མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་ཨ་རིའི་འབྲེལ་བའི་འཕེལ་རིམ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བཞུགས་མོལ་ཚོགས་འདུར་གདན་ཞུ་གནང་ཏེ་གྲོས་ཚོགས་ནང་གཏམ་བཤད་སྤེལ་འཇུག་རྒྱུ་ཡིན་འདུག

ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ནཱར་ (John Boehner)ལ། གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེ་ཌི་ (Ed Royce)ཀྱིས་ཕྱག་བྲིས་ཤིག་ཕུལ་བའི་ནང་། འདི་ལོའི་ཟླ་ ༩ པའི་ནང་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཨ་རིར་སྐོར་སྐྱོད་དུ་ཕེབས་འཆར་ཡོད་པར། ཁོང་གྲོས་ཚོགས་ནང་གདན་ཞུ་དང་འབྲེལ་གྲོས་ཚོགས་གོང་འོག་གཉིས་ཀྱི་བཞུགས་མོལ་ཚོགས་འདུའི་སྔོན་འགྲོའི་གཏམ་བཤད་སྤེལ་འཇུག་དགོས་སྐོར་བཀོད་ཡོད་འདུག

ཕྱག་ཡིག་དེའི་ནང་། “ད་ལྟའི་དུས་སྐབས་འདིར་རྒྱ་གར་ནི་ཨ་རིར་ལྷོ་ཨེ་ཤ་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལས་ཆབ་སྲིད་དང་དཔལ་འབྱོར། སྲུང་སྐྱོབ་གང་ཐད་ནས་གནད་འགག་ཅིག་ཆགས་ཡོད་སྟབས། རྒྱ་གར་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་ལམ་བཙུགས་ཏེ། གཉིས་ཕན་མཉམ་རྒྱལ་གྱི་སྲིད་ཇུས་ལག་བསྟར་བྱ་དགོས་ཤིང་། དུས་རབས་ཉེར་གཅིག་པ་འདིའི་ནང་ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་ནི་གལ་འགངས་ཆེ་ཤོས་ཆགས་ཡོད་སྟབས། ཨ་རིས་གོ་སྐབས་དམ་འཛིན་གྱིས་ནཱ་རེན་ཌ་མུ་དྷེའི་གཞུང་དང་མཛའ་འབྲེལ་བཙུགས་ཏེ། རྒྱ་གར་ནི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཡག་ཤོས་ཤིག་ཏུ་བསྒྱུར་ཐབས་བྱེད་དགོས” ཞེས་སོགས་བཀོད་ཡོད་འདུག

 ༡༨༠༠ ལོ་ནས་བཟུང་ཨ་རིའི་གཞུང་རིམ་པས་གྲོས་ཚོགས་གོང་འོག་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཚོགས་སྐབས། རྒྱལ་ཁབ་གཞན་གྱི་སྲིད་འཛིན་དང་སྲིད་བློན། དེ་བཞིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སོགས་གདན་འདྲེན་ཞུས་ཏེ་གྲོས་ཚོགས་ཀྱི་དབུ་འཛུགས་གཏམ་བཤད་སྤེལ་འཇུག་པའི་ལམ་སྲོལ་ཡོད་པ་ལྟར། ད་བར་གྲོས་ཚོགས་ནང་རྒྱལ་སྤྱིའི་གནད་ཡོད་མི་སྣ་ ༢༠༠ ལྷག་གིས་གཏམ་བཤད་གནང་ཡོད་པ་དང་། ༢༠༠༥ ལོར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་དང་། ༢༠༡༣ ལོའི་ཟླ་ ༥ པའི་ཚེས་ ༨ ཉིན་བྱང་ཀོ་རི་ཡའི་སྲིད་འཛིན་ལྕམ་པཱག་གྷེན་ཧེ་ (Park Geun-hye)བཅས་ཀྱིས་གཏམ་བཤད་གནང་ཡོད་འདུག

 ༡༩༤༧ ལོར་རྒྱ་གར་དབྱིན་འོག་ནས་རང་བཙན་ཐོབ་རྗེས། རྒྱ་གར་གྱིས་ཨ་རིའི་དགྲ་བོ་ཨུ་རུ་སུ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་དང་ (USSR)དང་འབྲེལ་ལམ་བཙུགས་ཏེ། ལོ་ལྟར་དམག་དོན་དང་ཚོང་འབྲེལ་ཤུགས་ཆེན་པོ་བྱས་ཡོད་སྟབས་ཨ་རི་དང་རྒྱ་གར་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཕྱིན་ཡོད། ༡༩༦༡ ལོར་ཨ་རིའི་སྲིད་འཛིན་ཇོན་ཀེན་ནཱེ་ཌི་ (John F. Kennedy)ཡིས་རྒྱ་གར་དང་འབྲེལ་ལམ་མགོ་འཛུགས་ཙམ་བྱས་ཡོད་ཀྱང་། ༡༩༦༢ ལོར་རྒྱ་དཀར་ནག་གི་དམག་འཁྲུག་ཁྲོད་རྒྱ་གར་ལ་ཕམ་ཉེས་བྱུང་བ་དང་། ༡༩༦༣ ལོར་ཇོན་ཀེན་ནཱེ་ཌི་མཆོག་ལྐོག་གསོད་བྱས་པ་སོགས་ལ་བརྟེན་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཡར་རྒྱས་འགྲོ་ཐུབ་མེད་པའི་ཁར། བདུན་ཅུ་དོན་གྲངས་ནང་རྒྱ་གར་དང་བྷང་ལ་དྷེ་ཤེའི་བར་དང་། རྒྱ་གར་དང་པ་ཀི་སི་ཐན་བར་བཅས་སུ་དམག་འཁྲུག་བྱུང་བ། ཨ་རིའི་སྲིད་འཛིན་རེ་ཅཱར་ཌི་ནཱེ་སཱོན་ (Richard Nixon) གྱིས་པ་ཀི་སི་ཐན་དང་འབྲེལ་ལམ་བཙུགས་པ་དང་། རྒྱ་ནག་སྐམ་ས་ཆེན་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ལྔའི་ཁོངས་སུ་ཚུད་ཐབས་བྱས་པ་སོགས་ལ་བརྟེན་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད།

༡༩༩༡ ལོ་ནས་རྒྱ་གར་དང་ཨ་རིའི་བར་ཚོང་དང་དམག་དོན་སྐོར་ལ་འབྲེལ་ལམ་གང་འཚམ་བྱུང་ཡོད་ཀྱང་། ༡༩༩༨ ལོར་རྒྱ་གར་གྱི་སྲིད་བློན་བཱ་ཇི་བྷ་ཡེ་སྲིད་གཞུང་གིས་ར་ཇེ་སི་ཐན་པཱོག་རན་ས་ཁུལ་ (Pokhran) དུ་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་སྟབས། སྐབས་དེའི་ཨ་རིའི་སྲིད་འཛིན་ཁེ་ལིན་ཌོན་ (Bill Clinton)གྱིས་རྒྱ་གར་ལ་དཔལ་འབྱོར་གྱི་ཉེས་ཆད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཡོད།

༢༠༠༡ ལོའི་ཟླ་ ༩ པའི་ཚེས་ ༡༡ ཉིན་་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ཨ་རིའི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་གཏོར་བཤིག་བཏང་བར་རྒྱ་གར་གྱིས་ཨ་རིར་རྒྱབ་སྐྱོར་བྱས་བ་དང་། ༢༠༠༤ ལོར་རྒྱ་གར་ནང་མཚོ་ཐོག་ས་ཡོམ་ (tsunami) གྱི་གོད་ཆག་བྱུང་སྐབས་ཨ་རིས་མི་རྒྱུ་གཉིས་ཀྱི་རོགས་སྐྱོར་བྱས་པ་བཅས་ལ་བརྟེན་ཏེ། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་སླར་ཡང་ཡར་རྒྱས་སུ་འགྲོ་མགོ་བཙུགས་ཏེ། ༢༠༠༥ ལོར་ཨ་རིའི་སྲིད་འཛིན་བྷུ་ཤི་ ( George W. Bush) རྒྱ་གར་བར་མཁའ་སྐྱོད་གུ་ཡངས་ཀྱི་གྲོས་མཐུན་ (Open Skies Agreement) ཞེས་པར་མིང་རྟགས་བཀོད་ཅིང་། རྒྱ་གར་གཞུང་གིས་ཨ་སྒོར་ཐེར་འབུམ་ ༨ སྤྲད་དེ་ཨ་རིའི་གནམ་གྲུ་ (68 Boeing) རྟགས་ཅན་ཉོས་པ། ཨ་རི་དང་རྒྱ་གར་མཉམ་འབྲེལ་ཐོག་རྒྱ་གར་ནང་རྡུལ་ཕྲན་གློག་ཤུགས་ཀྱི་ས་ཚིགས་ ( Civil Nuclear Power Plant) འཛུགས་རྒྱུར་གྲོས་མཐུན་བྱུང་བ་བཅས་ཀྱིས་ཨ་རི་དང་རྒྱ་གར་བར་གྱི་འབྲེལ་བའི་རྨང་གཞི་བརྟན་པོ་ཚུགས་ཐུབ་ཡོད་འདུག

༡༩༩༦ ལོར་རྒྱ་གར་དང་ཨ་རིའི་བར་ཨ་སྒོར་ཐེར་འབུམ་ ༩ དང་།

༢༠༠༦ ལོར་ཨ་སྒོར་ཐེར་འབུམ་ ༣༣།༦༧།

༢༠༡༠ ལོར་ཨ་སྒོར་ཐེར་འབུམ་ ༥༨།༡༢།

༢༠༡༡ ལོར་ཨ་སྒོར་ཐེར་འབུམ་ ༧༢།༣༥།

༢༠༡༢ ལོར་ཨ་སྒོར་ཐེར་འབུམ་ ༩༣།

༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༦༣།༧ བཅས་ཀྱི་ཚོང་འབྲེལ་བྱས་ཡོད་འདུག

སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པས་ནེའུ་ཡོག་ཏུ་ཡོད་པའི་རྒྱ་གར་གཞུང་ཚབ་ཡན་ལག་ཁང་གི་སྐུ་ཚབ་གཞོན་པ་ལྕམ་ལྡེ་བེ་ཡཱ་ནེ་ (Devyani Khobragade)ཡིས་ཨ་རིའི་ཐོངས་མཆན་དང་ཡིག་ཆ་རྫུན་བཟོ་བྱས་པའི་ཉེས་མིང་འོག་འཛིན་བཟུང་འདྲི་གཅོད་བྱས་པར་བརྟེན་ཏེ། རྒྱ་གར་གཞུང་གིས་ལྡི་ལིའི་ཨ་རིའི་གཞུང་ལས་ཁུངས་ལ་རྣམ་འགྱུར་མི་ལེགས་པ་བསྟན་པ་དང་། ཨ་རིའི་གཞུང་ཚབ་ལས་བྱེད་ཚོ་ཐོབ་ཐང་དག་ཀྱང་ཕྱིར་བསྡུ་བྱས་ཤིང་། དེ་སྔོན་རྡུལ་ཕྲན་གློག་ཤུགས་ས་ཚིགས་སྐོར་ལ་རྒྱལ་ཁབ་གཉིས་བར་གྲོས་ཆོད་བཞག་ཡོད་པར་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་པ་བཅས་ཀྱིས་གནས་སྐབས་རིང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་དོ་ཕོག་ཕྱིན་ཡོད་ཀྱང་། ནཱ་རེན་ཌ་མུ་དྷེ་ལ་རྒྱ་གར་སྲིད་བློན་རྒྱལ་ཁ་ཐོབ་པ་མ་ཐག ༢༠༡༤ ལོའི་ཟླ་ ༥ ཚེས་ ༡༦ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ ༢༠༠༥ ལོར་སྲིད་འཛིན་བྷུ་ཤི་ཡིས་ནཱ་རེན་མུ་དྷེས་རྒྱ་གར་གྷུ་ཅུ་ར་ཌེའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་སྐབས་ཁ་ཆེའི་མི་རིགས་ ༡༠༠༠ ལྷག་དམར་གསོད་བཏང་བར་ཨ་རིར་འགྲོ་རྒྱུའི་མཐོང་མཆན་ལག་འཁྱེར་སྤྲོད་རྒྱུ་མིན་པའི་ཁྲིམས་ཡིག་རྩིས་མེད་དུ་བཏང་སྟེ། ནཱ་རེན་ཌ་མུ་དྷེ་མཆོག་རྒྱ་གར་གྱི་སྲིད་བློན་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་ཡོད་པ་མ་ཟད། ཁོང་ཨ་རིར་མགྲོན་འབོད་གནང་བ་སོགས་བཟང་ཕྱོགས་ཀྱི་འབྲེལ་ལམ་བསྐྱར་འཛུགས་བྱས་ཡོད།

ད་ལྟ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གྲོས་ཚོགས་འོག་མའི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོའི་དགོས་འདུན་ལ་ལན་འདེབས་གང་ཡང་བྱས་མེད་ཀྱང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་ཨ་རིའི་གནད་ཡོད་མི་སྣ་ཚོས་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་ཨ་རིར་ཕེབས་པ་དང་བསྟུན་ཏེ། ཁོང་ལ་ཨ་རིའི་གྲོས་གོང་འོག་ལྷན་འཛོམས་ཚོགས་འདུའི་སྔོན་འགྲོའི་གཏམ་བཤད་གནང་རྒྱུའི་གོ་སྐབས་བསྐྲུན་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. བློ་ཚེ། says:
    ལོ་ 12 སྔོན།

    གསར་འགྱུར་དང་མཉམ་དུ་ལོ་རྒྱུས་དབྱེ་ཞིབ་གནང་བ་ཐུགས་རྗེ་ཆེ། གནས་ཚུལ་འདི་ལྟར་རྒྱས་འབྲི་བྱས་པ་ཧ་ཅང་ཡག་པོ་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཨ་རིའི་ ༩༡༡ དོན་རྐྱེན་
    འདི།
    ཨ་རིའི་ ༩།༡༡ དོན་རྐྱེན་
    ཞེས་མི་དགོས་སམ། ལགས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༢༠༡༢ ལོར་ཨ་སྒོར་ཐེར་འབུམ་ ༩༣།
    ༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༦༣།༧ བཅས་ཀྱི་ཚོང་འབྲེལ་བྱས་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese