མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“རང་ལས་གཞན་གཅེས” ཟེར་བ་རང་ཉིད་བློས་གཏོང་དགོས་པའི་དོན་མ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧།༣༠ ཡས་མས་སུ་༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཆིབས་བསྒྱུར་གནང་སྟེ། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལག་རྩེད་སྤོ་ལོ་རྩེད་ཐང་དུ་སློབ་ཕྲུག་གཙོས་པའི་དད་ལྡན་མང་ཚོགས་ ༣༠༠༠ བརྒལ་བར་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་སོང་།

བཀའ་དབང་མ་གནང་གོང་༧གོང་ས་མཆོག་གིས་སློབ་ཕྲུག་དང་མང་ཚོགས་ལ་བཀའ་སློབ་གནང་སྐབས། དུས་རབས་དགུ་བའི་སྐབས་དང་བོད་སིལ་བུར་ཆགས་པ་སོགས་ཆབ་སྲིད་ཀྱི་གཡོ་འགུལ་དང་ཆབས་ཅིག་ཆོས་ཕྱོཊ་ཀྱི་རབ་བྱུང་གི་སྡེ་མེད་པ་ཆགས་ཤིང་། གོས་དཀར་ལྕང་ལོའི་སྡེས་བསྟན་པ་བཟུང་བ་སོགས་བསྟན་པ་ཚད་ལྡན་མ་བྱུང་བ་གསང་སྔགས་འཆལ་སྤྱོད་བྱས་ཏེ། བུད་མེད་བསྟེན་པ་དང་ཆང་བཏུང་བ་སོགས་བྱས་པ་དང་། རྒྱ་གར་ལ་མཚོན་ན་སྔོན་མ་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་དགེ་འདུན་པ་ཚོས་རྒྱུར་དང་དོད་བྱས་པ་དང་། ཁ་ཤས་འཁྲུག་པོ་ཆགས། མང་ཚོགས་ཀྱི་དད་གུས་བརླགས་པ་བཅས་ལ་བརྟེན་ནས་གསང་སྔགས་ཉམས་ལེན་འཆལ་སྤྱོད་ཀྱི་དབང་དུ་ཕྱིན་ཏེ་མང་ཚོགས་ཀྱི་གུས་བརྩི་བརླག་པ་དང་། ཡུལ་གྱི་རྒྱལ་པོ་ཚོ་ཡང་འགྱུར་བ་ཕྱིན་པ་སོགས་ནང་གི་རྐྱེན་དང་། དམག་འཁྲུག་སོགས་ཕྱིའི་རྐྱེན་དེ་འདྲའི་དབང་གིས་བྱུང་ཞིང་། བོད་ལ་མཚོན་ནའང་གསང་སྔགས་འཆལ་སྤྱོད་དུ་ཕྱིན་པའི་སྐྱོན་ཆ་ལྷག་ཡོད་པ་རེད། ཅེས་སོགས་གསུངས་སོང་།

སློབ་ཕྲུག་ཚོར་གཞན་གཅེས་འཛིན་གྱི་སྐོར་ལ་བཀའ་གནང་སྐབས་ཁོང་གིས། ཁྱེད་རང་ཚོར་ནམ་རྒྱུན་རང་ལས་གཞན་གཅེས་ཞེས་པའི་འབོད་ཚིག་ཅིག་ཡོད་པ་རེད། རང་ལས་གཞན་གཅེས་ཞེས་ལབ་དུས་དབྱིན་ཇིའི་ཚིག་ཁ་ཤས་ནང་སོ་སོ་རང་བློས་བཏང་ཞེས་པ་དེ་འདྲ་འདུག དེ་མ་རེད། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིས་ཞེས་ལབ་ཀྱི་ཡོད་པ་རེད། རང་གི་དོན་བསྒྲུབ་པར་བྱང་ཆུབ་སེམས་སྒོམ་པ་ལས་ལྷག་ཡོད་པ་མ་རེད་ལ། གཞན་གྱི་དོན་བསྒྲུབ་པ་ལའང་བྱང་ཆུབ་སེམས་སྒོམ་པ་ལས་ལྷག་ཡོད་མ་རེད། རང་དོན་དང་གཞན་དོན་གང་བསྒྲུབ་ཀྱང་བྱང་ཆུབ་སེམས་ལས་ལྷག་པ་མི་འདུག རིགས་ཁ་ཤས་ཀྱིས་ང་བློས་གཏོང་ཐུབ་པ་མི་འདུག རང་ལས་གཞན་གཅེས་པ་བྱེད་ཐུབ་པ་མི་འདུག་བསམ་ན་མ་ཤེས་པའི་རྟགས་རེད། ཅེས་གསུངས་སོང་།

བཀའ་དབང་གི་མཇུག་ཏུ་སློབ་ཕྲུག་ཚོར། “ ད་ལོའི་དབྱར་ཆོས་ཚར་བ་རེད། ཡང་སང་ལོ་ང་ཚོ་ཡང་བསྐྱར་ཐུག་གི་རེད། དེའི་རིང་ཕྱོཊ་གཅིག་ནས་སློབ་སྦྱོང་ཡག་པོ་བྱོས། ཕྱོཊ་གཅིག་ནས་སངས་རྒྱས་ཀྱི་ལྟ་གྲུབ་རིགས་དེ་དག་ལ་བསམ་བློ་བཏང་སྟེ། ཁ་སང་སྐད་ཆ་བྱུང་བ་ལྟར་དགེ་རྒན་ཚོས་ཀྱང་སློབ་ཚན་སྤྲོད་རྒྱུ་དེ་རིག་ལམ་གྱི་ཐོག་ནས་ཡག་པོ་གོ་བརྡ་སྤྲོད་རྒྱུ་ཁྱེད་རང་ཚོས་ཤེས་པར་བྱོས། ལོ་གཅིག་ཕྱིན་པའི་རྗེས་སུ་ཕྱི་རྫིག་ནང་རྫིག་ཟེར་བའི་ཕྱི་ལོགས་ཀྱི་དངོས་པོའི་ཡར་རྒྱས་དང་འབྲེལ་བའི་རིགས་ཡར་རྒྱས་ཡོད་བསྡད་པ་ཞིག་དང་། ནང་གཤིས་རྒྱུད་ཀྱང་ཡར་རྒྱས་ཡོད་བསྡད་པ་ཞིག་བྱུང་ན་དངོས་ནས་མི་ཚེ་སྐྱིད་པོ་ཡོང་གི་རེད། གཞན་ལའང་ཕན་གྱི་རེད། ” ཅེས་གསུངས་སོང་།

མཇུག་ཏུ་གསར་འགོད་པས་སློབ་ཕྲུག་ཁག་ཅིག་ལ་ཉིན་གསུམ་རིང་གི་གསུང་ཆོས་ལས་བློ་སྐྱེད་གང་འདྲ་བྱུང་མིན་དང་། ༧གོང་ས་མཆོག་བཀའ་སློབ་ལས་སེམས་ཚོར་བ་གང་འདྲ་བྱུང་མིན་དྲིས་པར། ལྡི་ལིའི་བུད་མེད་མཐོ་སློབ་ལེ་ཌེ་ཤི་རམ་ (Lady Shri Ram College) ནང་སློབ་གཉེར་གནང་བཞིན་པའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས། ང་༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་གསུང་ཆོས་གནང་བར་ཞུགས་པ་ཐེངས་དང་པོ་ཡིན། སློབ་གྲྭའི་སྐབས་ལ་ཞལ་འདོན་མང་པོ་བསྐྱོར་མྱོང་ཡོད་ཀྱང་ནང་དོན་གཅིག་ཀྱང་གོ་ཡི་ཡོད་མ་རེད། ད་རེབ་༧གོང་ས་མཆོ་གིས་རེ་རེ་བཞིན་འགྲེལ་བཤད་བསྐྱོན་ཡོང་སྐབས་ཕྲན་བུ་ཞིག་འབབ་རྒྱུ་བྱུང་སོང་། ཅེས་བརྗོད་བྱུང་།

ཅོང་ཏ་ར་བོད་ཁྱིམ་གྱི་སློབ་མ་པདྨ་དངོས་གྲུབ་ལགས་ཀྱིས། ང་ཡང་༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་གསུང་ཆོས་གནང་བར་ཞུགས་པ་ཐེངས་དང་པོ་ཡིན། ༧གོང་ས་མཆོག་བཀའ་གཞོན་སྐྱེས་ཚོས་ནང་ཆོས་ལ་སློབ་གཉེར་གནང་དགོས་པ་ནན་པོ་གསུངས་པ་དེས་ང་ལ་ཚོར་བ་མ་འདྲ་བ་ཞིག་སྐྱེས་བཅུག་སོང་། དམིགས་བསལ་༧གོང་ས་མཆོག་དགུང་ལོ་བགྲེས་པོ་ཆགས་ཡོང་སྐབས། ང་ཚོར་རེ་བ་ཆེན་པོ་ཞིག་གནང་གི་ཡོད་སྟབས། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་འགན་ཆེན་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ངག་དབང་ལགས་ཀྱིས། ང་༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་གསུང་ཆོས་གནང་བར་ཞུགས་ཐེངས་གཉིས་པ་ཡིན། ད་རེབ་ཐེངས་སྔོན་མ་ལས་ཀྱང་ནང་ཆོས་ལ་གོ་བ་ཆེ་ཙམ་ལོན་ཐུབ་པ་བྱུང་སོང་། དམིགས་བསལ་གང་བློ་མ་དེ་སྔོན་དགེ་རྒན་གྱིས་འགྲེལ་བཤད་གནང་བ་ལས་ལྷག་གི་གོ་བ་ཡག་པོ་ལོན་སོང་། ང་རང་གི་བསམ་པར་ནང་ཆོས་ཤེས་རྒྱུ་གལ་ཆེན་པོ་རེད་དེ། གང་ཤེས་པ་དེ་ཉམས་ལེན་བྱ་རྒྱུ་དེ་ལས་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༩ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese