མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང་ལ་དྭགས་པ་ཚོ་བཀའ་དྲིན་ཆེན་པོ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་བཀའ་སློབ་གནང་སྟེ། བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་དུས་ཚོད་ཁག་པོ་ཡོད་སྐབས་བོད་ནས་གྲྭ་རྒྱུན་ཡོང་རྒྱུ་མེད་པ་དང་། བྷག་སར་ཡོད་པའི་དགེ་འདུན་པ་བགྲེས་པ་རྣམས་རིམ་པས་རྫོགས་འགྲོ་སྐབས། སློབ་གཉེར་གྱི་རྐང་འཛིན་མཁན་དེ་ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང་ལྷག་པར་ཁྱེད་རང་ཚོ་ལ་དྭགས་པ་རྣམས་ཧ་ཅང་དྲིན་ཆེན་པོ་ཡིན་ཞེས་གསུངས།

ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གིས་བདུན་ཕྲག་གཅིག་ཙམ་གྱི་རིང་གི་ཨི་ཊ་ལིའི་མཛད་འཕྲིན་ཁག་ལེག་པར་གྲུབ་ཏེ། ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཡོད་པའི་བ་ཀུ་ལ་ (Kushok Bakula Rinpoche Terminal ) གནམ་ཐང་དུ་ཞབས་སོར་འཁོད་ཡོད་པ་དང་། གནམ་ཐང་དུ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་དང་། ལ་དྭགས་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས། བརྩེ་སྤྲུལ་རིན་པོ་ཆེ་མཆོག མངའ་སྡེའི་བློན་ཆེན་རིག་འཛིན་མཛོ་རྭ་ལགས། ས་གནས་ཀྱི་གནད་ཡོད་མི་སྣ། དེ་བཞིན་ལ་དྭགས་ནང་པའི་ཆོས་ཚོགས་དང་། ལ་དྭགས་རིག་གཞུང་ཡར་རྒྱས་ཚོགས་པའི་ཚོགས་གཙོ། ལ་སྤྱི། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི། ས་གནས་ཀྱི་མཁན་པོ་བླ་སྤྲུལ་བཅས་ཀྱིས་ཕེབས་བསུའི་ཁྲོད་ཞི་བའི་ཚལ་གྱི་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག

ཞི་བའི་ཚལ་ཕོ་བྲང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་༧གོང་ས་མཆོག་གིས། ལ་དྭགས་ཁུལ་གྱི་ཆོས་གྲོགས་ཡོངས་ལ་འཚམས་འདྲི་ཡོད། གཙོ་ཆེ་ཤོས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་འདི་གར་སྐུ་དཀྱིལ་གསལ་དྭངས་ཐོག་བཞུགས་ཡོད་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་བཞིན་རིས་སུ་མ་ཕྱེ་པའི་བླ་སྤྲུལ་རྣམ་པ་དང་མཁན་པོ། དགེ་བཤེས་བཅས་ལ་འཚམས་འདྲི་ཡོད། ད་རེས་དུས་འཁོར་དབང་ཆེན་ཆེད་འདིར་བཅར་བ་ཡིན། ལ་དྭགས་ཁུལ་གྱི་སེར་སྐྱ་མི་དམངས་དང་ངོ་ཤེས་པ་ཆགས་ནས་ལོ་མང་པོ་ཕྱིན་ཡོད། ངོས་རང་ལ་དྭགས་སུ་ ༡༩༦༧ ལོར་ཡོང་བ་ནས་བཟུང་ཐེངས་མང་པོ་བསླེབས་ཡོད། ང་རང་ཚོ་ཚང་མ་དད་པ་དམ་ཚིག་གཡོ་བ་མེད་པར་ཧ་ཅང་ཡག་པོ་ཡིན། ད་རེས་སླར་ཡང་བསླེབས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདི་གར་ཁང་པ་གསར་པ་མང་པོ་རྒྱག་གི་འདུག གྲོང་ཁྱེར་རྒྱ་སྐྱེད་གཏོང་གི་ཡོད་པ་འདྲ་པོ་འདུག སྔོན་མ་ང་ཚོ་ཐོག་མར་འབྱོར་བའི་སྐབས་སུ་ཆུང་ཆུང་རེད། ད་ཆ་ཧ་ཅང་རྒྱ་སྐྱེད་བྱུང་འདུག སློབ་གྲྭའི་ཕྲུ་གུ་ཧ་ཅང་མང་པོ་འདུག ཁ་ཆེ་དང་ཡུལ་པ་ཚོའི་སློབ་ཕྲུག་འབོར་ཆེན་པོ་ཧ་ཅང་ཡག་པོ་འདུག

 དུས་རབས་ ༢༡ པའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ། ཡར་རྒྱས་ཆེན་པོ་འགྲོ་བར་སྤྱིར་བཏང་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད་འདུག སྤྱིར་བཏང་གི་ཤེས་ཡོན་ཆ་ཚང་ཡོད་པ་གང་ཞིག་ལ་འཛམ་གླིང་གི་གནས་ཚུལ་ཡང་ཤེས་པར་བྱས་ནས་ངས་དུས་རྒྱུན་དུ་རྩེད་མོ་དང་སྦྲགས་འདི་ལྟར་ཤོད་ཀྱི་ཡོད། རི་རབ་མེད་པ། འཛམ་གླིང་ལེབ་ལེབ་མིན་པ། ཉི་མ་དང་ཟླ་བ་ཆེ་ཆུང་ཧ་ཅང་ཡོད་པ། ཐག་རིང་པོ་ཧ་ཅང་ཡོད་པ། དེ་དག་ཤེས་པའི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདེན་གཉིས་དང་བདེན་བཞི་སོགས་དེང་གི་ཚན་རིག་གི་ཐོག་ནས་ར་འཕྲོད་པ་དང་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ཆགས་ཡོད། དེ་ལྟ་བུའི་སངས་རྒྱས་པའི་ཆོས་དེ་ཤེས་ནས་དད་པ་ཐོབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞན་དེ་སྔ་ང་རང་ཚོས་སྐྱབས་སུ་མཆི་དང་། ལ་དྭགས་པ་ཚོས་ཕྱག་འཚལ་ལོ་ཟེར་བ་སྤྱིར་ཡག་པོ་རེད། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྲ་བརྟན་གོང་འཕེལ་ཡོང་རྒྱུར་མང་ཚོགས་ཀྱིས་ནང་ཆོས་ཤེས་པར་བྱས། ལྷག་པར་སློབ་ཕྲུག་ཚོས་སངས་རྒྱས་པའི་ཆོས་གང་འདྲ་ཡིན་པ་དེ་ཤེས་པར་བྱ་དགོས། དེ་ལྟར་གོ་རྟོགས་ཐུབ་པའི་ཐོག་ནས་ཆོས་དད་བྱུང་ན་བསྟན་པ་མུ་མཐུད་གནས་རྒྱུ་ཡོང་གི་རེད། གཞན་མང་ཚོགས་ཀྱི་ཤེས་ཚད་གང་ཡང་མེད་པའི་ཐོག་ནས་ཕྱག་འཚལ་ལོ་ཞེས་ཕྱིན་ན་དགོན་པ་སྤུས་དག་ཡོད་ནའང་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་རེད།

 བོད་མི་བཙན་བྱོལ་བར་ཆ་བཞག་ན་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཁྲོད་གྲྭ་སའི་ནང་ཞུགས་ནས་དཔེ་ཆ་བལྟ་མཁན་ཧ་ཅང་ཉུང་ཉུང་རེད། བོད་མིའི་གཞིས་ཆགས་ཁག་གི་ནང་ཡོད་པའི་གདན་ས་ཁག་ལ་ཆ་བཞག་ན་ཁྱེད་རང་ཚོ་ལ་དྭགས་དང་ཟངས་དཀར་བ་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་དུས་ཚོད་ཁག་པོ་ཡོད་སྐབས་བོད་ནས་གྲྭ་རྒྱུན་ཡོང་རྒྱུ་མེད་པ་དང་། བྷག་སར་ཡོད་པའི་དགེ་འདུན་པ་བགྲེས་པ་རྣམས་རིམ་པས་གཅིག་རྫོགས་གཉིས་རྫོགས་ཕྱིན་པའི་སྐབས། སློབ་གཉེར་གྱི་རྐང་བཟུང་མཁན་དེ་ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང་ལྷག་པར་ཁྱེད་རང་ཚོ་ལ་དྭགས་པ་རྣམས་ཧ་ཅང་དྲིན་ཆེན་པོ་ཡིན། ཞེས་སོགས་གསུངས་ཡོད་འདུག

ཟླ་འདིའི་ཚེས་ ༢༣ ནས་ ༢༥ བར་༧གོང་ས་མཆོག་གིས་ཇམ་མུ་ཀ་ཤི་མུར་ཟངས་དཀར་ས་གནས་སུ་མང་ཚོགས་ལ་༼ལམ་རིམ་བསྡུས་དོན༽ གསུང་ཆོས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུ་ཡིན་འདུག་ལ། ཚེས་ ༢༩ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་པར་ཆིབས་བསྒྱུར་གྱིས་ཕར་ཕྱིན་དབྱར་ཆོས་ཆེན་མོ་དང་དབུ་མའི་བགྲོ་གླེང་དབུ་འབྱེད་བཅས་གནང་རྒྱུ་ཡིན་པ་དང་། ཚེས་ ༣༠ ཉིན་ཕར་ཕྱིན་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་དབུ་བཞུགས་གནང་རྒྱུ་ཡིན་འདུག

 ཕྱི་ཟླ་ ༧ ཚེས་ ༡ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་པར་མང་ཚོགས་ལ་༼ཤེས་རབ་སྙིང་པོ༽ ཆོས་འབྲེལ་གནང་རྒྱུ་ཡིན་པར་མ་ཟད། མངའ་རིས་ཚང་དགོན་ཁག་བདུན་གྱི་དགེ་འདུན་འདུས་དམངས་དང་སེར་སྐྱ་ཐུན་མོང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་ཡིན་འདུག ཚེས་ ༣ ནས་ ༡༤ བར་༧གོང་ས་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བར་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༸གོང་ས་མཆོག་གིས།
    ་་་་་་་་་ མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྲ་བརྟན་གོང་འཕེལ་ཡོང་རྒྱུར་མང་ཚོགས་ཀྱིས་ནང་ཆོས་ཤེས་པར་བྱས། ལྷག་པར་སློབ་ཕྲུག་ཚོས་སངས་རྒྱས་པའི་ཆོས་གང་འདྲ་ཡིན་པ་དེ་ཤེས་པར་བྱ་དགོས། ་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese