མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་སྒོར་ས་ཡ་ ༥ ཡི་བྱ་དགའ་སྤྲོད་འཆར།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

མཱ་ལེ་ཞེ་ཡའི་བོར་བརླག་ཏུ་ཕྱིན་པའི་གནམ་གྲུའི་གནས་ཚུལ་མཁོ་སྤྲོད་བྱས་ན། ཨ་སྒོར་ས་ཡ་ ༥ ཡིས་བྱ་དགའ་སྤྲོད་འཆར་གྱིས་རོགས་དངུལ་བསྡུ་བཞིན་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་མཱ་ལེ་ཞེ་ཡའི་འགྲུལ་སྐྱེལ་གནམ་གྲུ་ཨང་རྟགས་ (MH370) ཅན་བོར་བརླག་ཏུ་ཕྱིན་ཏེ་ཟླ་བ་ ༣ ལྷག་འགྲོ་བཞིན་ཡོད་པ་དང་། ད་ལྟའི་བར་མཱ་ལེ་ཞེ་ཡའི་གཙོས་ཨ་རི་དང་རྒྱ་ནག ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་ཁག་གི་མཁའ་ལམ་ཞིབ་འཇུག་གི་ཚོགས་སྡེ་མང་པོས་འཚོལ་ཞིབ་བྱས་ཡོད་ཀྱང་། ཧིན་རྡུ་རྒྱ་མཚོའི་ལྷོ་ཁུལ་ནས་གནམ་གྲུ་ཞིག་གི་ཆག་རོ་རྙེད་པ་ཙམ་ལས་དོན་འབྲས་གང་ཡང་ཐོན་མེད་སྟབས། ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོར་བརླག་ཕྱིན་པའི་འགྲུལ་བའི་ཁྱིམ་མི་དང་འབྲེལ་ཡོད་ཚོས། ཨ་རིའི་རོགས་དངུལ་འཚོལ་སྡུད་དྲ་བ་ཨིན་ཌི་གྷོ་གྷོ་ (https://www.indiegogo.com )ཟེར་བ་བརྒྱུད་དེ། རོགས་དངུལ་འཚོལ་སྒྲུབ་བྱེད་མགོ་བརྩམས་ཡོད་པ་དང་། མ་འོངས་པར་ཉུང་མཐར་ཨ་སྒོར་ས་ཡ་ ༥ བསྡུས་ཏེ། གནམ་གྲུ་གར་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་དང་ཡང་ན་གནམ་གྲུ་བོར་བརླག་དང་འབྲེལ་བའི་ནང་ཁུལ་གྱི་གསང་བ་མཁོ་སྤྲོད་བྱེད་མཁན་ལ་དགའ་རྟགས་སུ་སྤྲོད་འཆར་ཡོད་འདུག

ཁྱིམ་མི་བོར་བརླག་ཕྱིན་པའི་ཨ་མ་ཞིག་གིས་གསར་འགོད་པར། “འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་འབྲེལ་ཡོད་ཚོགས་སྡེ་ཁག་ནས་ཐབས་ཤེས་གང་ཡོད་བཏོན་ཏེ། བོར་བརླག་ཏུ་ཕྱིན་པའི་གནམ་གྲུ་འཚོལ་ཞིབ་ཡུན་རིང་བྱས་ཡོད་ཀྱང་། ད་ལྟའི་བར་གནས་ཚུལ་ངེས་གཏན་ཞིག་ཤེས་རྟོགས་བྱུང་ཐུབ་མེད། འཚོལ་ཞིབ་ཀྱི་ཐབས་ལམ་འོས་འཚམ་མིན་པའམ་ཡང་ན་འཚོལ་ཞིབ་ཀྱི་ཁ་ཕྱོགས་ནོར་དུ་བཅུག་པ་གང་ཡིན་ཡང་། འཚོལ་ཞིབ་ལ་འབྲས་བུ་གང་ཡང་མ་ཐོན་པ་དེས་མི་མང་ལ་བློ་ཕམ་ཆེན་པོ་བཟོས་སོང་། ད་ལྟ་ང་ཚོས་བྱེད་ཐབས་འདི་བརྒྱུད་ནས་བོར་བརླག་ཏུ་ཕྱིན་པའི་གནམ་གྲུ་རྙེད་སོན་ཡོང་བར་རེ་བ་རྒྱག་བཞིན་ཡོད། ”ཅེས་བརྗོད་འདུག

རོགས་དངུལ་འཚོལ་སྡུད་ཀྱི་འགན་འཛིན་ལི་སཱང་གིས། “མཱ་ལེ་ཞེ་ཡའི་གནམ་གྲུ་བོར་བརླག་ཏུ་གྱུར་བའི་གནད་དོན་དེ་མཁའ་འགྲུལ་གྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གསང་བའི་གནད་དོན་ཆེན་པོ་ཞིག་ཡིན་ལ། འཚོལ་ཞིབ་ཀྱི་བྱེད་ཐབས་མང་པོར་འབྲས་བུ་མ་ཐོན་པར་བརྟེན། ང་ཚོས་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་བོར་བརླག་ཕྱིན་པའི་གནམ་གྲུ་དང་རང་གི་ཁྱིམ་མི་གཉེན་འབྲེལ་ཚོ་རྙེད་སོན་ཡོང་བའི་རེ་བ་རྒྱག་བཞིན་ཡོད་པ་མ་ཟད། ས་གནས་ག་གེ་མོ་ཞིག་ན་གནད་དོན་འདིའི་སྐོར་ཤེས་མཁན་གྱི་མི་ཞིག་ཡོད་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། དངུལ་གྱི་བྱ་དགའ་འདིས་ནམ་ཞིག་ཁོའམ་ཡང་ན་ཁོ་མོས་ང་ཚོར་གནས་ཚུལ་ཞིག་མཁོ་སྤྲོད་བྱེད་པར་སྐུལ་སློང་ཐུབ་པའི་རེ་བ་ཡོད། ”ཅེས་བརྗོད་འདུག

ཁ་སང་ཕྱི་དྲོར་མཱ་ལེ་ཞེ་ཡ་གཞུང་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། བོར་བརླག་ཕྱིན་པའི་གནམ་གྲུ་མུ་མཐུད་འཚོལ་ཞིབ་བྱེད་བཞིན་ཡོད་ལ། དེ་རིང་ཕྱི་ཚེས་ ༡༠ ཉིན་ལས་དོན་རུ་ཁག་ཅིག་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁན་བྷི་རཱར་ཆེད་གཏོང་གིས། གནམ་གྲུ་འཚོལ་ཞིབ་ཀྱི་ལས་གཞི་གསར་པའི་ནང་མཱ་ལེ་ཞེ་ཡ་གཞུང་ཇི་ལྟར་མཉམ་ཞུགས་བྱེད་དགོས་པའི་ཐད་གྲོས་བསྡུར་བྱ་རྒྱུ་དང་། མ་འོངས་པར་ཧིན་རྡུ་རྒྱ་མཚོའི་ལྷོ་ཁུལ་གྱི་རྒྱ་མཚོའི་གཏིང་དུ་འཚོལ་ཞིབ་བྱེད་པའི་འཆར་གཞི་ཡོད་ཀྱང་། དེ་ནི་འཚོལ་ཞིབ་གཞི་རྒྱ་ཆེ་ཤོས་དང་དཀའ་ཁག་ཆེ་ཤོས་ཡིན་པས་ད་ལྟའི་ཆར་ལག་བསྟར་བྱེད་པར་དཀའ་ངལ་ཡོད་ལུགས་དང་། འཚོལ་ཞིབ་ཀྱི་འགྲོ་གྲོན་ཚང་མ་མཱ་ལེ་ཞེ་ཡ་དང་ཨོ་སི་ཊོ་ལི་ཡ་གཞུང་ནས་གཏོང་རྒྱུ་གཏན་འཁེལ་བྱུང་ཡོད་སྐོར་བསྒྲགས་ཡོད་པ་དང་། སྐབས་དེར་གསར་འགོད་པས་དངུལ་གྱི་བྱ་དགའ་སྤྲད་དེ་གནམ་གྲུ་འཚོལ་ཐབས་བྱེད་ཀྱིན་པར་གཞུང་ཕྱོགས་ནས་དགོངས་ཚུལ་ཅི་ཡོད་དྲིས་པར། ཁྱིམ་མི་གཉེན་འབྲེལ་ཚོར་ཐབས་ལམ་དེ་འདེམས་པའི་ཐོབ་ཐང་ཡོད་ལུགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༤ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese