མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་འཁྲུག་ཁྲོད་ཀྱི་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་ཚོགས་པ་དང་ལྟ་གྲུབ་མང་བའི་ལེ་བྷེ་ཡའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་དེ་གཟའ་ལྷག་པའི་ཉིན་མགོ་འཛུགས་བྱས་ཡོད།

ཟླ་འདིའི་ཚེས་ ༢༥ ཉིན་ལེ་བྷེ་ཡའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་བྱས་ཡོད་ཅིང་། ཐེངས་འདིའི་འོས་བསྡུའི་ཁྲོད་གྲོས་ཚོགས་འཐུས་མི་ ༢༠༠ ཙམ་འོས་འདེམས་བྱ་རྒྱུ་ཡིན་པ་དང་། དེ་དག་ནི་ཆབ་སྲིད་ཚོགས་པ་ ༢༥ ཡིས་ས་གནས་ཁག་ནས་འཐུས་མི་འོས་འདེམས་དང༌། འཐུས་མི་ ༣༢ རྩ་ཁྲིམས་ཀྱི་དགོངས་དོན་ལྟར་བུད་མེད་ཀྱི་འཐུས་མི་བསྐོ་བཞག་བྱ་རྒྱུ་ཡིན་འདུག འདི་ནི་གྷ་ཌ་ཧྥི་ (Muammar Gaddafi) ཡི་མི་གཅིག་སྲིད་དབང་རིང་ལུགས་མགོ་རྟིང་བསློགས་རྗེས་རྒྱལ་ཡོངས་འོས་བསྡུ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

ལེ་བྷེ་ཡའི་རྒྱལ་ཡོངས་སུ་མི་འབོར་ས་ཡ་ ༦།༤ ལྷག་དང་ཆབ་སྲིད་ཚོགས་པ་ ༢༥། འོས་བསྡུའི་ས་ཚིགས་ ༡༦༠༡ ཙམ་ཡོད་ཅིང་། གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་ཡོད་པའི་མ་ས་ཡ་ ༢།༨ ཙམ་ཡོད་པ་ལས་ཐེངས་འདིར་དངོས་སུ་དེབ་སྐྱེལ་བྱས་ཡོད་པ་ས་ཡ་ ༡།༥ ཙམ་བྱུང་ཡོད་ཀྱང་། དངོས་སུ་འོས་ཤོག་ལྡུག་མཁན་དྲུག་འབུམ་སུམ་ཁྲི་ ༦༣༠༠༠༠ ལས་བྱུང་མི་འདུག དེ་དག་ཁྲོད་བརྒྱ་ཆ་ ༤༦ ཙམ་གཞོན་སྐྱེས་ལོ་ ༡༨ ནས་ ༤༨ བར་ཆགས་ཡོད་པ་དང་། བུད་མེད་ ༦༥༢༤༩ བཅས་ཀྱིས་ཆ་ཤས་བླངས་ཡོད་ཀྱང་། ༢༠༡༢ ལོའི་རྒྱལ་ཡོངས་འོས་བསྡུ་དང་བསྡུར་ན་འདི་ལོ་འོས་ཤོག་ལྡུག་མཁན་ས་ཡ་གཅིག་དང་སུམ་ཁྲི་བརྒྱད་སྟོང་ལྷག་ཉུང་དུ་ཕྱིན་ཡོད་འདུག

འོས་བསྡུའི་སྐབས་གཞུང་དམག་དང་གྱེན་ལོག་ཤོག་ཁག་བར་འཐབ་འཁྲུག་བྱུང་སྟེ་མི་མང་པོ་ཤི་རྨས་ཐེབས་ཡོད་འདུག གཞུང་གིས་དམག་མི་ ༣༡༦༨༧ དང་། ཉེན་རྟོག་པ་ ༤༡༢༣༦ ། དྲག་ཆས་ཉེན་རྟོག་པ་ ༡༢༤༥༦ ། རྒྱལ་སྲུང་རྟོག་ཞིབ་པ་ ༡༦༤། འབར་རྫས་རིགས་ཀྱི་ཉེན་འགོག་མི་སྣ་ ༣༦༥། དེ་བཞིན་འཕྲལ་སེལ་ལྟ་སྲུང་མི་སྣ་ ༤༥༨༩ བཅས་ཆེད་གཏོང་གིས་འོས་བསྡུའི་ས་ཚིགས་ ༡༦༠༡ ནང་ལྟ་སྲུང་བྱེད་བཅུག་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་མིའི་རྒྱལ་ཁབ་ཁག་གིས་ལི་བྷེ་ཡའི་འོས་བསྡུ་ལ་མི་རྒྱུ་གཉིས་ཀྱི་རོགས་རམ་ཤུགས་ཆེན་བྱས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དྷེ་རེག་(Derek Plumbly) གཙོས། ཐེངས་འདིའི་འོས་བསྡུར་རྒྱལ་སྤྱིའི་སྒྲིག་འཛུགས་འདྲ་མིན་གྱི་རྟོག་ཞིབ་མི་སྣ་དང་གསར་འགོད་པ་ ༣༦༥ ཙམ་གྱིས་རྟོག་ཞིབ་བྱས་ཡོད་འདུག

ལི་བྷེ་ཡ་འོས་བསྡུ་ལྷན་ཁང་གིས། “ཐེངས་འདིའི་འོས་བསྡུའི་སྐབས་མང་ཚོགས་ས་ཡ་གཅིག་དང་ཕྱེད་ལྷག་གིས་འོས་བསྡུའི་དེབ་སྐྱེལ་བྱས་ཡོད་ཀྱང་། དམག་མིའི་གྱེན་ལོག་ཤོག་ཁག་གིས་འོས་བསྡུའི་སྐབས་གློ་བུར་འཇབ་རྒོལ་འདྲ་མིན་བྱས་ཏེ་མང་ཚོགས་མང་པོ་ཞིག་གིས་འོས་བསྡུའི་ཆ་ཤས་ལེན་ཐུབ་མི་འདུག” ཅེས་བརྗོད་འདུག

༡༩༤༧ ལོར་ལི་ཌ་ལི་གཞུང་གིས་ཨི་ཌ་ལིའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་ཞི་བའི་གྲོས་མཐུན་བཞག་སྟེ། ལི་བྷེ་ཡར་རང་དབང་རང་བཙན་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་རྗེས། ༡༩༥༡ ལོའི་ཟླ་ ༡༢ པའི་ཚེས་ ༢༤ ཉིན་ལི་བྷེ་ཡའི་རྒྱལ་པོ་ཌི་རི་སེ་ ( Idris )་ལ་རྒྱལ་ཁབ་རྩིས་སྤྲོད་བྱས་པ་ལྟར། ཁོང་གིས་རྒྱལ་ཁབ་གསར་འཛུགས་དང་འབྲེལ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་ཀྱང་། རྒྱལ་ཁབ་ཀྱི་རྡོ་སྣུམ་གཙོས་པའི་རང་འབྱུང་ཐོན་ཁུངས་མང་པོ་ཞིག་ཁོང་གིས་བདག་བཟུང་བྱས་ཡོད་སྟབས། ༡༩༦༩ ལོའི་ཟླ་ ༩ པའི་ཚེས་ ༡ ཉིན་གྷ་ཐཱ་ཧྥི་ (Muammar Gaddafi) ཡིས་རྒྱལ་པོའི་སྲིད་དབང་འཕྲོག་པ་དང་། བདུན་ཅུ་དོན་གྲངས་ནང་གྷ་ཐཱ་ཧྥིས་ཨི་ཇིབ་དང་ཆ་ཌི་ ( Chad)། ཀྲན་ཛ་ནཱི་ཡ་བཅས་དང་དམག་འཐབ་བྱས་པ་ཙམ་མ་ཟད། རྡུལ་ཕྲན་མཚོན་ཆ་དང་གོ་མཚོན་མང་པོ་ཉོས་ཏེ་མངའ་ཁུལ་གྱི་འཇབ་དམག་དང་དྲག་སྤྱོད་ཤོག་ཁག་ཚོར་རྒྱབ་རོགས་བྱས་ཤིང་ཡུལ་བདེ་ཞི་འཇགས་མེད་པ་བཟོས་པ་དང་། ༡༩༧༩ ལོར་ལི་བྷེ་ཡ་རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་རིང་ལུགས་ཀྱི་སྲིད་གཞུང་ཞེས་པ་ཞིག་གསར་འཛུགས་དང་འབྲེལ་དབང་ཆ་ཡོངས་རྫོགས་སྤྱི་མང་བདེ་དོན་ལྷན་ཚོགས་ལ་རྩིས་སྤྲོད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་འཛུགས་སྐྲུན་ཆེད་ཧུར་སྐྱེད་འབད་བརྩོན་བྱས་སྟབས། ལི་བྷེ་ཡ་ཆབ་འབངས་ཀྱི་ལོ་རེའི་ཡོང་འབབ་ཨ་སྒོར་ཁྲི་གཅིག་ལ་འཕར་ཏེ། ཨ་ཧྥི་རི་ཁའི་ཡུལ་གྲུ་ཁག་ནས་ལོ་རེའི་ཡོང་འབབ་མང་ཤོས་ཀྱི་རྒྱལ་ཁབ་ཨང་ ༥ པ་དང་། ཤེས་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་ཡོད་པ་མ་ཟད། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ནས་བུ་ལོན་གཅིག་ཀྱང་ལེན་མི་དགོས་པའི་ཡུལ་གྲུ་ཞིག་ཏུ་འགྱུར་ཡོད་འདུག

༢༠༠༨ ལོར་གྷ་ཌ་ཧྥི་ཨ་ཧྥི་རི་ཁའི་གླིང་ཆེན་གྱི་རྒྱལ་པོའི་རྒྱལ་པོ་ (King of Kings of Africa) ཞེས་པའི་མཚན་སྙན་ཐོབ་རྗེས། ཁོས་ཨ་ཧྥི་རི་ཁའི་ནང་ཨ་ཧྥི་རི་ཁའི་གཅིག་སྡུད་རྒྱལ་ཡོངས་སྲིད་གཞུང་ (United States of Africa) ཞེས་པ་ཞིག་གསར་འཛུགས་བྱ་ཐབས་ཀྱི་ལས་འགུལ་སྤེལ་བ་དང་། ༢༠༡༠ ལོར་ཨ་ཧྥི་རི་ཁའི་མཐུན་ཚོགས་ཀྱི་མགོ་ཁྲིད་ཆགས་རྒྱུར་ཆབ་སྲིད་འཁྲབ་པ་མ་ཟད། ཁོར་གྱེན་ལོག་བྱེད་མཁན་གྱི་མང་ཚོགས་ ༣༥༠༠༠ ལྷག་དམར་གསོད་བཏང་བ་དང་། ༢༠༡༡ ལོར་ཨི་རབ་ཀྱི་དཔྱིད་དུས་གསར་བརྗེ་ལངས་ཏེ་ཨི་ཇིབ་དང་ཊུའུ་ནི་ཤི་ཡའི་སྲིད་དབང་མགོ་རྟིང་བསློགས་རྗེས། ༢༠༡༡ ལོའི་ཟླ་ ༢ པའི་ཚེས་ ༡༧ ཉིན་ལི་བྷེ་ཡའི་ནང་གྱེན་ལངས་བྱུང་སྟེ་གྷ་ཌ་ཧྥི་སྲིད་གཞུང་ཕམ་ཉེས་བཏང་ཡོད་ཀྱང་། གྷ་ཌ་ཧྥི་ཤོག་ཁག་དང་མང་ཚོགས་བར་ནང་འཁྲུག་བསྟུད་མར་བརྒྱབ་སྟེ་ཕན་ཚུན་ཤི་རྨས་དུ་མ་བྱུང་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་མའི་རྒྱལ་ཁབ་བཅུ་ཡིས་ ༡༩༧༣ ལོའི་གྲོས་ཆོད་ལག་བསྟར་དང་འབྲེལ། གྷ་ཌ་ཧྥི་ཤོག་ཁག་ལ་དམག་འཐབ་བྱ་རྒྱུའི་ཐག་གཅོད་བྱས་པ་ལྟར། ནུབ་ཕྱོགས་དམག་ཁུལ་ཁང་ ( NATO) གི་དམག་མི་ ༡༢༠༠༠ དང་ཨ་རིའི་དམག་མི་ ༨༠༠༠ ཙམ་ལི་བྷེ་ཡའི་ནང་བཏང་སྟེ། གྷ་ཌ་ཧྥི་ཤོག་ཁག་དང་དམག་འཐབ་ཟླ་ ༧ ལྷག་བྱས་མཐར། ༢༠༡༡ ལོའི་ཟླ་ ༡༠ པའི་ཚེས་ ༢༠ ཉིན་གྷ་ཐཱ་ཧྥི་འཛིན་བཟུང་དང་འབྲེལ་དམར་གསོད་བཏང་ཡོད་ཅིང་། སྐབས་དེའི་དམག་འཁྲུག་སྐབས་ལི་བྷེ་ཡའི་ནང་དམག་མི་དང་མི་སེར་བཞི་ཁྲི་ ༤༥༠༠༠ ལྷག་ཤི་རྨས་བྱུང་ཡོད་འདུག

༢༠༡༢ ལོའི་ཟླ་ ༧ པའི་ཚེས་༧ ཉིན་ལི་བྷེ་ཡའི་ནང་རྒྱལ་ཡོངས་འོས་བསྡུ་ཐེངས་དང་པོ་བྱས་ཏེ། སྲིད་གཞུང་གསར་འཛུགས་བྱས་ཡོད་ཀྱང་། ༢༠༡༢ ལོའི་ཟླ་ ༨ པའི་ཚེས་ ༢༥ ཉིན་ནང་འཁྲུག་བྱུང་སྟེ་ཟླ་ ༩ པའི་ཚེས་ ༡༡ ཉིན་ལི་བྷེ་ཡའི་བྷེན་གྷ་ཛི་ (Benghazi) གྲོང་ཁྱེར་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་བ་སི་ཌི་ཝུན་ (J. Christopher Stevens)་དམར་གསོད་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་། ༢༠༡༢ ལོའི་ཟླ་ ༡༠ པའི་ཚེས་ ༧ ཉིན་ལི་བྷེ་ཡའི་སྲིད་བློན་མུ་སི་ཌ་ཧྥ་ (Mustafa A.G. Abushagur) སྲིད་བློན་ནས་དགོངས་ཞུ་བྱས་རྗེས། ལི་བྷེ་ཡ་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཛི་ཌན་ (Ali Zeidan) བར་བརྒལ་སྲིད་བློན་ལ་བསྐོ་བཞག་བྱས་ཡོད། འོན་ཀྱང་ལི་བྷེ་ཡའི་ནང་ཟིང་འཁྲུག་མུ་མཐུད་བྱུང་སྟབས་ཟླ་ ༥ པའི་ཚེས་ ༡༦ ཉིན་ལི་བྷེ་ཡའི་དམག་སྤྱི་ཆེན་མོ་བ་ཟུར་བ་ཁཱ་ལི་ཧྥ་ (Khalifa Haftar) ཡིས་བྷེན་གྷ་ཛི་གྲོང་ཁྱེར་ལ་གཏོར་རྒོལ་བཏང་བ་དང་། ཟླ་སྔོན་མའི་ཚེས་ ༡༨ ཉིན་རྒྱལ་ས་ཌོར་པུ་ལི་ (Tripoli) ནང་ཡོད་པའི་ལི་བྷེ་ཡའི་གྲོས་ཚོགས་ར་བར་འཇབ་རྒོལ་བྱས། ཟླ་སྔོན་མའི་ཚེས་ ༢༠ ཉིན་ལི་བྷེ་ཡ་འོས་བསྡུ་ལྷན་ཁང་གིས་ཟླ་འདིའི་ཚེས་ ༢༥ ཉིན་རྒྱལ་ཡོངས་འོས་བསྡུ་ཐེངས་གཉིས་པ་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་པ་ལྟར། ཁ་ཉིན་དངོས་སུ་འོས་བསྡུ་བྱས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་ལི་བྷེ་ཡ་རྒྱལ་ཡོངས་འོས་བསྡུ་བརྒྱུད་དེ་མ་འོངས་དཀའ་རྙོག་སེལ་དགོས་པ་ལྔ་བགྲང་གི་ཡོད་པ་དག་ནི། དང་པོ། ལི་བྷེ་ཡ་གཞུང་དང་གྱེན་ལོག་ཤོག་ཁག་བར་གྲོས་མོལ་ཡོང་ཐབས་བྱ་རྒྱུ། གཉིས་པ། རྩ་ཁྲིམས་གཏན་འབེབས་བྱ་རྒྱུ། གསུམ་པ། གཞུང་གི་སྒྲོམ་གཞི་སྤྱི་མཐུན་སྲིད་གཞུང་ལམ་ལུགས་ (Federalism)དང་ཆོས་ལུགས་རིས་མེད་(Secularsim)། མི་རིགས་རིང་ལུགས་ཀྱི་གཞུང་(Ethnic State) སོགས་གང་འཛིན་མིན། བཞི་པ། དཔལ་འབྱོར་གྱི་སྲིད་ཇུས་གསར་པ་བཟུང་སྟེ་རྒྱལ་ཁབ་གཞན་དང་ཚོང་འབྲེལ་གྱི་སྒོ་མོ་ཕྱེ་ཐུབ་པ་བྱ་རྒྱུ། ལྔ་པ། ཡར་ཐོན་ཅན་གྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་བྱ་རྒྱུ་སོགས་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༧ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese