མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་ཆོས་ལ་འདུ་ཤེས་འཛིན་སྟངས།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ནང་ཆོས་དེ་ཆོས་ལུགས་ཀྱི་འདུ་ཤེས་ཐོག་ནས་སྦྱོང་རྒྱུ་མ་ཡིན་པར་ཤེས་ཡོན་གྱི་འདུ་ཤེས་ཐོག་ནས་སྦྱོང་དགོས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༣༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་དྷ་སྟེང་བོད་ཁྱིམ་དུ་༧གོང་ས་མཆོག་གིས་བོད་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་སོང་། ད་ལོ་ནི་༧གོང་ས་མཆོག་གིས་བོད་ཕྲུག་ཚོར་ནང་ཆོས་འཛིན་གྲྭ་ཚོགས་ཐེངས་བདུན་པ་དེ་རེད། བཙན་བྱོལ་ནང་གི་བུ་ཕྲུག་འདི་དག་ཅི་འདྲའི་བསོད་བདེ་ཆེན་པོ་ཅན་རྐྱང་རེད། བོད་བརྒྱུད་ནང་བསྟན་ཀྱི་ཆེས་མཐོའི་དབུ་ཁྲིད་ཅིག་གི་ཞལ་དྲོན་མོ་ནས་ཟབ་ཅིང་རྒྱ་ཆེ་བའི་ནང་ཆོས་སློབ་ཁྲིད་འཐོབ་བཞིན་ཡོད། བོད་ནང་གི་སློབ་ཕྲུག་ཚོར་༧གོང་ས་མཆོག་གི་ནང་ཆོས་སློབ་ཁྲིད་ཕར་ཞོག ཁོང་གི་གསུང་སྐད་ཐོས་རྒྱུ་དང་སྐུ་པར་མཇལ་རྒྱུའི་སྐལ་བའང་བློ་ཁོག་ཅིག་དང་བློས་གཏོང་ཞིག་ལ་བརྟེན་དགོས། ཐ་ན་བོད་ཡིག་བོད་སྐད་ཀྱི་སློབ་དེབ་སློབ་ཐུན་དེ་དག་ཀྱང་རང་གི་ཚེ་སྲོག་གིས་སྲུང་སྐྱོབ་བྱེད་དགོས།

སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་ནང་ཆོས་སློབ་སྦྱོང་བྱེད་དགོས་པ་དང་། ལྷག་པར་དུ་བོད་རིགས་གཞོན་སྐྱེས་ཚོས་ནང་ཆོས་ལ་དོ་སྣང་ཆེ་ཙམ་བྱེད་དགོས་པ་༧གོང་ས་མཆོག་གིས་ཡུན་རིང་སྙིང་དུ་བརྣག་པའི་འདོད་དོན་གཅིག་རེད། ད་ལོ་སླར་ཡང་སློབ་ཕྲུག་ཚོར། ང་ལ་མཚོན་ན་ལོ་བརྒྱད་ཅུའི་སྒང་ལ་འགྲོ་བསྡད་ཡོད། ཁྱེད་ཅག་གིས་ནང་ཆོས་སློབ་གཉེར་ཐོག་འབད་པ་བྱས་ཏེ་མི་རབས་རྗེས་མ་ཚོར་བོད་པའི་རིག་གཞུང་བརྒྱུད་སྤྲོད་བྱེད་དགོས། དུས་རབས་ཉེར་གཅིག་པ་འདིར་སངས་རྒྱས་བསྟན་པ་གནས་ཐུབ་དང་མི་ཐུབ་ཁྱེད་རང་ཚོར་ཐུག་ཡོད། དེ་དོན་དག་ཆུང་ཆུང་ཞིག་མ་རེད། ཅེས་གྲྭ་ས་ཁག་གི་བན་ཕྲུག་དང་སློབ་གྲྭ་ཁག་གི་སློབ་ཕྲུག་ཐུན་མོང་ལ་ལྕིད་ཏིག་ཏིག་གི་བཀའ་སློབ་གནང་སྟེ། གཡོལ་ཐབས་མེད་པའི་འགན་འཁྲི་བསྐྱོན་ཡོད།

༧གོང་ས་མཆོག་གིས་དུས་རྒྱུན་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ། ནང་པའི་ཆོས་ལུགས་བཅས་རིགས་གསུམ་དུ་བཀར་ནས་གསུང་གི་ཡོད་པ་དེ་ཡང་ཐོག་མ་དྷ་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་ལས་རིམ་འདི་ཐེངས་དང་པོ་དབུ་འཛུགས་སྐབས་དྷ་སྟེང་བོད་ཁྱིམ་དུ་གསུངས་པ་འདྲ། གསུང་སྟངས་འདི་༧གོང་ས་མཆོག་ལ་གཞན་དྲིང་མི་འཇོག་པའི་རླབས་ཆེན་གྱི་ཕྱག་རྗེས་མང་དག་ཅིག་ཡོད་པའི་ཁྲོད་ཀྱི་གཅིག་རེད་ལ། འཛམ་གླིང་གི་མཐོ་ཚད་དྲག་ཚད་ཚང་མས་ངོ་མཚར་བྱེད་ཡུལ་གཅིག་ཀྱང་འདི་ཡིན། སློབ་ཕྲུག་ཁྱེད་ཅག་གི་དྲན་ངོས་ན་༧གོང་ས་མཆོག་གི་བཀའ་གསུང་དེ་དག་གི་འབྲུ་དོན་ག་ཚོད་ཅིག་ལྷག་ཡོད་དམ། ཁྱེད་ཅག་གི་གཤིས་རྒྱུད་དུ་ནང་པའི་ལྟ་སྒོམ་སྤྱོད་གསུམ་གྱི་བག་ཆགས་ཅི་ཙམ་འགོས་ཡོད་དམ།

ལས་འགན་འདི་སློབ་ཕྲུག་གཅིག་པུར་ཁ་གཡར་ཁག་འགེལ་བྱེད་སྲོལ་གང་ན་ཡོད། ལོ་རེ་རེའི་༧གོང་ས་མཆོག་གི་ནང་ཆོས་ངོ་སྤྲོད་དང་། སློབ་གྲྭ་སློབ་ཕྲུག་སོགས་དང་འབྲེལ་བའི་མཛད་སྒོ་རིགས་ཀྱི་སྟེང་ཆོས་ཕྱོགས་ཀྱི་དབུ་ཁྲིད་རེ་ཕེབས་སྐབས། འཆར་ཅན་ལྟ་བུར་སློབ་ཕྲུག་ཚོར་རྟགས་གསལ་གཏོང་བའི་ལས་རིམ་རེ་གོ་སྒྲིག་བྱེད་ཀྱིན་ཡོད། རྒད་པོ་རྒན་མོ་འགའ་རེ་དང་། ཡང་ན་སློབ་ཕྲུག་རེ་གཉིས་ལ་རྟགས་གསལ་གཏོང་རྒྱུ་དང་ལན་འདེབས་རྩ་ཚིག་འགའ་རེ་བློ་འཛིན་བྱེད་དུ་བཅུག་སྟེ། མཛད་སྒོ་ནམ་ཡོད་ལ་གླུ་གར་བཞིན་ངག་སྐྱོར་གཏོང་གི་འཇུག་ཅིང་། མཛད་སྒོ་གྲོལ་བ་དང་གླུ་གར་འཁྲབ་སྟོན་གྲོལ་བ་ལྟར། སློབ་ཕྲུག་ཚོར་དོ་སྣང་མེད་ལ་སློབ་གྲྭའི་འཛིན་སྐྱོང་དང་ཆོས་དགེ་ཚོས་ཀྱང་ཆོ་ག་ཕྱག་ལེན་ཞིག་གི་ཟོལ་དུ་བཞག་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese