མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ཤི་ན་ཕུང་པོ་ཤིན་ཅང་དུ་དུར་འཇུག་བྱེད་རོགས།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༡ པོའི་ནང་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ད་ལྟ་བཀག་ཉར་འོག་ཡོད་པའི་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སློབ་དཔོན་ཆེན་མོ་ཡུ་གུར་བ་ཨེ་ཧམ་ཐོའུ་ཌི་ལགས་སུ། འདས་པའི་ལོ་འགའི་སྔོན་པེ་ཅིན་དུ་གནས་སྡོད་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ཁོང་དང་ཁོང་གི་ཁྱིམ་མིའི་དཀའ་ངལ་ཐད་གླེང་མོལ་གྱི་ཚུལ་དུ་བཅར་འདྲི་བྱས་པ་ཞིག་འདིར་བོད་བསྒྱུར་ཞུས་ཡོད། 

     ཚེ་རིང་འོད་ཟེར་ལགས་ཀྱིས། ངས་ཁྱེད་ལ་མི་སྒེར་དང་འབྲེལ་བའི་གནད་དོན་ཁག་ཅིག་འདྲི་འདོད་ཡོད། ཡུ་གུར་དྲ་བའི་ཐོག་ནས་ཡུ་གུར་བའི་ཁྲོད་ཁྱེད་རང་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡིན་པ་མཐོང་ཐུབ་པ་མ་ཟད། ཡུ་གུར་བ་ཚོས་ཁྱེད་རང་ཡུ་གུར་མི་རིགས་ཀྱི་སྟོབས་ཤུགས་ཤིག་ལ་ངོས་འཛིན་བྱེད་ཀྱི་འདུག ཡིན་ནའང་། ཁྱེད་རང་སྒེར་གྱི་ཁེ་ཕན་གྱི་ཐོག་ནས་བཤད་ན་དར་རྒུད་ཀྱི་གནས་སྟངས་ཆེན་པོ་བྱུང་ཡོད་པ་རེད། འདས་པའི་ལོ་ཤས་སྔོན་ལ་པེ་ཅིན་གྲོང་ཁྱེར་གྱི་ཡུ་གུར་བའི་ཁྲོད་ནས་ཁྱེད་རང་ཆེས་ཕྱུག་ཤོས་སུ་ངོས་འཛིན་བྱས་ཡོད་ཀྱང་། དེང་སྐབས་མི་ཚོས་ཁྱེད་རང་དབུལ་ཤོས་ཡིན་ལུགས་རྗོད་ཀྱི་ཡོད་པ་རེད། མི་སྒེར་ཞིག་ལ་མཚོན་ན་འདི་ནི་དར་རྒུད་ཆེན་པོ་ཞིག་རེད། ད་ལྟ་ཁྱེད་རང་མི་སྒེར་གྱི་དཔལ་འབྱོར་དང་ཆབ་སྲིད། བདེ་འཇཊ་བཅས་ཀྱི་ཐོག་ནས་ཧ་ཅང་ཉེན་ཁའི་གནས་སུ་ལྷུང་ཡོད་པ་དེར་གདོང་ལེན་ག་འདྲ་བྱེད་ཀྱི་ཡོད། དགོངས་ཚུལ་ག་རེ་ཡོད། 

     ཨེ་ཧམ་ཐོའུ་ཌི་ལཊ་ཀྱིས། ངས་གནད་དོན་འདི་དག་ལ་གདོང་གཏོད་དགོས་པ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། རང་ཉིད་བསམ་ཚུལ་དེ་འདྲ་འཛིན་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། ཡིན་ནའང་། དང་ཐོག་རྙོག་དྲ་ཆེན་པོ་འདི་འདྲ་ཞིག་ཡིད་ལ་དྲན་མ་སོང་ཡང་། ང་ལ་བར་ཆད་ཞིག་འབྱུང་རྒྱུ་ཡིན་པ་ཤེས་སོང་། གཅིག་བྱས་ན་ལོ་ ༡༠ དང་ ༢༠ ཡི་ཁྲིམས་ཐག་གཅོད་སྲིད་པ་རེད་བསམ་སོང་། ཡིན་ནའང་། ང་ལ་ཁྲིམས་ཆད་དེ་དང་ལེན་བྱེད་པའི་ནུས་པ་ཡོད་ལ། གྲ་སྒྲིག་ཀྱང་ཡོད། ཡུ་གུར་དྲ་བ་སྒོ་འབྱེད་བྱས་པ་ནས་བཟུང་དཀའ་རྙོག་ལ་གདོང་ལེན་བྱེད་པའི་མགོ་བརྩམས་པ་རེད། འོན་ཀྱང་། སྐབས་དེར་གནད་དོན་ཚབས་ཆེན་ཞིག་ལ་ངོས་འཛིན་བྱས་མེད། ༢༠༠༨ ལོ་ནས་དཀའ་རྙོག་ཆེ་རུ་ཕྱིན་པ་མ་ཟད། ༢༠༠༩ ལོར་ཧ་ཅང་ཚབས་ཆེན་པོ་ཆགས་སོང་། ༢༠༠༩ ལོའི་ཕྱི་ཟླ་ ༧ ཚེས་ ༧ ཉིན་ནས་བཟུང་ཁོ་ཚོས་ང་ལ་སྐྱོན་འཛུགས་བྱས་པ་རེད། ཁོ་ཚོས་སྐྱོན་འཛུགས་བྱས་པ་དེར་རྒྱུ་མཚན་མེད་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་། ངས་ཆེས་སྡུག་ས་ནས་གྲ་སྒྲིག་བྱས་ཡོད། སྲིད་གཞུང་གིས་ང་ལ་གནོན་ཤུགས་དང་དཀའ་ངལ་མང་པོ་བཟོ་བཞིན་ཡོད་པ་མ་ཟད། ངའི་ཁྱིམ་ཚང་དང་ཤིན་ཅང་དུ་ཡོད་པའི་གཉེན་ཉེ། དེ་བཞིན་གྲོགས་པོ་སོགས་གཞན་གྱི་འཚོ་བ་ལའང་གནོད་སྐྱོན་བཟོ་བཞིན་འདུག 

     ཟླ་བ་འདི་ནས་བཟུང་ངེད་ཚང་གི་འཚོ་བ་ཟླ་རེའི་གླ་ཆ་རྒྱ་སྒོར་ ༢༡༠༠ དེ་ལ་བརྟེན་དགོས་ཀྱི་ཡོད་སྟབས། ཁྱིམ་ཚང་གི་འགྲོ་གྲོན་ལ་ཚད་གཞི་བཟོས་ཡོད། དཔེར་ན། གཟའ་འཁོར་འདིའི་ནང་ཤ་སོགས་མེད་པར་སྒོང་ང་གཅིག་པུ་ཟ་བཞིན་ཡོད། ཆེས་མ་མཐའ་ཡང་བྱིས་པ་ལ་སྒོང་ང་བཟའ་རྒྱུ་ཡོད་དགོས་པ་རེད། སྒོང་ང་དང་མཉམ་དུ་འོ་མ་འཐུང་གི་ཡོད་སྟབས། ཤིན་ཅང་གི་ཞིང་བའི་འཚོ་བར་རོལ་གྱི་ཡོད་པའི་ཚོར་བ་ཞིག་ཡོང་གི་འདུག ངས་བལྟས་ན་དེ་ཧ་ཅང་རྒྱུན་ལྡན་རེད། ད་དུང་ང་ཚོར་ཇ་དང་བག་ལེབ་བཟའ་རྒྱུ་ཡོད། མཚམས་རེར་སྲན་མ་དང་པད་ཚལ། ཞོག་ཁོག་གྲང་ཞིབ་སོགས་སྔོ་ཚལ་རིགས་ཀྱང་ཟ་བཞིན་ཡོད། ཡང་སྐབས་རེར་སྒོང་ང་དང་སྔོ་ཚལ་བརྔོས་མ་ཟ་ཡི་ཡོད། ཁ་སང་ངས་ཤ་ཞིག་ཉོས་ཡོད་པས་དེ་རིང་ཤ་འབྲས་བརྔོས་མ་བཟོས་པ་ཡིན། ཡིན་ནའང་། ཟླ་བ་འདིའི་ཆུ་རིན་སྒོར་མོ་ ༥༥༡ དེ་སྤྲད་མེད་སྟབས། ཁ་སང་ཆུང་མས་ང་ལ་དེའི་སྐོར་སྐད་ཆ་དྲིས་སོང་། ངས་ཁྱེད་ཀྱིས་སེམས་ཁུར་བྱེད་མི་དགོས། ཁ་སང་དགོང་མོར་ངས་སྒོར་མོ་ ༡༠༠༠ གཡར་ཡོང་ཡོད་ལབ་པ་ཡིན།

     སྲིད་གཞུང་གི་ཐག་གཅོད་ཐད་ང་རང་གི་སེམས་ལ་གྲ་སྒྲིག་ཡོད། སྲིད་གཞུང་གིས་ངེད་ཚང་གི་དངུལ་ཁང་གི་སྒོར་མོ་བཀག་སྡོམ་བྱས་ཏེ་སྒོར་མོ་ཚང་མ་མེད་སོང་བ་རེད། ད་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཀོའུ་ཨར་བྷང་དུས་ཆེན་ཡིན་སྟབས། ངའི་ཆུང་མ་ཤིན་ཅང་དུ་འགྲོ་འཆར་ཡོད། ཡིན་ནའང་། མོས་སྒོར་མོ་གང་བྱུང་དུ་གཏོར་གི་མ་རེད། ཁ་སང་ད་དུང་ཁོ་མོས་སྒོར་ཁྲི་ ༤ གསོག་ཉར་བྱས་ཡོད་ལུགས་བརྗོད་སོང་། སྤྱིར་བཏང་སྒོར་མོ་དེ་སྔོན་ཆད་ངས་མོ་ལ་སྤྲད་པ་དང་ངའི་ཁྱིམ་ཚང་གིས་ཁོ་མོར་སྤྲད་པ། དེ་བཞིན། ངེད་གཉིས་གཉེན་སྒྲིག་བྱེད་སྐབས་ཁོ་མོའི་ཁྱིམ་ཚང་གིས་སྤྲད་པའི་རྫོངས་སྐལ་སོགས་རེད། ད་ལྟ་ང་ལ་གཡང་ཊི་དང་གཡང་ཊིའི་ལག་གཏུབ། རླངས་འཁོར་བཅས་ཡོད་པས། ཉེ་སྔོན་ནས་རླངས་འཁོར་བཙོང་རྩིས་ཡོད། རླངས་འཁོར་བཙོང་བའི་དངུལ་རྣམས་བུ་མོའི་དངུལ་བྱང་ཐོག་བཞག་སྟེ། མ་འོངས་པར་ཁོ་མོ་སློབ་གྲྭར་འགྲོ་བར་གཏོང་དགོས་བསམ་གྱི་ཡོད། ང་དང་བུ་མོ་གཉིས་ཀྱིས་དེའི་ཐོག་སྐད་ཆ་བཤད་ཚར། ཁོ་མོ་ལོ་ ༡༥ ཙམ་ལས་ཟིན་མེད་ཀྱང་གནད་དོན་མང་པོ་ཞིག་ལ་བསམ་བློ་གཏོང་ཐུབ་ཀྱི་འདུག སྤྱིར་བཏང་གི་བྱིས་པ་དང་བསྡུར་ན་བྱིས་པ་བསམ་ཤེས་ཤིག་ཡིན། ངས་བལྟས་ན་མི་རིགས་ཤིག་གི་གནས་བབ་གླེང་སློང་དང་། ལྷག་པར་དུ་རྒྱལ་ཁབ་འདིའི་ནང་སྨྲ་བརྗོད་རང་དབང་གི་ནག་ཉེས་དང་དྲ་རྒྱ་གཉེར་བའི་ནག་ཉེས། སྐད་ཆ་བདེན་པ་བཤད་པའི་ནག་ཉེས་བཅས་གཡོག་གི་ཡོད་པ་དེ་ཚོ་དང་ལེན་བྱེད་རིན་ཡོད་ལ། རང་ཉིད་ཀྱི་གཟི་བརྗིད་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དངོས་གནས་ཉིན་ཞིག་གནད་དོན་ཞིག་བྱུང་བ་ཡིན་ན། ངས་སྔོན་ཆད་བཤད་པ་ལྟར་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་གིས་རང་དབང་ལ་འབོད་སྐུལ་བྱེད་རྒྱུ་ཡིན། དེ་ནི་དགའ་སྤོབས་སྐྱེལ་འོས་པའི་གནས་ཚུལ་ཞིག་ལས་སེམས་ཁུར་བྱེད་དགོས་པ་ཞིག་གཏན་ནས་མ་རེད། ཡིན་ནའང་། གནད་དོན་དེ་གོ་ཐོས་བྱུང་མ་ཐག་སེམས་འཚབ་ཡོང་སྲིད་ཀྱང་། སེམས་འཚབ་དེ་སྐར་མ་ཁ་ཤས་དང་རིང་ན་ཆུ་ཚོད་ཁ་ཤས་ཀྱི་ཚོར་བ་ཙམ་རེད། ང་རང་ལའང་དང་ཐོག་སེམས་འཚབ་སྐྱེས་མྱོངས། འོན་ཀྱང་། བསམ་བློ་ཞིབ་ཀྱིས་བཏང་ན། ངའི་མི་ཚེ་འདིའི་རྒྱུ་ནོར་གཅིག་པུ་ཨ་མ་དང་བྱིས་པ་གཉིས་རེད། མ་འོངས་པར་ང་ལ་སྲོག་ཁྲིམས་བཅད་པ་ཡིན་ནའང་སེམས་ལ་གྲ་སྒྲིག་ཡོད། དེ་ཕལ་ཆེར་ངས་སོ་སོའི་མི་རིགས་ལ་ཕུལ་བའི་རིན་དོད་ཅིག་ཡིན་ཆོག ང་ཨེ་ཧམ་ཐོའུ་ཌི་ལ་སྲོག་ཁྲིམས་བཅད་པ་ཡིན་ན། མ་འོངས་པར་ང་ཚོའི་མི་རིགས་ཀྱི་གནས་བབ་ལ་དོ་སྣང་བྱེད་མཁན་དང་བསམ་བློ་གཏོང་མཁན་མང་དུ་འགྲོ་བར་ཕན་ཐོགས་ཡོད་སྲིད་པ་རེད། ང་ཚོ་ཡུ་གུར་མི་རིགས་དང་རྒྱ་རིགས། ཕྱི་རྒྱལ་ཁག་ཏུ་ཡོད་པའི་མི་རིགས་གཞན་གྱིས་ཀྱང་ང་ངོ་ཤེས་ཤིང་ངའི་བསམ་ཚུལ་རྟོགས་ཐུབ་པར་ཕན་ཐོགས་ཡོང་སྲིད་པ་རེད། ངས་ཧུར་ཐག་གིས་སོ་སོའི་མི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་དང་གནས་བབ་གླེང་སློང་བྱེད་ཀྱི་ཡོད། ང་ཚོས་བྱ་བ་ལེགས་པོ་འགྲུབ་ཀྱི་མེད་ཀྱང་དྲག་སྤྱོད་དང་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་བྱས་མེད། 

      ཉིན་ཞིག་ང་མེད་སོང་བ་ཡིན་ནའང་། ཡུ་གུར་དྲ་བ་སྔར་ལས་ཡག་པོ་ཡོང་གི་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ང་ལ་ཁྱེད་རང་ལྟ་བུའི་གྲོགས་པོ་མང་པོ་ཡོད་པས་ང་ཁྱེད་ཚོའི་རྣམ་དཔྱོད་ལ་ཡིད་ཆེས་ཡོད། མི་ཁ་ཤས་ཀྱིས་ང་ཡུ་གུར་མི་རིགས་ཀྱི་སྟོབས་ཤུགས་ཡིན་ལུགས་རྗོད་ཀྱི་ཡོད་ཀྱང་། ང་ལ་དེ་འདྲའི་ནུས་འཇོན་མེད། འོན་ཀྱང་། ངས་ཡུ་གུར་བའི་རྣམ་དཔྱོད་དེ་ང་རང་གི་ཐོག་ནས་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ། མ་འོངས་པར་ང་ཙམ་མིན་པར་མི་མང་པོའི་ཐོག་ནས་མངོན་འགྱུར་ཐུབ་པའི་རེ་བ་རྒྱག་གི་ཡོད། སོ་སོའི་མི་རིགས་ལ་ནུས་པ་འདོན་ཐུབ་པའི་མི་ཞིག་ཡོང་བར་ངས་གང་ཐུབ་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད་ལ། གལ་སྲིད་ངས་དངོས་གནས་བསྒྲུབ་ཐུབ་པ་ཡིན་ན་དགའ་སྤོབས་ཆེན་པོ་སྐྱེས་འོས་བ་ཞིག་རེད། དེ་བཞིན། ངས་རང་གི་མི་ཚེའི་ནང་ཡུ་གུར་བས་ཞི་བའི་ཐོག་ནས་རང་ཉིད་ཀྱི་ཁེ་ཕན་རྩོད་ལེན་བྱེད་པའི་ཐབས་ལམ་ཞིག་གསར་གཏོད་བྱ་ཐུབ་པ་མ་ཟད། ཐབས་ལམ་དེར་མི་མང་གི་ངོས་འཛིན་འཐོབ་པ་ཡིན་ན། ང་ཤི་སོང་ནའང་བདེ་སྐྱིད་ཅིག་ཏུ་ཚོར་གྱི་འདུག ང་དྲག་སྤྱོད་ལ་དགའ་བོ་མེད་ལ། ནམ་ཡང་དྲག་སྤྱོད་ཀྱི་ལས་ཀ་བྱེད་ཀྱི་མིན། ངས་ཧན་མི་རིགས་ང་ཚོའི་དགྲ་བོ་ཡིན་ཁྱོན་ནས་བསམ་གྱི་མེད། མི་རིགས་གཉིས་བར་ཡང་བསྐྱར་ཞེ་འཁོན་དང་དམར་གསོད་ཀྱི་དོན་རྐྱེན། ཐ་ན་མི་རིགས་སྡེབ་གསོད་ཀྱི་དོན་རྐྱེན་ཞིག་བྱུང་བ་ཡིན་ནའང་ངས་ཧན་མི་རིགས་དང་གྲོགས་པོ་བསྒྲིག་དགོས་པ་ལས་དགྲ་བོ་མིན་ཞེས་བརྗོད་རྒྱུ་ཡིན། འོན་ཀྱང་། རྒྱལ་ཁབ་འདིའི་ནང་གནད་དོན་ག་རེ་ཡིན་ནའང་འབྱུང་སྲིད་སྟབས་དུས་རྟག་ཏུ་གྲ་སྒྲིག་དགོས་ཀྱི་འདུག ནམ་ཡིན་ཡང་རང་ཉིད་དང་རང་གི་ཁྱིམ་ཚང་ལ་བསམ་ཡུལ་ལས་འདས་པའི་གནད་དོན་ཡ་ང་བ་འབྱུང་བའི་ཉེན་ཁ་ཡོད་པ་རེད། 

      སྲིད་གཞུང་གིས་ངས་ཉལ་ཐ་དང་མཚོན་ཆ་འཚོང་གི་ཡོད་པའི་ཉེས་མིང་གཡོག་པ་མ་ཟད། དྲག་སྤྱོད་པ་རྩ་འཛུགས་དང་ཤར་ཏིར་ཀི་སི་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པ། བྷེན་ལཱ་ཌིན་གྱི་འཇབ་རྒོལ་སྦྱོང་བརྡར་ཐོབ་ཡོད་སྐོར་དང་། ད་དུང་ཁོ་ཨ་རིའི་གསང་ཉུལ་བ་རེད། ཁོ་རེ་བྷི་ཡཱ་ཁཱ་ཌར་གྱི་མི་རེད། ཁོ་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་ཚོགས་མི་རེད་ཟེར་བ་སོགས་ཀྱི་ཉེས་མིང་གཡོག་གིན་ཡོད་པ་རེད། ཡིན་ནའང་། ངས་དེ་ཚོ་གཅིག་ཀྱང་ཤེས་ཀྱི་མེད་ལ། ནམ་རྒྱུན་འཚོ་བའི་ཁྲོད་གནད་དོན་མང་པོ་ཞིག་ལ་སྤོབས་པ་ཆེན་པོས་གདོང་གཏོད་རྒྱུ་རེད། ངའི་རེ་བ་ཆེ་ཤོས་གཅིག་ནི་མ་འོངས་པར་ཁྲིམས་ལུཊ་གཞིར་བཟུང་གིས་ཐག་གཅོད་ཅིག་བྱེད་ཐུབ་རྒྱུ་དང་། ང་རང་རྐྱེན་བྱས་ཏེ་མ་འོངས་པར་ཧན་དང་ཡུ་གུར་མི་རིགས་བར་འཁོན་སེམས་མི་ཡོང་རྒྱུ་ངའི་རེ་བ་གཉིས་པ་དེ་ཡིན། དུས་སྐབས་དེ་བསླེབ་ན། ངས་ཡུ་གུར་བ་དང་ཧན་མི་རིགས་ཀྱི་རང་རྟོགས་ཀྱི་འབོད་སྒྲ་ཐོས་ཐུབ་པའི་རེ་བ་རྒྱག་གིན་ཡོད། འདི་ནི་ངས་ཧན་དང་ང་ཚོ་ཡུ་གུར་མི་རིགས་གཉིས་ལ་བཞག་པའི་རེ་བ་ཡིན། རེ་བ་གསུམ་པ་ནི་གལ་སྲིད་ང་ཤི་སོང་ན་ངའི་ཕུང་པོ་ཡུ་གུར་མི་རིགས་ཀྱི་ཕ་ས་ཤིན་ཅང་དུ་དུར་འཇུག་བྱེད་རོགས། ཤིན་ཅང་གི་གངས་རི་དང་བྱེ་ཐང། དེ་བཞིན་ལམ་འགྲམ་སོགས་གང་ཞིག་ཡིན་ནའང་ཆོག གང་ལྟར་ངའི་ཕུང་པོ་ཤིན་ཅང་དུ་སྐྱེལ་ཐུབ་ན་འགྲིག་སོང་། 

       ངས་ཆེས་སེམས་ཁྲལ་བྱེད་ས་དེ་བྱིས་པ་གཉིས་ཡིན། མ་འོངས་པར་སྔར་ལས་གནོད་འཚེ་མང་པོ་ཐེབས་རྒྱུར་སྐྲག་གི་འདུག བྱིས་པ་ལ་གནོད་འཚེ་མང་པོ་ཐེབས་ཟིན་པ་རེད། ད་ལྟ་ངའི་བུ་མོ་ཟུར་ཞུགས་ཀྱི་ངོ་བོའི་ཐོག་ནས་སློབ་གྲྭར་འགྲོ་བཞིན་ཡོད། མ་འོངས་པར་ཟུར་ཞུགས་ཀྱང་བྱེད་དུ་མ་བཅུག་ཚེ་ཅི་བྱ་གཏོལ་མེད་དུ་གྱུར་བ་རེད། སྤྱིར་བཏང་ངའི་བུ་མོ་བྱིས་པ་གཞན་དང་གཏན་ནས་མི་འདྲ། ཁོ་མོར་ངའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། ང་ཁོ་མོའི་རྣམ་དཔྱོད་ལ་ཡིད་ཆེས་ཡོད། མ་འོངས་པར་ཁོ་མོ་ཀུན་སྤྱོད་ལྡན་པ་དང་སོ་སོའི་མི་རིགས་ལ་ཤ་ཞེན་ཡོད་པ། མི་ཚང་མར་བརྩེ་བ་ལྡན་པའི་བུད་མེད་ཅིག་ཡོང་རྒྱུ་ཡིན་པར་ཡིད་ཆེས་ཡོད། ཡིན་ནའང་། ཁོ་མོར་གནོད་འཚེ་ཐེབས་པར་སེམས་ཁུར་ཡོང་གི་འདུག དེ་ནས་སེམས་ཁུར་གཞན་ཞིག་ངའི་ཆུང་མར་མངལ་སྦྲུམ་ཡོད་པ་མ་ཟད། ད་ལྟ་ཁོ་མོར་བྱ་བའང་ཡོད་པ་མ་རེད། མ་འོངས་པར་ཁོ་མོ་ཤིན་ཅང་དུ་ལོག་པ་ཡིན་ནའང་ལས་ཀ་མེད་ལ། ངའི་ཨ་མའང་ལོ་ཆེན་པོ་ཡིན་སྟབས། བྱིས་པ་གཉིས་ཀྱི་མ་འོངས་པར་སེམས་ཁུར་ཡོང་གི་འདུག གང་ལྟར་མི་འདོད་བཞིན་དུ་ཡིད་སྐྱོ་བའི་གནས་ཚུལ་དེ་ཚོར་གདོང་གཏོད་རྒྱུ་མ་གཏོགས་བྱེད་ཐབས་གཞན་མི་འདུག 

       དེང་སང་གནས་ཚུལ་སྣ་ཚོཊ་ཐོས་བ་དང་ང་ལ་ཚོར་སྣང་ཡང་སྣ་ཚོཊ་ཡོང་གི་འདུག ཡིན་ནའང་། ངས་ད་དུང་གནས་ཚུལ་དེ་ཚོར་ཡིད་ཆེས་བྱེད་ཀྱི་མེད། རྒྱལ་ཁབ་འདིས་ཅིའི་ཕྱིར་ནག་ཉེས་གང་མང་མེད་པའི་ང་ལ་འདི་ལྟར་བྱེད་དགོས་པ་རེད། དངོས་གནས་མཚམས་རེར་དོགས་པ་ཡོང་གི་འདུག གང་ལྟར་ང་མུ་མཐུད་གསོན་ནས་སྡོད་རྒྱུར་བློ་ཐག་བཅད་ཡོད། གསོན་ནས་བསྡད་ན་ད་གཟོད་སོ་སོའི་མི་རིཊ་ཀྱི་ཆེད་དུ་ལས་ཀ་བྱེད་ཐུབ་སྟབས་བཟོད་སྒོམ་བྱས་ནས་བསྡད་ཡོད། ད་སྐབས་གནས་ཚུལ་ག་རེ་ཡིན་ནའང་འབྱུང་སྲིད་ཀྱང་། མཚམས་རེར་ག་ཚོད་ཀྱིས་ཁྲེལ་མེད་ཅིག་ཡིན་ནའང་འདི་ལས་ལྷག་གི་དཀའ་ངལ་ཞིག་བཟོ་སྲིད་ཀྱི་མ་རེད་བསམ་གྱི་འདུག ཡིན་ནའང་། མི་ཚོས་ང་ལ་དེ་སྟོང་བསམ་རེད་ཟེར། གང་ལྟར་སྲིད་གཞུང་གི་གནས་ཚུལ་ཁ་ཤས་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་ཚོར་སྣང་འདུག

བོད་སྒྱུར་བ། པདྨ་མཚོ།

མཆན། 3

  1. གནས་ཚང་། says:
    ལོ་ 9 སྔོན།

    ངོ་མ་རླབས་ཆེན་གྱི་མི་སྣ་རེད། བོད་ནང་ཡང་མི་སྣ་འདི་འདྲ་ རིགས་གཉིས་ཡོད།
    ༡ སྐུ་ཞབས་ཞོགས་དུང་གིས་མཚོན་པའི་བསམ་བློའི་འཐབ་རྩོད་པའི་རིགས་རེད།
    ༢ མེར་བསྲེག་ངོ་རྒོལ་གནང་མཁན་དག་གིས་མཚོན་པའི་ལས་འགུལ་འཐབ་རྩོད་པའི་སྐོར་རེད།

    ང་ཚོས་མི་སྣ་འདི་དག་ལ་གུས་བརྩི་དང་ཡི་རངས་གནང་འོས་པར་མ་ཟད། ནམ་ཡང་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་གནང་དགོས།

    Reply
  2. གླང་དར་མ། says:
    ལོ་ 9 སྔོན།

    བོད་པ་ཚོར་རེ་བ་གང་ཡང་མཐོང་མ་སོང་དེ་ཡི་གུར་གྱི་དཔའ་རྒོལ་འདི་དག་གིས་རྒྱ་ནག་ཁ་གཏོར་ཡི་གཏོར་དུ་གཏོང་སྲིད་པ་རེད། ཁ་སང་དེ་རིང་རྒྱ་ནག་གིས་ཆེས་དམ་དྲག་དང་ཆེས་འཇིགས་སྐུལ། ཆེས་ཞེད་སྣང་བྱེད་ས་དེ་ཞིན་ཅིང་ཆགས་བསྡད་འདུག བོད་པ་ཆབ་སྲིད་པ་དང་ལས་འགུལ་བ་ཚོས་བོད་པ་ནང་ཁུལ་ལ་ཟུར་ཟ་ཕྲག་དོགས་དང་ཁ་སྙན་པོ་གཏམ་རྫིག་པོ་ཤོད་འདུག་པ་ལས་རྒྱ་ནག་ལ་ཕར་ཁ་འཁོར་ནས་ཅི་གང་བྱས་མྱོང་ཡོད་པ་མ་རེད་ལ་མ་འོངས་པར་ཡང་བྱེད་པར་རེ་བ་གང་ཡང་རྒྱག་རྒྱུ་མེད་པ་སེམས་ཐག་རེད།

    Reply
  3. འཇམ་བཟང་། says:
    ལོ་ 9 སྔོན།

    བཀྲིན་ཆེ་ཡག་པོ་བསྒྱུར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist