན་འཛིན་མཆོག་དང་ས་ཁང་ཚོགས་ཆུང་། མཐོ་སློབ་འབྲེལ་ཡོད་རྣམས་ཀྱི་འཆར་འགོད་ལས་གཞི་ལེགས་གྲུབ་ཟིན་ཏེ། སློབ་སྦྱོང་བྱ་ཡུལ་དཔེ་མཛོད་དང་། ལོ་མང་འཕྲད་བཞིན་པའི་འཛིན་ཁང་ཁག་གི་དཀའ་ངལ་སེལ་ཐུབ་ཡོད། ད་དུང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ས་ཆ་ཨེ་ཀར་ ༡༩ ཙམ་གྱི་ཁོངས་སུ། ཨེ་ཀར་གསུམ་སྨན་རྩིས་མཐོ་སློབ་ཁང་གི་ལས་གཞིར་དམིགས་ནས་འཆར་བགོས་འགྲོ་བཞིན་ཡོད་ལ། རིང་མིན་སློབ་ཕྲུག་གི་གྲངས་ཚད་ལོ་རེར་ ༦༠ བར་སྤར་རྒྱུ་དང་། སློབ་གྲྭའི་གནས་སྟངས་ཀྱང་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་ཐུབ་པ། སྨན་ལུགས་གཞན་གྱི་མཐོ་སློབ་གང་མང་དང་ཤེས་ཡོན་སྤེལ་རེས་ཐུབ་པ། ཕྱི་རྒྱལ་མི་རིགས་བོད་ཀྱི་གསོ་བ་རིག་པའི་དོན་གཉེར་བ་རྣམས་ལ་གོ་སྐབས་བསྐྲུན་རྒྱུ་སོགས་ཀྱིས་མཚོན་ཆ་རྐྱེན་མང་དག་ཅིག་དགོས་ངེས་འགྱུར་ལྡོག་ཡོང་རྒྱུ་སྨོས་མི་དགོས་པ་མ་ཟད། ཉེ་བའི་ཆར་༧གོང་ས་མཆོག་གི་བཀའ་དགོངས་ལྟར། རིགས་གཅིག་རྐང་འཛིན་གྱི་གྲངས་ཚད་ཀྱང་འཕར་ཐུབ་པའི་གཞི་རྩར་འགྱུར་རྒྱུ་ཡིན། ”ཞེས་བརྗོད་སོང་། ཡང་ཁོང་གིས་ད་ལོའི་མཐར་ཕྱིན་སློབ་མ་ཚོར་ཕྱི་ལུགས་ཀྱི་སློབ་ཐོན་གྱོན་གོས་གསར་བཟོ་བྱས་པ་ནི། གསར་གཏོད་ཀྱི་རྨང་གཞི་གྲུབ་ཐབས་དང་ཡར་རྒྱས་ཀྱི་ས་བོན་དུ་དམིགས་པ། དེ་བཞིན་སྔོན་བྱོན་མཁས་དབང་རྣམས་དང་ཁྱད་པར་དུ་༧གོང་ས་མཆོག བོད་མིའི་སྒྲིག་འཛུགས། དབུས་སྨན་རྩིས་ཁང་བཅས་ཀྱི་བཀའ་དྲིན་མཚོན་བྱེད་སོགས་ཡིན་སྐོར་བརྗོད་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། “ལོ་མང་པོ་ཞིག་ནས་སྨན་རྩིས་ཁང་དུ་ཡར་རྒྱས་གཏོང་འོས་པ་དང་གཏོང་ཐུབ་པ་ག་རེ་ཡོད་མེད་ཐད། སྐབས་དང་དུས་སོ་སོར་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་ཡོད་པ་དེ་ཚོར། ད་ལྟའི་གནས་བབ་དང་བསྟུན་ཏེ་ལག་ལེན་བསྟར་ཐུབ་ཡོད་མེད་ཀྱི་གནས་སྟངས་ག་འདྲ་ཆགས་ཀྱི་འདུག སྤྱིར་བཏང་སྨན་རྩིས་ཁང་གི་ངོས་ནས་ཐུགས་ཞིབ་གནང་གི་ཡོད་རྒྱུ་རེད་དེ། ཁྱེད་རང་ཚོའི་ནང་ཆེད་མཁས་པའི་ཚོགས་ཆུང་བཙུགས་ཏེ། ད་ལྟའི་བར་༧གོང་ས་མཆོག་གིས་སྨན་རྩིས་ཁང་ལ་བཀའ་སློབ་ག་རེ་གནང་འདུག རིམ་པར་ཕེབས་པའི་བཀའ་སློབ་ནང་དུས་དང་འཚམ་པའི་ལག་ལེན་བསྟར་ཐུབ་པ་ག་རེ་འདུག མ་འོངས་པར་ལག་ལེན་བསྟར་དགོས་པ་ག་རེ་ཡོད་པ་བང་སྒྲིག་རྒྱུ་དང་། དེ་བཞིན་སློབ་ཚན་གསར་སྣོན་དང་ཉམས་ཞིབ་ཀྱི་བརྗོད་བྱ་གསར་འདེམས། མཉམ་འབྲེལ་གྱི་ཐོག་ནས་བྱེད་དགོས་པ་ག་རེ་ཡོད་མེད་ཐུགས་ཞིབ་གནང་རྒྱུ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དངོས་གནས་དེ་ཆགས་ཡོད་པ་རེད། ”ཅེས་གསུངས་སོང་།

ཡང་ཁོང་གིས། “བོད་ཀྱི་གསོ་བ་རིག་པ་ཨཱ་ཡས་ཝ་ཌིག་(Ayurvedic)ལ་ངོས་ལེན་བྱས་རྗེས། འཕྲོད་བསྟེན་ལས་ཁུངས་ཀྱིས་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་ཟུང་འབྲེལ་གནང་བའམ་ཡང་ན། སྨན་གྱི་སློབ་གཉེར་ཁང་བོད་ཀྱི་སྨན་རྩིས་ཁང་དང་ལྕགས་པོ་རི་སྨན་རྩིས་ཁང་། ཝར་ཎ་མཐོ་སློབ་བཅས་ཀྱི་སྐུ་ཚབ་ཐུན་མོང་ནས་དུས་ཚོད་ལ་དཔག་པའི་འགྱུར་བ་གཏོང་དགོས་པ་གནད་འགག་ཆེན་པོ་ཡིན་པ་ང་ཚོས་མཐོང་གི་ཡོད། ད་ལྟ་ང་ཚོས་གྱོན་ཆས་ནས་འགྱུར་བ་གཏོང་གི་ཡོད་པ་ལྟར། གནས་སྟངས་ལ་རྟོག་ཞིབ་བྱས་པའི་ཐོག་ནས་འཛིན་སྐྱོང་དང་འགྲོ་ལུགས་འགྲོ་སྟངས་ཐོག་འགྱུར་བ་ག་རེ་གཏོང་དགོས་ཀྱི་འདུག དེ་ཚོར་འབྲེལ་ཡོད་ཚང་མས་འགན་འཁུར་དགོས་པ་རེད་མ་གཏོགས་རང་སར་བཞག་ནས་ཕན་ཐོགས་ཡོང་རྒྱུ་རྩ་བ་ནས་ཡོད་པ་མ་རེད། ད་ལྟ་སློབ་སྦྱོང་གནང་བཞིན་པ་དང་ཡང་ན་སློབ་མཐར་ཕྱིན་པ་ཚོ་ཡིན་ནའང་རེད། བོད་སྨན་སྡེབ་སྦྱོར་གྱི་རྒྱུ་ཆ་དེ་ཚོ་ག་རེ་ཆགས་འདུག དེའི་ཐོག་དོ་སྣང་ག་རེ་བྱེད་དགོས་ཀྱི་འདུག སྨན་གཞུང་གཞན་དུ་ག་འདྲ་བྱེད་ཀྱི་ཡོད་པ་སོགས་ལ་དོ་སྣང་བྱེད་དགོས་པ་དང་། དེ་བཞིན། ཁྱེད་རང་ཚོའི་ནང་དམིགས་སུ་བཀར་ནས་ནད་གཞི་གཅིག་གི་ཐོག་སློབ་སྦྱོང་བྱེད་མཁན་དང་། བོད་སྨན་ཙམ་མིན་པར་ཕྱི་ལུགས་སྨན་གྱི་འགྲོ་སྟངས་ཐོག་ཞིབ་འཇུག་བྱས་ཏེ། དེ་ལ་བོད་སྨན་གྱི་ཁྱད་དུ་འཕགས་པའི་ནུས་པ་ག་རེ་འདོན་ཐུབ་མིན་ལ་རྟོག་ཞིབ་བྱེད་ཐུབ་པ་ཡིན་ན། མ་འོངས་པར་དངོས་གནས་༧གོང་ས་མཆོག་གི་དགོངས་གཞི་ལྟར་སྨན་གཞིར་བཟུང་གི་རིགས་གཅིག་རྐང་འཛིན་འཐོན་ཐུབ་པའི་རེ་བ་ཡོད་པ་རེད། ”ཅེས་གསུངས་སོང་།

མཇུག་ཏུ་འཕྲོན་བསྟེན་བཀའ་བློན་མཆོག་གིས། སྨན་རྩིས་མཐོ་སློབ་ཐོན་ཏེ་ལས་ཀར་དངོས་སུ་ཞུགས་པའི་སྐབས་སུ། ནད་པར་བྱམས་དང་སྙིང་རྗེའི་ཐོག་ནས་ལྟ་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཡང་། སྨན་པའི་སློབ་སྦྱོང་ཐོན་པ་ཙམ་གྱིས་ནད་པར་སྐད་ཆ་བཤད་སྟངས་དང་ལྟ་སྐྱོང་བྱེད་སྟངས་སོགས་ཆ་ཚང་ཞིག་ཡོང་གི་མེད་སྟབས། དེ་ཚོ་སློབ་མཐར་ཕྱིན་རྗེས་ལག་ལེན་དངོས་ལ་ཞུགས་ཏེ་རིམ་གྱིས་ཉམས་མྱོང་བསགས་ཏེ་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། བོད་ཀྱི་སྨན་རྩིས་ཁང་དེ་འཕྲོད་བསྟེན་དང་སྨན་གྱི་ལྟེ་གནས་གལ་ཆེན་པོ་ཞིག་ཆགས་ཡོད་སྟབས། མ་འོངས་པར་བོད་མིའི་སྤྱི་ཚོགས་ནང་སྔར་ལྷག་ནད་པར་ལྟ་སྐྱོང་གནང་དགོས་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་ཐོག་ནས་མི་མང་ལ་ནད་རིགས་སྔོན་འགོག་སོགས་འཕྲོད་བསྟེན་གྱི་སློབ་གསོའི་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༢༤ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

༢༠༢༦/༠༤/༠༩

མཆན། 2

  1. འཚོ་བྱེད་གཞོན་ནུ། says:
    ལོ་ 12 སྔོན།

    ཚོགས་གཙོ་མཆོག་གིས་གནད་ལ་ཁེལ་བའི་བཀའ་སློབ་གནང་འདུག གསར་འགོད་པས་སྐུ་མགྲོན་གཙོ་བོ་མཆོག་གི་བཀའ་སློབ་བསྡུས་བསྡུས་ཤིག་མ་གཏོགས་བཀོད་མེད་པ་དེ་གསར་འགོད་པའི་ནོར་འཁྲུལ་རེད། སྐུ་མགྲོན་གཙོ་བོར་མཛད་སྒོ་དེར་འགན་ཞིག་ཡོད་པ་དང་། ལྷག་པར་དུ་བཀའ་བློན་མཆོག་སྨན་རྩིས་ཁང་དང་འབྲེལ་བ་ཡོད་པའི་འཕྲོད་བསྟན་བཀའ་བློན་ཡིན་པའི་ཆ་ནས་གསུང་བཤད་ཀྱི་ནང་དུ་དོན་དག་མང་པོ་ཡོད་པ་རེད། ཚང་མས་སྐུ་མགྲོན་གཙོ་བོས་བཀའ་སློབ་ག་རེ་གནང་མིན་ལ་ཨ་ཅོག་གྲུང་གྲུང་བྱས་ནས་ཉན་བསྡད་ཡོད་པ་རེད།་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ དེ་བཞིན། ཁྱེད་རང་ཚོའི་ནང་དམིགས་སུ་བཀར་ནས་ནད་གཞི་གཅིག་གི་ཐོག་སློབ་སྦྱོང་བྱེད་མཁན་དང་། བོད་སྨན་ཙམ་མིན་པར་ཕྱི་ལུགས་སྨན་གྱི་འགྲོ་སྟངས་ཐོག་ཞིབ་འཇུག་བྱས་ཏེ།
    དེ་ལ་བོད་སྨན་གྱི་ཁྱད་དུ་འཕགས་པའི་ནུས་པ་ག་རེ་འདོན་ཐུབ་མིན་ལ་རྟོག་ཞིབ་བྱེད་ཐུབ་པ་ཡིན་ན།
    མ་འོངས་པར་དངོས་གནས་༧གོང་ས་མཆོག་གི་དགོངས་གཞི་ལྟར་སྨན་གཞིར་བཟུང་གི་རིགས་གཅིག་རྐང་འཛིན་འཐོན་ཐུབ་པའི་རེ་བ་ཡོད་པ་རེད། ”ཅེས་གསུངས་སོང་། ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese