མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པ་ལོ་བདུན་བརྒྱད་ཀྱི་དུས་སྐབས་ནི་མི་ཚེ་ནང་གི་དུས་ཚོད་གལ་ཆེ་ཤོས་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པས་རྒྱ་གར་གྱི་ཤེས་ཡོན་ཆེད་མཁས་པ་གདན་འདྲེན་བྱས་ཏེ། བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞིག་སྤྲད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༡༥ སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་༼གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་༽ཞེས་པ་ཞིག་གོ་སྒྲིག་གནང་སྟེ། སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་འགྲུབ་ཚེ་རིང་ལགས་དབུ་བཞུགས་ཐོག རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་ཟབ་སྦྱོང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་མཁས་དབང་ཀུ་རི་ཤི་ནཱ་ (Prof Krishna Kumar)ལགས། ལྡི་ལི་གཙུག་ལག་མཐོ་སློབ་གྱི་ཤེས་ཡོན་ཟབ་ཁྲིད་པ་ལྕམ་ལཱ་ཊེ་ཀཱ་ (Dr Latika Gupta)ལགས་རྣམ་གཉིས་ཆེད་དུ་གདན་འདྲེན་ཞུས་ཏེ། བལ་ཡུལ་སློབ་གྲྭ་དང་སམ་བྷོ་ཊ་སློབ་གྲྭ་ཁག་གི་དགེ་རྒན་ ༢༥ ཙམ་ལ། བྱིས་པ་ཚོར་དཔེ་དེབ་ཀློག་རྩལ་ཡར་རྒྱས་གཏོང་ཐབས་སྐོར་གྱི་གཟབ་ཁྲིད་མགོ་འཛུགས་གནང་སོང་།

ཤེས་རིག་ལས་ཁུངས་ཟུང་དྲུང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་གནང་དོན་ལྟར་ན། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གིས་གྲོས་བསྡུར་བྱས་པའི་ལམ་སྟོན་འོག ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སློབ་གྲྭ་ཁག་གི་བྱིས་པ་ཚོའི་རྒྱུད་ལ་ཀློག་རྩལ་གོམས་གཤིས་འཇགས་ཐབས་དང་དཔེ་ཀློག་གོམས་གཤིས་ཡར་རྒྱས་གཏོང་ཐབས་ཆེད། ན་ནིང་སྤྱི་ཟླ་ ༨ པའི་ནང་རྒྱ་གར་གྱི་དཔེ་མཛོད་ཆེད་མཁས་པ་གཉིས་འདེམས་སྒྲུག་བྱས་པའི་བོད་མིའི་སློབ་གྲྭ་ཁག་ཅིག་ནང་གཟིགས་སྐོར་གནང་སྟེ། སློབ་གྲྭ་ཁག་ནང་ཡོད་པའི་དཔེ་མཛོད་ཀྱི་ཆ་རྐྱེན་དང་ཀློག་དེབ་ཀྱི་མཐུན་རྐྱེན། དཔེ་ཀློག་གོམས་གཤིས་ཡོད་མེད་བཅས་ཀྱི་སྐོར་ཞིབ་འཇུག་བྱས་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༡༢ པའི་ནང་ཤེས་ཡོན་ལམ་སྟོན་ཚོགས་ཆུང་གི་ཚོགས་མི་མཁས་དབང་ཀུ་རི་ཤི་ནཱ་ (Prof Krishna Kumar)ལགས་ཀྱིས་སྣེ་འཁྲིད་པའི་ལྕམ་ལཱ་ཊེ་ཀཱ་ལགས་དང་ཆེད་མཁས་ཚོས་གཞི་རིམ་འོག་མའི་ཀློག་རྩལ་ལས་འཆར་གཏན་འབེབས་དང་ལག་བསྟར་ཐོག་ལམ་སྟོན་གནང་ཡོད་ཅིང་། ཤེས་རིག་ལས་ཁུངས་ཀྱིས་བོད་ཡིག་དཔེ་དེབ་དཔར་སྐྲུན་དང་དབྱིན་ཧིན་སྐད་ཡིག་ནང་ཡོད་པའི་བྱིས་པའི་དཔེ་དེབ་བོད་བསྒྱུར་བྱས་ཡོད་ཅེས་སོགས་བརྗོད་སོང་།

ཟབ་སྦྱོང་གནང་མཁན་མཁས་དབང་ཀུ་རི་ཤི་ནཱ་ལགས་ཀྱིས་བྱིས་པའི་ཀློག་རྩལ་གལ་ཆེན་ཡིན་པའི་སྐོར་ལ་བརྗོད་དོན། དེང་དུས་སྤྱི་ཚོགས་ནང་ང་ཚོ་ལ་ཤེས་ཡོན་སྲིད་བྱུས་གང་ཡོད་པ་དེས་བྱིས་པ་ལོ་ཆུང་སྐབས་ནས་དོན་སྙིང་ཟེར་བ་གཏོར་བཅོམ་གཏོང་གི་ཡོད། དོན་སྙིང་ནི་སྦྱིར་བཏང་གི་དངོས་པོ་ཞིག་མ་ཡིན་པར་མི་ཚེའི་ནང་རྙེད་ཀྱི་ཡོད། བྱིས་པ་ཚང་མས་སོ་སོའི་མི་ཚེའི་ནང་དོན་སྙིང་རེ་གསར་རྙེད་ཐུབ་ཀྱི་ཡོད་སྟབས། དཔེ་ཀློག་ནི་ཤིན་ཏུ་གཏིང་ཟབ་པའི་རྩལ་ཞིག་རེད། དཔེ་ཀློག་བྱེད་མཁན་ཚོས་དེབ་ནང་གི་དོན་སྙིང་གསར་རྙེད་བྱུང་ན་དཔེ་ཀློག་གོམས་འདྲིས་ཆགས་པ་དང་སྣང་བ་སྐྱིད་པོ་ཡོད་པ་མ་ཟད། སོ་སོས་ནུས་སྟོབས་ཐོག་ནས་དཔེ་དེབ་གང་རུང་ཀློག་ཐུབ། དེ་ནས་རིམ་བཞིན་དཔེ་ཀློག་གདེངས་ཚོད་བསླེབས་ནས་རང་ཉིད་ཀྱི་འཇིག་རྟེན་གཞན་དང་མ་འདྲ་བ་ཞིག་བཟོ་ཐུབ་ཀྱི་ཡོད། འདི་ཚོ་ཚང་མ་བྱིས་པ་ཆུང་དུས་སྐབས་དང་འབྲེལ་བ་ཡོད་སྟབས། བྱིས་པ་ཆུང་ལོ་བདུན་བརྒྱད་ཀྱི་དུས་སྐབས་ནི་མི་ཚེ་ནང་གི་དུས་ཚོད་གལ་ཆེན་ཞིག་ཡིན་ཞེས་སོགས་བརྗོད་སོང་།

དེའི་རྗེས་ཤེས་རིག་དྲུང་ཆེ་ལགས་ཀྱིས་ཟབ་སྦྱོང་ཚོགས་དགོས་པའི་དམིགས་ཡུལ་དང་འབྲེལ་ནས་བོད་མིའི་བོད་ཕྲུག་ཚོས་ཀློག་རྩལ་ཡར་རྒྱས་གཏོང་བ་དང་མཉམ་དུ་དེབ་གང་ཀློག་པ་དེའི་གོ་དོན་གོ་རྒྱུ་གལ་ཆེན་ཡིན་པ་དང་དེ་བཞིན་བྱིས་པ་ཚོར་དཔེ་དེབ་དང་ཁོར་ཡུག་སོགས་ཀྱི་མཐུན་རྐྱེན་སྒྲུབ་དགོས་སྐོར་བརྗོད་སོང་།

ཐེངས་འདིར་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞེས་པ་རིམ་པ་གཉིས་ལ་བགོས་སྟེ་རིམ་པ་དང་པོ་དེ་རིང་བཟུང་ཚེས་ ༧ བར་གནང་རྒྱུ་ཡིན་དང་། ཟླ་འདིའི་ཚེས་ ༩ ནས་ཚེས་༡༣ བར་དྷ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གཉིས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་ ༢༥ ལ་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༠ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ཤེས་རིག་ལས་ཁུངས་ཀྱིས་བོད་ཡིག་དཔེ་དེབ་དཔར་སྐྲུན་དང་དབྱིན་ཧིན་སྐད་ཡིག་ནང་ཡོད་པའི་བྱིས་པའི་དཔེ་དེབ་བོད་བསྒྱུར་བྱས་ཡོད་ཅེས་སོགས་བརྗོད་སོང་། ་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese