མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་འགལ་དངུལ་འབོར་རྩིས་སྤྲོད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སུད་སི་གཞུང་གིས་རྒྱ་གར་གཞུང་ལ་སུད་སི་དངུལ་ཁང་ཁག་ནང་རྒྱ་གར་གྱི་ཁྲིམས་མཐུན་མིན་པའི་བཅོལ་དངུལ་སུད་སྒོར་ཐེར་འབུམ་ ༢།༠༣ ལྷག་ཡོད་སྐོར་བརྗོད་འདུག

རྒྱ་གར་གཞུང་གིས་སུད་སི་གཞུང་ལ་སུད་སི་རྒྱལ་ཡོངས་དངུལ་ཁང་ཁག་ནང་རྒྱ་གར་བ་ཚོས་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ ( Black Money) ག་ཚོད་བཞག་ཡོད་མེད་ཀྱི་རྩིས་ཐོ་དང་དོ་བདག་གི་མིང་སོགས་རྩིས་སྤྲོད་ཡོང་བའི་རེ་སྐུལ་ཐེངས་མང་ཞུས་པ་ལྟར། ཁ་སང་ཚེས་ ༢༢ ཉིན་སུད་སི་གཞུང་གིས་རྒྱ་གར་གཞུང་གིས་གསར་འཛུགས་བྱས་པའི་ཁྲིམས་མཐུན་མིན་པའི་བཅོལ་དངུལ་རྟོག་ཞིབ་ཚོགས་ཆུང་ (special investigation team ) ཞེས་པར་རྩིས་ཐོ་ཞིག་སྤྲད་ཡོད་འདུག

འདིའི་ཐད་རྟོག་ཞིབ་ཚོགས་ཆུང་དེའི་ཚོགས་གཙོ་ཤཱ་ ( M.B Shah) ལགས་ཀྱིས། “རྒྱ་གར་གྱི་ཕྱུག་བདག་དང་ཆབ་སྲིད་པ་ཚོས་སུད་སི་དངུལ་ཁང་དུ་བཅོལ་ཡོད་པའི་ཁྲིམས་མཐུན་མིན་པའི་དངུལ་གྱི་རྩིས་ཐོ་ལྟར། ང་ཚོས་རྟག་ཞིབ་མཐིལ་ཕྱིན་བྱས་ཏེ་ཁྲིམས་འགལ་བ་ཚོར་ཉེས་ཆད་ལྕི་མོ་གཅོད་རྒྱུར་གྲ་སྒྲིག་ཆ་ཚང་ཡོད་ཀྱང་། དངུལ་དེ་དག་འཕྲལ་དུ་རྒྱ་གར་ནང་བསྐོར་རྒྱུ་ཁག་པོ་ཡིན་སྟབས། ཉེས་ཅན་ཚོས་རྒྱལ་ཁབ་གཞན་ནང་གནས་སྤོ་བྱ་སྲིད་པ་དང་། ད་ལྟ་ང་ཚོས་མགྱོགས་མྱུར་ཐག་གཅོད་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད” ཅེས་སོགས་བརྗོད་འདུག

རྒྱ་གར་ནི་ ༢༠༡༢ ལོར་སུད་སི་དངུལ་ཁང་ནང་ཁྲིམས་མཐུན་མིན་པའི་བཅོལ་དངུལ་མང་ཤོས་འཇོག་མཁན་གྱི་རྒྱལ་ཁབ་ཨང་ ༧༠ དེ་ཡིན་ཞིང་། ༢༠༡༣ ལོར་དངུལ་འབོར་འཕར་ཏེ་སུད་སྒོར་ཐེར་འབུམ་ ༢།༠༣ ཙམ་ཆགས་ཡོད་སྟབས། ད་ཆ་རྒྱལ་སྤྱིའི་ཐོག་རྒྱ་གར་ཁྲིམས་མཐུན་མིན་པའི་བཅོལ་དངུལ་མང་ཤོས་འཇོག་མཁན་རྒྱལ་ཁབ་ཨང་ ༥༨ པ་དེ་ཆགས་ཡོད་པ་མ་ཟད། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱ་ནག་དང་ཨུ་རུ་སུ། བྷར་ཛིལ། ལྷོ་ཨ་ཧྥི་རི་ཁ་བཅས་དང་བསྡུར་ན་རྒྱ་གར་སུད་སི་དངུལ་ཁང་ནང་བཅོལ་དངུལ་ཉུང་བའི་གྲས་ཡིན་འདུག

༢༠༡༣ ལོར་སུད་སི་རྒྱལ་ཡོངས་དངུལ་ཁང་ཁག་ནང་ཁྲིམས་མཐུན་མིན་པའི་དངུལ་མང་ཤོས་འཇོག་མཁན་ཨང་དང་པོ་དབྱིན་ཡུལ་ལ་སུད་སྒོར་ཐེར་འབུམ་ ༢༧༧ དང་། གཉིས་པ་ཨ་རིར་སུད་སྒོར་ཐེར་འབུམ་ ༡༩༣། གསུམ་པ་ཝོ་སེ་ཨིན་ཌེ་སེ་(West Indies)ལ་སུད་སྒོར་ཐེར་འབུམ་ ༡༠༠། བཞི་པ་འཇར་མན་ལ་སུད་སྒོར་ཐེར་འབུམ་ ༥༢།༤། ལྔ་པ་གྷུན་སི་(Guernsey) ལ་སུད་སྒོར་ཐེར་འབུམ་ ༤༩།༦ བཅས་ཆགས་ཡོད་སྟབས། སུད་སི་ནི་རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་མིན་པའི་དངུལ་འབོར་མང་ཤོས་བཅོལ་ཡུལ་ཞིག་ཆགས་ཡོད་འདུག སུད་སི་རྒྱལ་ཡོངས་དངུལ་ཁང་ཁག་ནང་ཁྲིམས་མཐུན་མིན་པའི་དངུལ་བཅོལ་མཁན་ཉུང་ཤོས་གྲས་ནི། ཧྥི་ལི་ཕིན་དང་ཨི་རག བྷང་ལ་དྷེ་ཤེ ཨི་རན། བལ་ཡུལ། སོག་ཡུལ། འབྲུག་ཡུལ། སིང་གྷ་ལ། ཨབ་གྷན། ཛིམ་བྷ་ཝེ། འབར་མ། བྷུ་རུན་ཌི། ཀོང་གྷོ། པ་ཀི་སི་ཐན་སོགས་ཡིན་འདུག

རྒྱ་གར་གྱི་གཞུང་འཛིན་རིམ་པས་སུད་སི་གཞུང་ལ། རྒྱ་གར་མི་སེར་ཚོས་སུད་སི་དངུལ་ཁང་ཁག་ཏུ་ཁྲིམས་མཐུན་མིན་པའི་དངུལ་བཅོལ་ཡོད་པའི་ཐོ་གཞུང་སྤྲོད་རྒྱུར་འབོད་སྐུལ་ཞུས་ཡོད་ཀྱང་། ད་བར་སུད་སི་གཞུང་གིས་མོས་མཐུན་བྱས་མེད་ཀྱང་། ༢༠༡༤ ལོའི་ལོ་མགོར་སུད་སི་དཔལ་འབྱོར་ལྷན་ཁང་གིས་སུད་སི་གཞུང་དང་དཔྱ་ཁྲལ་གནད་དོན་སྐོར་ལ་རོགས་རམ་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་པའི་རྒྱལ་ཁབ་ཁག་ལ་སུད་སི་གཞུང་གིས་དཔྱ་ཁྲལ་ཀྱི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་ལྟར། ཁ་སང་སུད་སི་གཞུང་གིས་རྒྱ་གར་གཞུང་ལ་སུད་སི་དངུལ་ཁང་ནང་རྒྱ་གར་གྱི་ཁྲིམས་མཐུན་མིན་པའི་བཅོལ་དངུལ་གྱི་གྲངས་འབོར་རྩིས་སྤྲོད་དང་འབྲེལ། རྒྱལ་སྤྱིའི་ཚད་གཞི་དང་མཐུན་པར་ཁྲིམས་མཐུན་མིན་པའི་བཅོལ་དངུལ་དེ་དག་ལ་དཔྱ་ཁྲལ་གྱི་བཅད་ཁྲ་གཏོང་སྟངས་སྐོར་ལ་རོགས་རམ་བྱས་ཏེ་རྒྱ་གར་གྱི་དཀའ་ངལ་སེལ་ཐབས་བྱེད་བཞིན་ཡོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དངུལ་རྩ་ཚོགས་པ་ (Global Financial Integrity) ཞེས་པས་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་། རྒྱལ་ཁབ་གཞན་ནང་རྒྱ་གར་གྱི་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ ( Black Money) ཨ་སྒོར་ཐེར་འབུམ་ ༥༠༠ ནས་ ༡༤༠༠ བར་དང་། སུད་སི་རྒྱལ་ཡོངས་དངུལ་ཁང་ཁག་ ༢༨༣ ནང་སུད་སྒོར་ཐེར་འབུམ་༢།༠༣ བཅས་ཡོད་སྐོར་འཁོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། སུད་སི་གཞུང་གིས་རྒྱ་གར་གཞུང་ལ་སུད་སི་དངུལ་ཁང་ནང་རྒྱ་གར་གྱི་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ག་ཚོད་ཡོད་མེད་རྩིས་སྤྲོད་བྱས་ཡོད་ཀྱང་། མིང་ཐོ་ཁྱབ་བསྒྲགས་བྱས་མེད་སྟབས་རྒྱ་གར་གཞུང་གིས་ཁྲིམས་གཅོད་བྱ་ཐབས་མེད་སྐོར་བརྗོད་འདུག

ད་ལྟ་སུད་སི་རྒྱལ་ཡོངས་དངུལ་ཁང་ནང་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ཁྲིམས་མཐུན་མིན་པའི་བཅོལ་དངུལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༦ ལྷག་ཡོད་འདུག

 གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་པ་རྐང་ཁ་ཤས་ཡོད་པ་ཁྱོད་ཚོའི་གནས་ཡུལ་རྒྱལ་ཁབ་ཁག་ལ་དོན་མེད་སུན་པོ་བཟོ་མི་ཉན་གཟབ་གཟབ་བྱོས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese