མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚན་ཉིད་དང་རིག་ལམ་རྩོད་རྒྱུ་དགེ་ལུཊ་པ་གཅིག་པུའི་དོན་དག་མ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༸གོང་ས་མཆོག་གིས་ལ་དྭགས་ཀླུ་འཁྱིལ་དགོན་པར་བཀའ་སློབ་གནང་སྟེ། སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱེད་སྐབས་སྔོན་མའི་སྲོལ་གཅིག་པུའི་ཐོག་ཕྱིན། དཔྱད་བསྡུར་གནང་རྒྱུའི་རིགས་མེད་པ་ཡིན་ན་འགྲིག་གི་མེད་པར། རིག་པའི་སྒྲུབ་བྱེད་ཀྱི་ཐོག་ནས་འགྲོ་བར་གཞུང་ཆེན་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཡས་མས་སུ་༸གོང་ས་མཆོག་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་དུ་ཚོགས་བཞིན་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་སོང་། དེར་དགའ་ལྡན་ཁྲི་པ་རི་རྫོང་སྲས་སྦྲུལ་ཐུབ་བསྟན་ཉི་མ་མཆོག་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག རྒྱུད་སྨད་མཁན་རིན་པོ་ཆེ་མཆོག མངའ་རིས་རིན་པོ་ཆེ་མཆོག་གཙོས་པའི་བླ་སྤྲུལ་དང་དགེ་བཤེས། མཁན་པོ་བཅས་དང་། དེ་བཞིན། ཇམ་མུ་ཀ་ཤི་མུར་མངའ་སྡེའི་བློན་ཆེན་ངག་དབང་རིག་འཛིན་ཇོ་ར་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པའི་རིག་འཛིན་ལགས་དང་སྤྱི་འཐུས་། བཀའ་བློན། སླེ་རྫོང་གི་རྫོང་དཔོན་དང་ལས་ཁུངས་ཁག་གི་ལས་བྱེད།  དགེ་འདུན་པ་དང་ས་གནས་མི་མང་བཅས་མི་ ༥༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་།  བླ་མ་ཆོས་འཕེལ་བཟོད་པ་རིན་པོ་ཆེ། དགེ་བཤེས་དཀོན་མཆོག་དབང་རྒྱལ་བཅས་རིམ་པས་གསུང་བཤད་གནང་བ་དང་། དགེ་འདུན་པ་རྣམས་ཀྱི་རྟགས་གསལ་དམ་བཅའ་གཟིགས་འབུལ། མངའ་རིས་ཚང་དགོན་སྡེ་ཤེས་རིག་འཛིན་སྐྱོང་ལྷན་ཚོགས་ཀྱིས་གསོལ་འདེབས་ལྟར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མངའ་རིས་རིན་པོ་ཆེའི་ལ་དྭགས་དགོན་ཁག་བདུན་གྱི་དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པ་ ༨༠ ལྷག་གི་མཛད་རྗེས་ལ་བསྔགས་བརྗོད་དང་མ་འོངས་མུ་མཐུད་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་བར་སྐུལ་སློང་ཆེད་ཆེ་མཐོང་ཕྱག་ཁྱེར་དང་སྟོན་པའི་སྣང་བརྙན་རེ་བཅས་འབུལ་བཞེས། ལ་དྭགས་ཀྱི་གླུ་གཞས་གཟིགས་འབུལ་བཅས་གནང་སོང་།

མངའ་རིས་རིན་པོ་ཆེའི་ཕྱག་མཛོད་སླེ་འཇམ་དབྱངས་སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་དེ་ཕྱི་ཟླ་ ༦ ཚེས་ ༢༣ ནས་བཟུང་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་དུ་ལ་དྭགས་ས་ཁུལ་གྱི་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་སློབ་གཉེར་བ་ ༡༠ ཙམ་དང་། གདན་ས་ཁག་དང་། བཤད་གྲྭ་སྒྲུབ་གྲྭ་ཁག་ནས་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་བཅས་གདན་ཞུའི་ཐོག་ཀླུ་འཁྱིལ་དགོན་དུ་ཚོགས་འདུག དམིགས་ཡུལ་གཙོ་བོ་བོད་རྒྱུད་ནང་བསྟན་གྱི་ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་གདན་ས་ཁག་ཏུ་བསླབ་པ་སློབ་གཉེར་གྱི་སྲོལ་བཟང་དར་ཡོད་པ་དེ་ལ་དྭགས་ཀྱི་དགོན་སྡེ་ཁག་ནང་མིག་དཔེ་སྟོན་ཐུབ་ཆེད་དང་། ལ་དྭགས་ཀྱི་ནང་པ་ཚོ་དང་ཁོང་ཚོའི་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས། དགོན་པ་སོ་སོའི་དམ་ཚིག་མཐུན་པོ་ཡོང་ཆེད་བཅས་ཡིན་སྐོར་དང་། དམིགས་བསལ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་ལ་དྭགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་དང་མི་མང་གིས་འཆར་གཞི་ཡོད་པའི་ཐོག་སངས་རྒྱས་བསྟན་པ་སྲུང་སྐྱོབ་བྱ་རྒྱུར་སྐུལ་སློང་བཅས་ཀྱི་ཆེད་ཡིན་སྐོར་སོགས་ངོ་སྤྲོད་གནང་སོང་།

དེ་རིང་གི་མཛད་སྒོར་༸གོང་ས་མཆོག་གིས་བཀའ་སློབ་གནང་སྐབས།  ང་རང་ཚོར་ཡོད་པའི་རྩ་ཆེའི་གཞུང་ཆེན་ཁག་དང་གསང་སྔགས་ཀྱི་ཆོས་འཁོར་དེ་དག་ན་ལེཎྡྲའི་མཁས་པའི་བཙུགས་བཞག་པ་ཤ་སྟག་རེད། ཡིན་ནའང་། ང་ཚོར་ན་ལེཎྡྲའི་ཆོས་བརྒྱུད་ཅེས་པའི་ཐ་སྙད་དེ་བེད་སྤྱོད་དེ་འདྲ་མི་འདུག ངས་ན་ལེཎྡྲའི་ཆོས་བརྒྱུད་ཅེས་ཡང་ཡང་བཤད་པའི་རྒྱུ་མཚན་ང་ཚོ་དངོས་ཡོད་ཀྱི་ཐོག་ནས་ན་ལེཎྡྲའི་ཆོས་རྒྱུད་རེད། ཐ་སྙད་འབོད་ཕྱོཊ་ཀྱི་ཐོག་ནས་ལེཎྡྲའི་ཆོས་རྒྱུད་ཅེས་ལབ་པ་ཡིན་ན། བོད་ཀྱི་བླ་མ་ཡི་དམ་ཞེས་པའི་སྐད་ཆ་དེ་བཤད་རྒྱུ་ཡོད་མ་རེད། དོན་དག་ཤེས་མ་ཤེས་གང་ལྟར་ཡང་ཨེ་ཤ་ཡ་དང་ལྷག་པར་དུ་ཤེར་ཕྱིན་གྱི་ཤེས་རབ་སྙིང་པོ་འདོན་བསྡད་མཁན་རྒྱ་མི་དང་ཉི་ཧོང་། ཝེ་ཐི་ནམ། ཀོ་རི་ཡ་བཅས་རེད། དེར་བརྟེན། ན་ལེཎྡྲ་ཞེས་པ་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་ལབ་དུས་ཚང་མས་གོ་བསྡད་པ་ཞིག་རེད། ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་དཔལ་ན་ལེཎྡྲའི་ཆོས་རྒྱུད་དྲི་མ་མེད་པ་ཡིན་བསྡད་པ་དེ་མིང་འདོགས་ཕྱོཊ་ཤིག་གི་ཐོག་ནས་བླ་མ་ཡི་དམ་རེད་ཅེས་དང་། ང་རང་ཚོའི་ཆོས་ནང་དུའང་ང་བཀའ་རྒྱུད་དང་ང་དགེ་ལུགས་ཡིན། ང་རྙིང་མ། ང་ས་སྐྱ། ང་ཇོ་ནང་ཡིན་ཞེས་ལབ་དུས་གསལ་བོ་མ་ཆགས་པ་ཞིག་འདུག

དེ་བསྟན་པ་སྤྱི་མཚན་དང་གང་ཟག་སྒེར་མཚན་ཞེས་དབྱེ་རྒྱུ་གལ་ཆེན་པོ་རེད། ང་ཚོ་བོད་ཀྱི་ས་དགེ་བཀའ་རྙིང་། ཇོ་ནང་བཅས་ཆོས་རྒྱུད་མི་འདྲ་བར་ཞི་བའི་དཀའ་ཆེན་བཅུ། སྒྲུབ་རྒྱུད་ཆེན་པོ་བརྒྱད་ཅེས་ཡོད་བསྡད་པ་དེ་ཚོའི་གྲས་མང་ཆེ་བ་དེ་གསང་སྔགས་ཀྱི་ཐོག་ནས་ཡོང་བསྡད་ཀྱི་ཡོད་པ་རེད། གསང་སྔགས་ཀྱི་ཆོས་དེར་ཞིབ་འཇུག་དང་བསམ་བློ་ཡག་པོ་གཏོང་སྐབས། ཕལ་ཆེར་གང་ཟག་སྒེར་མཚན་ཆགས་བསྡད་ཡོད་པ་རེད། ས་སྐྱ་བའི་ལམ་འབྲེལ་པ་ཞེས་ལབ་དུས་གང་ཟག་སྒེར་མཚན་རེད། བཀའ་རྒྱུད་ཀྱི་ནང་གསེས་བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད་དེ་དག་ཀྱང་གང་ཟག་སྒེར་མཚན་བྱས་ནས་བླ་མ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྗེ་བཙུན་མུ་ལ་ལྟ་བུར་ཆ་བཞག་ན་དངོས་ནས་སྒྲུབ་པའི་རྒྱལ་མཚན་འཛིན་མཁན་བསམ་གྱི་མི་ཁྱབ་པ་རེད། དེ་དག་ལ་བལྟས་ཡོང་དུས་གང་ཟག་སྒེར་མཚན་ཆགས་པ་རེད། གང་ཟག་སྒེར་མཚན་ཆ་བཞག་པ་ཡིན་ན་མཐས་ཡས་པ་ཞིག་ཡོང་བསྡད་ཀྱི་རེད། དེར་བརྟེན། བོད་ཀྱི་སངས་རྒྱས་པའི་ཆོས་དཔལ་ན་ལེཎྡྲའི་ཆོས་རྒྱུད་ཅེས་ལབ་ཡོང་སྐབས། ཆོས་རྒྱུད་འཛིན་མཁན་ཚང་མར་ཚིག་གི་འགྲེལ་བཤད་རྒྱག་མི་དགོས་པར། བོད་ཀྱི་སངས་རྒྱས་པའི་ཆོས་དེ་ལེཎྡྲར་ཁུངས་གཏུག་པ་ལམ་སེང་གོ་ཡོང་གི་ཡོད་སྟབས། ངས་དེ་གནད་འགག་ཅིག་ཏུ་མཐོང་སོང་། ཞེས་གསུངས་སོང་།

ལ་དྭགས་པ་ཚོར་བཀའ་སློབ་གནང་སྐབས༸གོང་ས་མཆོག་གིས། སྔོན་མ་ང་ཚོར་ལོ་བརྒྱ་ཕྲག་མང་པོ་ཞིག་ལ་ལམ་ཞིག་ཡོད་བསྡད་པའི་དད་པ་རྐྱང་རྐྱང་གི་སྔར་ལམ་དེད་དེ། གསར་བ་ཞིག་བྱེད་དུ་ཕྱིན་པ་ཡིན་ན་དེ་སྔ་མོའི་གསལ་བཀྲོལ་རེད་ཟེར་བའི་མཐོང་ཚུལ་ནམ་རྒྱུན་ཡོང་བསྡད་ཀྱི་འདུག སྔོན་མའི་གསལ་བཀྲོལ་བྱས་ཆོག་གི་མེད་ན། ག་ཏེ་ག་ཏེ་པཱ་ར་ས་ག་ཏེ་བོ་དཱི་སྭཱ་ཧཱ་ཟེར་བ་དེ་སྔ་མའི་གསལ་བཀྲོལ་རེད། སྔ་མོ་ཁོ་རང་དེད་དེ་ཕྱིན་པ་ཡིན་ན་བསྟན་ལུགས་བདེན་འཛིན་དང་རང་གཅེས་འཛིན་གཉིས་ད་ལྟའི་བར་གོ་ནས་བསྡད་པ་རེད། སྔ་མོ་དེ་རེད། ད་ཡང་དེའི་སྒང་བསྡད་རྒྱུ་རེད། ཕྱི་དངོས་པོར་ཆ་བཞག་ནའང་། སྔར་ལམ་ཁོ་རང་བསྡད་དེ་ཁྱེད་རང་ཚོ་ལ་དྭགས་པ་ཚོ་ཏིར་ཀེ་འདྲ་ཟོས་ཆང་འདྲ་བཏུང་། ཙོག་པུར་བསྡད་པ་དེ་འགྲིག་གི་མི་འདུག ཁྱེད་རང་ཚོར་ཡར་རྒྱས་གཏོང་གི་ཡོད་པ་རེད། ཡར་རྒྱས་འགྲོ་དགོས་པ་རེད། རྒྱ་གར་སྤྱི་ཡོངས་ལ་ཆ་བཞག་ནའང་ཡར་རྒྱས་ཆེན་པོ་འགྲོ་བཞིན་འདུག སྔ་མོ་ང་རྒྱ་གར་དུ་ཡོང་དུས་ ༡༩༥༦ ལོར་རེད། སྐབས་དེ་ནས་འདས་པའི་ལོ་ ༥༠ ལྷག་རིང་ཡར་རྒྱས་ཆེན་པོ་ཕྱིན་འདུག ང་རང་ཚོ་ནང་གི་རྟོག་པའི་ངོས་ནས་ཀྱང་། ལོ་རེ་ནས་ལོ་རེར། ལོ་ཁྱི་བདག་ཁྱི་ཐོན་ཐུབ་པ་ཞིག་ཉམས་ལེན་བྱེད་དགོས་པ་རེད། དེ་འདྲའི་ཉམས་ལེན་ཡོང་བར་ལྐུག་པའི་ཨུ་ཚུཊ་བྱས་ནས་རྟོག་པ་སྐྱེས་ཁག་པོ་རེད། ཆོས་དང་རྣམ་དཔྱོད་ཀྱི་ཤེས་རབ་བེད་སྤྱོད་ཀྱིས་བསམ་བློ་གཏོང་དགོས་པ་རེད། སྐྱབས་སུ་མཆི་ལབ་པ་གཅིག་པུས་འགྲིག་གི་མི་འདུག རྒྱུ་མཚན་མཐོང་བ་དང་ཤེས་བའི་སྒོ་ནས་དད་པ་ཐོབ་པ་ཞིག་དགོས་པར་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་༸གོང་ས་མཆོག་གིས་མུ་མཐུད་གསུང་དོན། ཡང་ཁག་ཅིག་གིས་གཞུང་ཆེན་བལྟས་ནས་རིག་ལམ་སློབ་པ་དེ་དགེ་ལུཊ་པའི་དོན་དག་རེད། བཀའ་རྒྱུད་རྙིང་མ་ལ་དགོས་ཀྱི་མ་རེད་ཅེས་བཤད་མཁན་ཡོང་གི་འདུག པད་ནོར་རིན་པོ་ཆེས་རྒྱ་གར་ལྷོ་ཕྱོགས་སུ་རྣམ་གྲོལ་གླིང་བཤད་གྲྭ་ཆེན་པོ་ཞིག་ཡོད་རེད། དེར་མཚན་ཉིད་རིག་ལམ་སློབ་གནང་སྐབས། སྔ་འགྱུར་རྙིང་མའི་བླ་ཆེན་འགའ་ཤས་ཀྱིས་དགོངས་མ་ཚིམ་པ་གནང་གི་འདུག་ཅེས་པད་ནོར་རིན་པོ་ཆེ་ཁོ་རང་གིས་ང་ལ་གསུངས་པ་རེད། ཡིན་ནའང་། པད་ནོར་རིན་པོ་ཆེས་ཨུ་ཚུགས་བརྒྱབ་ཏེ་རིག་ལམ་གྱི་ཐོག་ནས་རྩོད་པ་རྩོད་རྒྱུ་དེ་བཙུགས་པ་ཡིན་ཞེས་རིན་པོ་ཆེས་གསུང་གི་འདུག དེ་ཚོའི་གྲས་ཏེ་ང་ཚོས་དེ་སྔོན་སྔ་ལམ་རྐྱང་རྐྱང་། བཀའ་གདམས་གོང་མ་ཚོའི་གསུང་ལ་ཆ་བཞག་ནའང་། མོས་གུས་རྩ་ཆེན་པོ་རེད། མོས་གུས་ཀྱི་གྲོགས་ཐེ་ཚོམ་རེད་ཟེར་བ། ཐེ་ཚོམ་གྱི་ཐོག་ནས་བརྟག་དཔྱད་བྱས་ཏེ་ཕྱིན་པ་ཡིན་ན། རྟོགས་སུ་བྱས་པའི་རྟོག་གེ་བ། དེ་ལ་དཔྱོད་པའི་དངོས་གྲུབ་རིག་ཅེས་གསུངས་འདུག དེ་འདྲའི་གསུང་སྟངས་ཁ་ཤས་ཡོང་གི་རེད།  དད་པ་སྤྱིའི་སྒོ་ནས་འགྲོ་དགོས་སྟབས། དེར་རིག་ལམ་གྱི་ཐོག་ནས་དཔྱད། བསྟན་པའི་ཆོས་ཚུལ་དེ་དག་རིག་ལམ་གྱི་ཐོག་ནས་གཏན་ལ་ཕབ་ཏེ་དཔྱད་ནས་རྒྱུ་མཚན་འཕེར་བའི་ཐོག་བཤད་ཐུབ་པ་བྱུང་བ་ཡིན་ན། ཕྱི་ནང་སུ་ཡིན་རུང་ཞུམ་པ་མེད་པའི་ཐོག་ནས་སྐད་ཆ་བཤད་རྒྱུ་ཡོང་གི་རེད། སྔོན་མའི་སྲོལ་གཅིག་པུའི་ཐོག་ཕྱིན། དཔྱད་པ་དང་གོ་བསྡུར་གནང་རྒྱུའི་རིགས་མེད་པ་ཡིན་ན་འགྲིག་གི་མེད། གཙོ་བོ་རིག་པའི་སྒྲུབ་བྱེད་ཀྱི་ཐོག་ནས་འགྲོ་དགོས་སྟབས། གཞུང་ཆེན་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

མཇུག་ཏུ་༸གོང་ས་མཆོག་གིས། ང་རང་སྒེར་ལ་ཆ་བཞག་ནའང་རྒྱ་ཆེན་པོ་དེ་འདྲ་ཤེས་ཀྱི་མེད། ཡིན་ནའང་། བསྡུས་གྲྭ་ནས་བཟུང་སྟེ་གཞུང་གི་རིགས་བསླབ་ཡོད་པ་རེད། ད་ལྟ་རང་དེའི་མཚན་ཉིད་ཞོག དབྱེ་བ་ཞོག་ལབ་ན་དྲན་མདོག་ཁ་བོ་མ་རེད། ཡིན་ནའང་། དེའི་རིགས་ཚུར་བསྡོམས་བརྒྱབ་ཏེ་བསམ་བློའི་ནང་ག་རེ་འགྲེལ་བཤད་རྒྱག་དགོས་པ་དང་བཤད་དགོས་བྱུང་ཡང་། བཤད་ཐུབ་པ་ཞིག་འདུག མཁས་པའི་དབང་བོ་སུ་ལ་ཐུག་ནའང་བཤད་ཐུབ་པ་ཞིག་འདུག དེ་གཞན་མ་རེད། ང་རང་ལ་མཚོན་ན་དེང་རབས་ཀྱི་སློབ་སྦྱོང་གི་སློབ་ཁྲིད་ལ་ཉིན་གཅིག་ཀྱང་འགྲོ་མ་མྱོང་། གཅིག་ཀྱང་ཤེས་ཀྱི་མེད། ཡིན་ནའང་། དེའི་རིགས་དེ་པན་གྲུབ་བཅུ་བདུན་གྱི་གཞུང་གི་རིག་པའི་སྒོ་ཕྱེས་ཡོད་སྟབས། ཕྱི་ནང་སུར་སྐད་ཆ་བཤད་དགོས་བྱུང་ཡང་། ཕར་ནས་དྲི་བ་ཞིག་དྲིས་པ་ཡིན་ན་ལམ་སེང་འདི་ལ་འདི་ཞེས་ཤར་ཡོང་གི་འདུག དེར་བརྟེན། ང་ཚོ་མི་གཅིག་པ་རེད། ངས་ཉམས་མྱོང་གི་ཐོག་ནས་ཁྱེད་རང་ཚོར་མར་བཤད་བཞག་པ་དེར་ཁྱེད་རང་ཚོས་འབད་བརྩོན་བྱས་ན་གཅིག་པ་ཡོང་གི་རེད་མ་གཏོགས། ༸རྒྱལ་བ་རིན་པོ་ཆེར་འདྲ་གི་མ་རེད་ཅེས་དམིཊ་བསལ་དེ་འདྲ་ཡོད་མ་རེད། ང་ཚོ་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་ཐོག་བསམ་བློ་གཏོང་དགོས་པ་རེད། སྐྱབས་གནས་བླ་མ་ཞེས་ཡར་བཞག སོ་སོ་འོག་ནས་ལོག་གར་བཞག་དེ་བསྡད་ན་འགྲིག་གི་ཡོད་མ་རེད། ཅེས་གསུངས་སོང་།

དེ་རིང་ཉིན་རྒྱབ་༸གོང་ས་མཆོག་གིས་སྙེ་རུ་སྟོན་པའི་སྣང་བརྙན་ལ་རབ་གནས་དང་མི་མང་ལ་བཀའ་སློབ་གནང་སོང་ལ། སང་ཉིན་སྔ་དྲོ་མངའ་རིས་རིན་པོ་ཆེའི་དགོན་ཁག་བདུན་གྱི་སེར་སྐྱང་ཡོངས་ལ་ཤེས་རབ་སྙིང་པོ་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་གནང་རྗེས། དགོན་ཁག་བདུན་གྱི་སེར་སྐྱ་ཡོངས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་རྒྱུ་ཡིན་འདུག

གསར་འགོད་པ་དོན་གོས་ལ་དྭགས་རྒྱལ་ས་སླེ་ནས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༨ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. ཨ་མའི་བྱེ་རྡོ། says:
    ལོ་ 11 སྔོན།

    ༼དེ་བཞིན་དེ་སྔ་ཕྱི་རྒྱལ་རྩོམ་པ་པོ་ཁ་ཤས་ཀྱིས་བོད་བརྒྱུད་ནང་བསྟན་འདི་བླ་མའི་རིང་ལུགས་ Lamaism ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་འདུག་ཀྱང་དེ་ལྟར་མ་རེད། བོད་བརྒྱུད་ནང་བསྟན་འདི་རྒྱ་གར་དཔལ་ན་ལེནྡྲའི་ལྟ་གྲུབ་དྲི་མ་མེད་པའི་བཞེད་སྲོལ་ལ་ཁུངས་གཏུག་ནས་བྱུང་བ་ཡིན་པར་བརྟེན། བོད་མི་རྣམས་སློབ་མ་དང་རྒྱ་གར་བ་ང་ཚོའི་བླ་མ་རེད། ༽ གོང་གི་ཚིག་དུམ་འདི་སྐུ་སྒེར་དྲ་ཚིགས་ནས་བཤུས་པ་ཡིན། དུས་བབ་ཏུ་བླ་མ་ཡི་དམ་ཞེས་བོད་སྐད་ཡིན་ཤག་གིས་བྲིས་འདུག་པ་ནོར་བ་འདྲ། དབྱིན་ཇིའི་ཚིག་བོད་སྐད་དུ་བསྒྱུར་ན་བླ་མའི་རིང་ལུགས་ཞེས་པ་ཡིན་འདུག དེ་མིན་ཡང་། རྟོག་ཅིང་དཔྱོད་པའི་རྟོག་གེ་བ།།དེ་ལ་སྦྱོར་བའི་དངོས་གྲུབ་རིང་།། ཞེས་པ་དང་། མོས་གུས་ཀྱིས་གྲོལ་བར་ཐེ་ཚོམ་མེད།། ཅེས་པ་གཉིས་ཀྱང་ནོར་འདུག ད་དུང་ནོར་འདུག་སྙམ་པ་རེ་ཟུང་འདུག་མོད་ཇི་བཞིན་བཅོས་རྒྱུར་གསུང་དངོས་སུ་ཉན་དགོས་པས་བཞག་གོ། སྤྱིར་ན་གསུང་བརྒྱུད་འགོད་གནང་བར་དགའ་བསུ་དང་རྗེས་སུ་ཡི་རང་ཡོད། གལ་ཆེན་པོ་རེད་འོན་ཀྱང་ཡིག་ཐོག་ཏུ་གཟབ་ནན་སྒོས་ཕབ་དགོས་པ་ཡང་གལ་ཆེ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese