མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་སྐད་སྐུར།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༢༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

      ཉེ་ལམ་མཐོ་སྒང་གི་པུ་ཝང་དཀར་པོ་ཟེར་བའི་ཨ་མདོའི་གཞས་པ་དགེ་བྷེ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག འཛིན་དགོས་པའི་རྒྱུ་མཚན་ད་སྔ་གསལ་ཁ་མེད་ཀྱང་ཁོ་ལ་རྒྱ་གཞུང་གིས་ཆབ་སྲིད་ཉེས་འཛུགས་བྱས་ཡོད་པ་མ་བཤད་ཀྱང་ཤེས་ཐུབ། གླུ་བ་ལོ་ལོ་དང་བཀྲ་ཤིས་དོན་གྲུབ། ཕུལ་བྱུང་དང་འཕྲིན་ལས་ཚེ་དཀར་སོགས་ཀྱང་དེ་སྔོན་འདི་ལྟར་ཁུ་སིམ་སིམ་འཛིན་བཟུང་བྱས་ཏེ། ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་འོག་རྡུང་རྡེག་མནར་གཅོད་མྱངས་དང་མྱོང་གི་ཡོད། གཞན་རྩོམ་པ་པོ་དང་སྒྱུ་རྩལ་པ་གང་མང་ཞིག་ཀྱང་ཉེས་མིང་འདིའི་འོག་ནས་རྨེག་མེད་བཏང་དང་གཏོང་གི་ཡོད། 

       གནས་ཚུལ་འདི་བྱུང་བའི་ཁ་ཐུག་ལ་ཕྱི་ལོགས་ཀྱི་གསར་ལམ་ཁག་གིས་འགོད་ཐུབ་ལ་མི་ཐུབ་དང་། སྤྱི་ཚོགས་ནང་དུ་ཡང་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་ན་ཡག་སྡུག་ཅི་འབྱུང་ཆ་འཚལ་སྐོར་བཤད་མཁན་འདུག འདི་ལ་ང་ཚོར་གདམ་ག་གཞན་མེད། ཁོ་རང་མི་སྒེར་ལ་བསམ་བློ་གཏོང་རྒྱུ་ཡིན་ནམ། བོད་སྤྱི་བའི་རྩ་དོན་འཐབ་རྩོད་ལ་བསམ་བློ་གཏོང་རྒྱུ་ཡིན། ཁོ་རང་གི་རེ་བ་དང་དམིགས་ཡུལ་བོད་སྤྱི་དོན་རེད་དམ་ཁོ་རང་སྒེར་གྱི་བདེ་དོན་རེད། ཡང་ན། གནས་ཚུལ་དེ་བདག་མེད་དུ་གཡུག་ན་ཁོ་ལ་ཕན་གི་རེད་དམ། ཕྱི་ནང་གཉིས་ནས་སྐད་བརྒྱབ་ན་ཁོ་ལ་ཕན་གི་རེད། འདི་ལ་ང་ཚོས་འདང་ཡག་པོ་འཕོག་དགོས།

       བོད་ནང་གི་བོད་མི་ཚོས་ས་ཞིང་བདག་ཉེར་དང་ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་ཆོ་ག་སྒྲུབ་པ། འདུ་འཛོམས་ཐུགས་སྤྲོ་གཏོང་བ་ཚུན་ལ་རྒྱ་གཞུང་གིས་ཆབ་སྲིད་ནག་ཉེས་གཡོག་གི་ཡོད། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ཀྱི་བཅའ་ཁྲིམས། ས་གནས་ཀྱི་སྲོལ་ཡིག་སོགས་ཀྱིས་བསྐུར་བའི་ཐོབ་དབང་གླེང་ན་ཡང་བཙོན་འཇུག་བྱེད་ཀྱིན་ཡོད། ང་ཚོས་དཀྱིལ་ཤར་ཡུལ་གྲུའི་ལས་འགུལ་བ་དང་རྒྱ་འོག་གི་ཡུ་གུར་བ་ཚོ་ལྟར་འགུལ་སྐྱོད་ཐ་དག་ཕར་ཆབ་སྲིད་འཐབ་རྩོད་ངོ་བོར་བསྒྱུར་ཐབས་བྱེད་མི་ཕོད་ཀྱང་། ཆབ་སྲིད་དང་འབྲེལ་བ་མེད་ན་མེད་པའི་གནས་ལུགས་དང་ཉེས་མེད་ཉེས་འཛུགས་ཀྱི་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་བསྒྲགས་ཐུབ་དགོས།

       གླུ་བ་དགེ་བྷེ་ཡའི་གླུ་གཞས་ནང་། ངའི་ས་མཐའི་ཨ་ཇོ་ང་ཡོང་གི་ཡོད། མིག་མཆུ་མའི་གང་བཞིན་ཡོང་གི་ཡོད། བོད་ཁ་བའི་བདེ་སྡུག་ཞུ་རུ་ཡོང་གི་ཡོད། མགོན་ཁྱེད་རང་དྲན་བཞིན་ཡོང་གི་ཡོད། ཞེས་གདངས་སུ་གྱེར་ནས་ངག་ལ་སྐྱོར་གི་ཡོད་པ་འདི་བོད་མི་ཞིག་གི་སེམས་ཚོར་ངོ་མ་རེད་ལ་བོད་ནང་གི་སྐད་སྐུར་ཡང་རེད། སྐད་སྒྲ་འདིས་རལ་གྲི་སོ་གཉིས་མ་ལྟར་ཁ་གཅིག་ནང་ལ་གཏད་ནས་བོད་མི་གཞན་ལ་སེམས་ཚོར་སློང་གི་ཡོད་ལ། ཁ་གཅིག་ཕྱི་ལ་གཏད་དེ་འཛམ་གླིང་མི་མང་ལ་འབོད་སྐུལ་དང་རེ་འདུན་ཞུ་བཞིན་ཡོད། ཐབས་སྣ་ཚོགས་བརྒྱུད་ནས་སྐད་སྒྲ་འདི་རྒྱལ་སྤྱིའི་སྡིངས་ཆར་བསྐྱལ་རྒྱུའི་ལས་འགན་དེ་ང་ཚོའི་ཕྲག་པར་ཡོད་པ་ངོས་ཟིན་དགོས། 

        ང་ཚོས་ངེས་པར་དུ་གཟབ་ནན་བྱེད་དགོས་པ་དང་གཏན་འགོག་བྱེད་དགོས་པའི་གནད་དོན་དག་ནི། བོད་ནང་མ་བྱས་པ་ཞིག་བྱས་འདུག་དང་མ་ཡིན་པ་ཞིག་རེད་འདུག་ཟེར་བར་གཟབ་ནན་བྱེད་དགོས་པ་དང་། རྐུ་འཕྲོག་བཅོམ་གསུམ་དང་རྒྱན་འགུག་ཤོ་རྒྱག་གི་གནས་ཚུལ་འོག་ནས་འཛིན་བཟུང་བྱས་རིགས་ཀྱང་བོད་དོན་ཡིན་ཚུལ་བཤད་པ་དེ་བསྒྱུར་བཅོས། རྒྱ་ནག་གི་བཙོན་ཁང་མིག་གིས་མ་མཐོང་ཞིང་བོད་དོན་ལ་ཁ་ལག་གང་ཡང་མ་འགུལ་བ། ཐ་ན་ཆབ་སྲིད་བཙོན་པ་དང་འབྲེལ་ཡོད་འབྲེལ་ཆགས་གང་གི་ཁོངས་སུའང་མི་གཏོག་མཁན་མང་པོ་ཞིག་ལ་བརྒྱུད་ལམ་སྣ་ཚོགས་ནས་གོ་སྐབས་དང་ཐོབ་ཐང་མང་པོ་ཞིག་སྤྲོད་བཞིན་པ་དེ་དག་གཏན་འགོག་བྱེད་དགོས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese