མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ ༢༧ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་པར་ངོ་རྒོལ་བྱས་པའི་ནག་ཉེས་འོག་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་གྱི་བོད་མི་ ༢༧ འཛིན་བཟུང་བྱས་ཡོད་འདུག

ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་སྐ་གསར་སྡེ་བའི་ནང་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་ཏེ། ས་གནས་ཀྱི་དུར་ཁྲོད་དང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོས་སྟབས། ས་གནས་བོད་མི་ཚོས་གཞུང་ཕྱོཊ་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མཚམས་འཇོག་བྱེད་དགོས་པའི་རེ་སྐུལ་ཆེད་ཞི་བའི་ངོ་རྒོལ་བྱས་ཡོད་འདུག ཡིན་ནའང་ས་གནས་སྲིད་གཞུང་གིས་མི་མང་གི་རེ་སྐུལ་ལ་ཡ་ལན་བྱས་མེད་པར་མ་ཟད། ཟླ་འདིའི་ཚེས་ ༧ ཉིན་དམག་མི་འབོར་ཆེན་མངགས་གཏོང་གིས་སྐ་གསར་སྡེ་བའི་སྡེ་དཔོན་ཁྲོ་མཐར་དང་པདྨ་གཙོས་པའི་བོད་མི་ ༢༧ འཛིན་བཟུང་བྱས་ཡོད་འདུག ཉེ་ལམ་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མིའི་ཁྲོད་ཀྱི་མི་ ༤ ཀློད་གྲོལ་བཏང་ཡོད་ཀྱང་། མི་ ༢༣ ད་ཆར་ཡང་བཀག་ཉར་ཁྲོད་ལྷག་ཡོད་འདུག

ད་ལྟ་ཡུ་རོབ་གནས་སྡོད་ཕ་ཡུལ་གུང་ཧོ་ནས་ཡིན་པའི་བོད་མི་ཞིག་གིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་གནས་ཚུལ་དེ་ནི་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་སྐ་གསར་སྡེ་བའི་བཀྲ་ཤིས་ལྷ་རི་ཞེས་པའི་གནས་རིའི་རྒྱབ་ངོས་སུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་ཏེ་ས་གནས་ཀྱི་དུར་ཁྲོད་དང་ཁོར་ཡུག་སོཊ་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་པར་མ་ཟད། རིམ་གྱིས་གཏེར་ཁ་སྔོག་ཡུལ་ས་ཆ་རྒྱ་སྐྱེད་དུ་བཏང་སྟེ་རྒྱ་རགས་ཞེས་པའི་ས་གནས་བར་བསླེབ་སྟབས། ས་གནས་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་ཡོད་འདུག་ལ། ཉེ་ལམ་རྒྱ་གཞུང་གིས་ས་གནས་བོད་མི་ཚོས་རེ་སྐུལ་ལ་ཡ་ལན་མ་བྱས་པར་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པར་མ་ཟད། དམག་མིས་འཛིན་བཟུང་བྱས་ཡོད་པའི་བུད་མེད་ཚོའི་སྐྲ་གཏུབ་པ་སོགས་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist