མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིཊ་བསལ་ཐོངས་མཆན་སྤྲད་པ་དེ་བརྩི་བཀུར་བྱས་པ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་ལ་མཇལ་འཕྲད་བྱས་ཏེ་རྒྱ་དཀར་ནག་གཉིས་ཀྱི་དཀའ་རྙོག་དང་ཚོང་དོན་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཟླ་འདིའི་ཚེས་ ༨ དང་ ༩ ཉིན་གཉིས་རིང་རྒྱ་གར་ནང་གཟིགས་སྐོར་བྱས་ཡོད་པ་ལྟར། ཁ་སང་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་དང་དུས་ཡུན་སྐར་མ་ ༤༥ རིང་མཇལ་འཕྲད་བྱས་ཏེ་ཚོང་དོན་གཙོས་རྒྱ་དཀར་ནག་གི་ས་མཚམས་དཀའ་རྙོག་དང་། ཨ་རུ་ན་ཅལ་དང་ཇམ་མུ་ཀ་ཤི་མེར་ཀྱི་མི་རིགས་ཚོར་དམིགས་བསལ་མཐོང་ཆེན་སྤྲོད་ཕྱོགས། རིག་གཞུང་བརྗེ་ལེན། ཡུལ་སྐོར་སྤྲོ་འཆམ་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

ནཱ་རེན་ཌ་མུ་དྷེ་མཆོག་གིས། “ ཕྲན་ནི་རྒྱ་ནག་གྲོགས་པོར་ངོས་འཛིན་བྱེད་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་ཡོད་པར་དགའ་གུས་ཡི་རངས་བྱེད་མཁན་ཞིག་ཀྱང་ཡིན་སྟབས། ངས་རྒྱ་ནག་དང་ཡིད་ཆེས་འཕེར་ངེས་ཀྱི་མཉམ་ལས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་ཆེས་དང་གདེང་འཇོག་འཐོབ་པ་བྱ་རྒྱུ་ཡིན།”ཞེས་དང་། ད་དུང་ཁོང་གིས་རྒྱལ་ཁབ་གཉིས་པོས་ས་མཚམས་ཀྱི་བརྟན་བརླིང་སྲུང་སྐྱོབ་བྱས་ཏེ། ཡུན་རིང་བདེ་འཁོད་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་འབྲེལ་ལམ་ཞིག་གསར་འཛུགས་ཐུབ་པ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡིས། “ རྒྱ་ནག་གཞུང་གིས་རྒྱ་གར་དང་ས་མཚམས་རྩོད་རྙོག་འགྲིག་འཇགས་དང་འབྲེལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐུབ་པ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ཡིན།” ཞེས་དང་། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་དང་། ཇམ་མུ་ཀ་ཤི་མེར་ཀྱི་མི་རིགས་ཚོར་དམིགས་བསལ་མཐོང་ཆེན་ལག་འཁྱེར་སྤྲོད་དོན་ནི། ཁོ་ཚོར་གུས་བཀུར་དང་བརྩི་མཐོང་ཞུ་ཆེད་སྤྲད་པ་ཞིག་ཡིན་པ་ལས་རྒྱ་གར་གྱི་བདག་དབང་གནད་དོན་ལ་ཐེ་ཇུས་བྱས་པ་ཞིག་མིན་སྐོར་བརྗོད་འདུག

ནཱ་རེན་ཌ་མུ་དྷེ་མཆོག་གིས་ ༢༠༠༡ ལོའི་ཟླ་ ༡༠ པའི་ཚེས་ ༧ ནས་ ༢༠༡༤ ལོའི་ཟླ་ ༥ པའི་ཚེས་ ༢༡ ཉིན་བར། རྒྱ་གར་གྷོ་ཆུ་ར་ཌེ་མངའ་སྡེའི་བློན་ཆེན་གནང་སྐབས། རྒྱ་ནག་ནང་སྐོར་སྐྱོད་ཐེངས་བཞི་ཙམ་བྱས་ཡོད་པ་དང་། རྒྱ་ནག་གི་ཁེ་ལས་ ༤༥ ལྷག་མངའ་སྡེའི་ནང་གསར་འཛུགས་དང་། རྒྱ་གར་གྱི་ཐོན་ཁུངས་རྒྱ་ནག་ནང་ཕྱིར་ཚོང་སོགས་བྱས་ཏེ་མངའ་སྡེའི་གཞུང་དང་རྒྱ་ནག་གི་ཁེ་ལས་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༡༤།༧༨ ལྷག་གིས་ཚོང་འབྲེལ་བྱེད་བཞིན་ཡོད་ལ། གྷུ་ཆུ་ར་ཌེ་ནི་རྒྱ་ནག་གིས་མ་འཇོག་ཤུགས་ཆེ་ཤོས་བྱེད་ཡུལ་གྱི་མངའ་སྡེ་ཞིག་ཀྱང་ཆགས་ཡོད་འདུག

ཟླ་འདིའི་ཟླ་མཇུག་ཏུ་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་འབྲུག་ཡུལ་དང་། དེའི་རྗེས་ཉི་ཧོང་ནང་གཟིགས་སྐོར་གནང་འཆར་ཡོད་པ་དང་། ཟླ་རྗེས་མར་བྷར་ཛིལ་ནང་ཚོགས་གཏན་འཁེལ་བའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བྷིར་ཛལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག ལྷོ་ཨ་ཧྥི་རི་ཀ་ (BRICS ) བཅས་ཀྱི་མཉམ་འབྲེལ་ཚོགས་འདུར་བསྐྱོད་དེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སྐོར་ལ་གོ་བསྡུར་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་ ༢༨ ཉིན་རྒྱ་གར་གྱི་སྲིད་འཛིན་པཱར་ནཱབ་མུ་ཁཱ་ཇཱི་ (Pranab Mukherjee) མཆོག་ ༡༩༥༤ ལོར་རྒྱ་གར་གྱི་སྲིད་བློན་ནེ་རུ་དང་། རྒྱ་ནག་གི་སྲིད་བློན་ཀྲའུ་ཨིན་ལེ་གཉིས་བར་གྲོས་མཐུན་དོན་ཚན་ལྔ་བཞག་སྟེ་ལོ་ངོ་ ༦༠ འཁོར་བའི་དུས་དྲན་མཛད་སྒོར་རྒྱ་ནག་པེ་ཅིན་དུ་ཕེབས་རྒྱུ་ཡིན་པ་དང་། ཟླ་ ༩ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ལ་གཟིགས་སྐོར་གནང་འཆར་ཡོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

ཆུ་ཚོད་ ༡ སྔོན་ལ།
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

ཆུ་ཚོད་ ༣ སྔོན་ལ།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese