མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཀུན་གྱིས་ནུས་ཤུཊ་མཉམ་སྒྲིལ་གྱི་འཁུར་འགན་ཆེ་ཙམ་ལེན་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཆུ་བཞི་སྒང་དྲུག་གི་ཚོཊ་ཆེན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསུང་འཕྲིན་བསྩལ་བའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་ཁྱོན་ནས་རྒྱབ་སྐྱོར་གནང་བཞིན་པའི་སྐབས་འདིར་ཚང་མས་ནུས་པ་མཉམ་སྤུངས་བྱེད་དགོས་པ་དང་། ༸གོང་ས་མཆོག་ལ་གཞི་མེད་མཚན་སྨོད་ཞུ་རིགས་ལ་སྤྱི་འཐུས་ཀྱི་གྲོས་ཆོད་འབྲུ་དོན་དོལ་འཁྱོལ་བྱེད་དགོས་པ་སོགས་བཀོད་འདུག

 འདས་པའི་ཉིན་གསུམ་རིང་རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དོན་གྲུབ་གླིང་གཞིས་ཆགས་ཀྱི་སློབ་གྲྭའི་ཚོགས་ཁང་དུ། ཆུ་བཞི་སྒང་དྲུག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༢༠ པ་དང་འགན་འཛིན་ལྷན་ཚོགས་ཐེངས་ ༤༤ པ་དེ་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་གྲའུ་དཔོན་རིན་ཆེན་ཚེ་རིང་དང་། སྨིན་གླིང་མཁན་ཆེན་རིན་པོ་ཆེའི་སྐུ་ཚབ། དེ་བཞིན་བོད་མི་མང་སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར། དགོན་པ་ཁག་གི་དབུ་ཁྲིད། ཚོགས་པ་ཁག་གི་སྐུ་ཚབ། ཆུ་སྒང་དབུས་རྒྱུན་གསར་རྙིང་གཉིས་དང་ས་གནས་ཁག་བཅས་ཀྱི་མི་ ༤༠༠ ཙམ་འདུ་འཛོམས་བྱུང་ཡོད་འདུག

ཚོགས་ཆེན་དབུ་འབྱེད་ཐོག་ཆུ་བཞི་སྒང་དྲུག་གསར་འཛུགས་གནང་སྟེ་ལོ་ངོ་ ༥༦ འཁོར་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསུང་འཕྲིན་ཞིག་བསྩལ་ཡོད་པ་སྒྲོག་སྦྱངས་དང་། རྒྱུན་ལས་སྐབས་ ༡༩ པའི་འདས་པའི་ལོ་ ༣ རིང་གི་ལས་བསྡོམས་དང་བྱུང་སོང་རྩིས་ཁྲ་སྙན་སྒྲོན་སོགས་གྲུབ་རྗེས། རིམ་པ་བཞིན་གྲོས་གཞི་ཁག་གི་ཐོག་བགྲོ་གླེང་གནང་མཐར། དེ་རིང་ཕྱི་དྲོར་ཉེ་ཆར་འོས་འདེམས་བྱུང་བའི་དབུས་རྒྱུན་གསར་པ་ ༡༡ ལ་ལས་བགོས་བྱས་ཏེ། སྐབས་ ༢༠ པའི་དབུས་རྒྱུན་ཚོགས་གཙོ་པདྨ་བདེ་ལེགས་ལགས་དང་། ཚོགས་གཞོན་བཀྲ་ཤིས་དཔལ་འབྱོར་ལགས་དང་གླིང་ཚང་ཚེ་རྡོར་ལགས། དྲུང་ཆེ་འཆམ་ར་དྲི་མེད་རྒྱལ་མཚན་ལགས། དྲུང་གཞོན་ངག་དབང་ཐར་པ་ལགས་བཅས་ཡིན་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱུན་ལས་གསར་རྙིང་བར་རྩིས་ལེན་རྩིས་སྤྲོད་བྱ་རྒྱུ་ཡིན་འདུག

ད་རེབ་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་ནང་། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་ཞབས་རིམ་གསོག་སྒྲུབ་དང་དོལ་ཚོགས་ཀྱི་བཤད་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ། རྒྱ་གར་གཞུང་དང་རང་གཞུང་བདེ་སྲུང་སོགས་སུ་སྐུ་ཕྱའི་ཉེན་སྲུང་གཟབ་ནན་དགོས་པའི་སྙན་སེང་ཞུ་རྒྱུ། གཞིས་བཞུགས་བོད་མིའི་ཁོངས་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ཛ་དྲག་ལས་འགུལ་སྤེལ་བཞིན་པ་དག་ལ་མྱ་ངན་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་ལོ་རྒྱུས་དེབ་ཅིག་དང་ས་གནས་གལ་ཆེན་ཞིག་ཏུ་རྗེས་དྲན་རྡོ་རིང་བཞེངས་ཐབས་གནང་དགོས་པ། ད་ལྟ་འགྲོ་བཞིན་པའི་དགེ་རྩ་ཚོགས་པའི་ལས་རིམ་དག་ཧ་ཅང་ཡག་པོ་ཡིན་སྟབས། མ་འོངས་བོད་ཕྲུག་ཚོའི་ཤེས་ཡོན་ལ་རམ་འདེགས་སླད་མཐོ་སློབ་ཀྱི་སློབ་མ་ ༢༠ ལ་སློབ་ཡོན་གྱི་མཐུན་རྐྱེན་བསྐྲུན་རྒྱུ་དང་། རྒན་རབས་ཉམ་ཐག་ ༩༨ ལ་འཚོ་སྣོན་འབུལ་རྒྱུ་སོགས་འཁོད་ཡོད་འདུག

ཉིན་དེར་ངྷ་རམ་ས་ལའི་ཕྱི་སྐོར་ལྷ་རྒྱལ་རིར་ཡང་དུས་དྲན་སྲུང་གཙིའི་བསང་གསོལ་གྱི་མཛད་སྒོ་ཞིག་ཚོགས་ཡོད་པའི་སྟེང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་རོང་བོ་བློ་བཟང་སྙན་གྲགས་ལགས་ཕེབས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་། ད་ལྟའི་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་དང་། མ་འོངས་བོད་དང་བོད་མི་ཞེས་པའི་ངོ་བོ་དང་། ཆོས་དང་རིག་གཞུང་། གོམས་གཤིས་བཟང་པོ་རྣམས་དར་སྤེལ་ཡོང་ཆེད་བོད་རྒྱའི་དབར་གྱི་དཀའ་ངལ་གནས་བབ་འདི་དག་སེལ་རྒྱུར་དངོས་ཡོད་གནས་སྟངས་དང་འཚམས་པའི་ཐབས་ལམ་བཟང་ཤོས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་རྒྱ་ཆེའི་མང་ཚོགས་ཀྱི་ཚད་མཐོའི་མང་མོས་ལྟར་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདིར་རྒྱལ་སྤྱིའི་ཁྱོན་ནས་ཀྱང་མོས་མཐུན་རྒྱབ་སྐྱོར་གང་ལེགས་གནང་དང་གནང་བཞིན་ཡོད་པ་སོགས་ཀྱི་དུས་སྐབས་འདི་དག་དམ་འཛིན་གྱིས་བོད་མིའི་རང་དབང་རྩོད་ལེན་གྱི་རྩ་དོན་ལངས་ཕྱོགས་ཀྱི་སྲིད་བྱུས་འདིར་བོད་མི་ཀུན་གྱིས་ནུས་ཤུགས་མཉམ་སྒྲིལ་གྱི་འཁུར་འགན་ཆེ་ཙམ་ལེན་དགོས་པའི་སྐུལ་མ་ཞིག་ཀྱང་ད་རེས་ཀྱི་དུས་སྐབས་འདི་དང་བསྟུན་ནས་ཞུ་རྒྱུ་ཡིན།

མུ་མཐུད་དུ་བསྟན་དོན། བླང་དོར་གྱི་གནས་ལ་རྨོངས་ཤིང་བོད་བསྟན་སྲིད་དང་། ༸རྒྱལ་བའི་སྐུ་ཕྱྭ་དང་བཅས་པར་བསམ་ཞིབ་དོ་སྣང་མེད་ཁར། རྒྱ་ནག་གཞུང་གིས་སྲིད་དོན་གྱི་ལག་ཆར་དངུལ་དངོས་ཀྱི་མགོ་བསྐོར་བསླུ་བྲིད་འོག་ཚུད་པ་ཉུང་ཤས་ཀྱིས་རང་ཉིད་མ་ཟད་མི་རིགས་གཞན་ལའང་བརྒྱུད་སྐུལ་བཅས་ཀྱི་ལམ་ནས་གོ་སྐབས་འདྲ་མིན་བཟུང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་ཞུ་བ་སོགས་ཀྱི་བྱ་སྤྱོད་ངན་སྤེལ་བྱེད་མཁན་དེ་རིགས་ ལ་ང་ཚོས་ངོས་འཛིན་གསལ་པོའི་ཐོག་ནས་བྱ་ཕྱོགས་ཀྱི་ལམ་སྟོན་ཁ་གསལ་ཡོད་པའི་ གྲོས་ཆོད་ཅིག་ཉེ་སྔོན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་ལྟར། རང་ཅག་བོད་མི་དཔྱོད་ལྡན་ཀུན་གྱིས་གྲོས་ཆོད་ཀྱི་འབྲུ་དོན་རྣམས་ལག་བསྟར་དོན་ འཁྱོལ་ཡོང་ཆེད་ཕྱྭར་གྲུ་མཉམ་འདེགས་ཀྱི་འགན་འཁུར་ཆེ་ཙམ་ལེན་དགོས་པའི་སྐུལ་མ་ནན་ཏན་ཞུ་རྒྱུ། ཞེས་སོགས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 3

  1. ཨེ says:
    ལོ་ 12 སྔོན།

    མདོ་ཁམས་མི་དམངས་ལ་ཆུ་བཞི་སྒང་དྲུག་གཅིག་མ་གཏོགས་གཉིས་མེད་།སྐད་ཆ་དེའི་རིགས་གླེང་སློང་མི་ཡོང་ཞུ།སྨྲ་བརྗོད་རང་དབང་རེད་ཟེར་གང་བྱུང་མ་གསུངས་རོགས་ཞུ་།དེ་མིན་བོད་སྤྱིའི་ལ་དོན་ལ་ཕན་ཐོགས་ཡོད་པའི་རྩོམ་ཡིག་མང་ཙམ་འབྲི་ཐུབ་ན་བཟང་ངོ།

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    ཁ་སང་རྒྱ་མིའི་གསར་ཤོག་ནང་བརྗོད་རྒྱུར། ཏཱ་ལའི་བླ་མར་གྲོས་མོལ་སྒོ་ཕྱེས་ཡོད། ཡིན་ནའང་། ཏཱ་ལའི་བླ་མ་སྒེར་གྱི་མ་འོངས་པར་གྲོས་མོལ་བྱེད་པ་ལས་བོད་དོན་ཟེར་བ་ཞིག་གླེང་སློང་བྱེད་ས་ལྷག་མེད་ཅེས་འདུག སྲིད་དོན་མཁས་དབང་སྐུ་ངོ་བློ་བཟང་སྙན་གྲགས་ལགས་ཀྱིས་ད་དུང་རང་ལྟ་མཆོག་འཛིན་གནང་གི་འདུག

    Reply
  3. བློ་བཟང་། says:
    ལོ་ 12 སྔོན།

    སྔོན་མ་ཆུ་བཞི་སྒང་དྲུག་གསར་རྙིང་གཉིས་ཡོད་པ་རེད། དེང་སྐབས་གཅིག་པ་ཆགས་པ་རེད་དམ། གལ་སྲིད་ཡིན་ཚེ་ཡག་པོ་འདུག བོད་པ་ཚོས་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་ཤོག་ཤག་རྩད་ནས་མི་འདུག་པར་རྩ་དོན་འཐབ་རྩོད་ཐོག་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚོགས་པ་སྐྱིད་སྡུག་དང་ལྟ་བ་ལངས་ཕྱོགས་ཅི་ཙམ་ཉུང་ཉུང་ཆགས་ན་དེ་ཙམ་གྱི་ནུས་པ་རྡོག་བསྒྲིལ་རྒྱུར་ཕན་ཐོགས་ཆེ་བ་ཡོང་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese