མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡུམ་ཆེན་མོའི་རྟགས་མ་སྤོག་རར་ཐོབ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྐབས་ཉི་ཤུ་བའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་རུ་ཁག་ལ་ཐོབ་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནས་བཟུང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་འོག རྒྱ་གར་བྱང་ཕྱོཊ་ལྡེ་ར་རྡུན་དོན་འགྲུབ་གླིང་བོད་མིའི་གཞིས་ཆགས་སུ་ ༢༠༡༤ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཚོགས་བཞིན་ཡོད་པ་ལྟར། ཁ་སང་ཚེས་ ༡༥ ཉིན་གྱི་སྔ་དྲོ་ས་གནས་རྩེད་ཐང་དུ་བོད་ཁྱིམ་བུ་མོའི་མཉམ་འབྲེལ་རུ་ཁག་དང་ལྡེ་ར་རྡུན་གྱི་བུ་མོའི་དམག་མིའི་རུ་ཁག་གཉིས་འགྲན་བསྡུར་གནང་བ་དང་། ཕྱི་དྲོའི་ཆུ་ཚོད་ ༣།༠༠ པའི་ཐོག་སྐུ་མགྲོན་གཙོ་བོར་ལྡེ་ར་རྡུན་དམག་ཁང་ཨང་ ༢༢ པའི་སྐུ་ཞབས་སྦིར་གྷེ་ཌི་ཡར་དྷ་ཡ་ཅན་དྷི་ (Brigadier Daya Chand) མཆོག་དང་། ས་གནས་མགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་མི་མང་བཅས་མི་ ༣༠༠༠ ཡས་མས་འདུ་འཛོམས་ཐོག སྤོག་ར་བཀྲ་ཤིས་གླིང་རུ་ཁག་དང་དོན་འགྲུབ་གླིང་རུ་ཁག་ཀ་བ་གཉིས་བར་མཐའ་མའི་འགྲན་བསྡུར་གནང་སྟེ། སྤོག་ར་བཀྲ་ཤིས་གླིང་རུ་ཁག་སྤོ་ལོ་ ༢ དང་ལྡེ་ར་རྡུན་དོན་འགྲུབ་གླིང་རུ་ཁག་ཀླད་ཀོར་ཆགས་ཏེ་སྤོག་བཀྲ་ཤིས་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་འདུག

ཁ་སང་མཐའ་མའི་རྩེད་འགྲན་གྲུབ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་ཨང་དང་པོ་ཐོབ་མཁན་སྤོག་ར་རུ་ཁག་ལ་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་རྟགས་མ་དང་ཧིན་སྒོར་འབུམ་ ༡ བྱ་དགའ་དང་། ཨང་གཉིས་པ་དོན་འགྲུབ་གླིང་རུ་ཁག་ཀ་པར་རྟགས་མ་དང་ཧིན་སྒོར་སྟོང་ཕྲག་ ༧༠ བྱ་དགའ། རྩེད་མོ་ཡག་ཤོས་རྩེད་མཁན་མོན་གྷོ་རུ་ཁག་ལ་རྟགས་མ་དང་ཧིན་སྒོར་ཁྲི་ ༡ བྱ་དགའ། རྩེད་མོ་ཡག་ཤོས་དང་སྤོ་ལོ་མང་ཤོས་ལྡུག་མཁན་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་རུ་ཁག་གི་ནོར་བུ་ལགས་སུ་རྟགས་མ་དང་ཧིན་སྒོར་ ༥༠༠༠ བཅས་ཀྱི་བྱ་དགའ་སྤྲད་ཡོད་འདུག

སྐབས་ ༢༠ པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་པའི་རྐང་སྤོ་འགྲན་བསྡུར་ནང་རྒྱ་བལ་གཉིས་ཀྱི་རང་ཁག་ ༢༡ འགྲན་ཞུགས་གནང་ཡོད་འདུག་ལ། དེ་དག་ནི་དོན་འགྲུབ་གླིང་རུ་ཁག་ཀ་བ་དང་། གྷོ་ལ་དྷ་ལ་གཞོན་ནུའི་རུ་ཁག གྷོ་ཝ་རུ་ཁག རབ་རྒྱས་གླིང་རུ་ཁག སྦོན་ཊ་ཆོལ་གསུམ་རུ་ཁག བོད་ཁྱིམ་མཉམ་འབྲེལ་རུ་ཁག སྤོག་ར་བཀྲ་ཤིས་གླིང་རུ་ཁག གླིང་ཚང་རུ་ཁག དྷ་རམ་ས་ལའི་རུ་ཁག དོན་ལྡན་གླིང་རུ་ཁག དོན་འགྲུབ་གླིང་རུ་ཁག་ཁ་བ། མཚམས་རུ་ཁག འཕགས་ཤིང་མཉམ་འབྲེལ་རུ་ཁག མོན་གྷོ་རུ་ཁག ཝར་ན་རུ་ཁག ནོར་རྒྱས་གླིང་རུ་ཁག སིམ་ལ་རུ་ཁག ཁྲེ་ཌེ་ཨེལ་ལུས་རྩལ་རུ་ཁག(སྦེལ་ཀོབ)། ཕུན་ཚོགས་གླིང་མཉམ་འབྲེལ་རུ་ཁག(ཌལ་ཧོར)། ཅོན་ཏ་ར་མཉམ་འབྲེལ་རུ་ཁག ལྡི་ལིའི་རུ་ཁག་བཅས་ཡིན་འདུག

དེ་རིང་གསར་འགོད་པས་ཁ་པར་བརྒྱུད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ལགས་སུ་ཐེངས་འདིའི་རྩེད་འགྲན་གྱི་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས། རྩེད་མོ་གོ་སྒྲིག་པའི་ངོས་ནས་ད་བར་དཀའ་ངལ་གཙོ་བོ་རྩེད་མོའི་སྐབས་རྙོག་ཟིང་བྱུང་བཞིན་པའི་སྐོར་ཡིན་ཡང་། ད་ལོ་དེའི་རིགས་གཅིག་ཀྱང་མ་བྱུང་བར་རྩེད་མོ་རྒྱལ་ཁའི་ངང་ལེག་འགྲུབ་བྱུང་ཡོད་པ་དང་། དངུལ་གྱི་ཐད་ནས་ཀྱང་རྩེད་མོ་བ་ལག་ནས་བསྡུ་བའི་དངུལ་དང་། དགའ་ལྡན་ཕོ་བྲང་གིས་ཞལ་འདེབས་བཅས་ལས་དམིགས་བསལ་དཀའ་ངལ་བྱུང་མེད་སྐོར་བརྗོད་བྱུང་བར་མ་ཟད། ད་ཆར་རྩེད་མོ་རྩེད་མཁན་ལོ་ཆུང་ཡིན་པ་དང་རྩེད་སྟངས། རྩེད་མོ་རྩེད་ཡུལ་ས་གནས་མི་མང་གི་མཉམ་རུབ་ཀྱིས་མཐུན་འགྱུར་རོགས་རམ་གནང་བ་བཅས་ཕྱོཊ་ཡོངས་ནས་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།

སྐབས་ ༢༡ པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོ་འགྲན་བསྡུར་བཞུགས་སྒར་དྷ་རམ་ས་ལར་འཚོགས་འཆར་ཡོད་འདུག

 གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༩ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༥ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 1

  1. གསེར་ས་ལེ་སྦྲམ། says:
    ལོ་ 11 སྔོན།

    སྦོག་ར་བཀྲ་ཤིས་གླིང་གི་སྤོ་ལོ་རུ་ཁག་ལ་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རྩེད་འགྲན་ཆེན་མོའི་སྐབས་གཟི་བརྗིད་ངང་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese