མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་ལ་ཞལ་འདེབས་བསྡུས་ནས་འགྲོ་སོང་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་ཆོས་ཞུ་བ་འབུམ་གཅིག་དང་ཕྱེད་ཀ་ཡོང་བའི་རྩིས་རྒྱག་གི་ཡོད་ཀྱང་། ད་ཆར་སྡོད་གུར་ ༥༣༠ ལས་བརྒྱབ་མི་འདུག་ལ། གསུང་ཆོས་རྭ་བའི་གྲ་སྒྲིག་ཀྱང་ཡོངས་སུ་འགྲུབ་མེད་པར་མུ་མཐུད་སྒྲུབ་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༣ ཉིན་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་ཉེ་འཁྲིས་སུ་ཡོད་པའི་གསུང་ཆོས་རྭ་བར་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་མགོ་འཛུགས་གནང་གི་ཡོད་སྟབས། ཁ་སང་གསར་འགོད་པ་དངོས་སུ་གསུང་ཆོས་རྭ་བ་དང་ཆོས་ཞུ་བའི་སྡོད་གུར་གཉིས་སུ་སོང་སྟེ་གནས་ཚུལ་རྒྱུས་ལོན་བྱས།

ཉེ་ལམ་དུས་བབ་གསར་ཁང་གིས་དུས་དབང་དབང་གོ་སྒྲིག་ཚོགས་ཆུང་ལ་དུས་དབང་གོ་སྒྲིག་གི་སྐོར་ལ་བཅར་འདྲི་ཞུས་སྐབས། གོ་སྒྲིག་ཚོགས་ཆུང་གིས་གསུང་ཆོས་རྭ་བའི་བརྒྱ་ཆ་ ༩༠ འགྲུབ་ཡོད་སྐོར་བརྗོད་ཡོད་ཀྱང་། ད་ཆར་གསུང་ཆོས་རྭ་བའི་ཀླད་ཀྱི་གུར་བརྒྱ་ཆ་ ༤༠ ཙམ་ལས་གཡོག་ཚར་མི་འདུག་ལ།  གཟུགས་མཐོང་བརྙན་འཕྲིན་དང་སྒྲ་སྒམ། ཆོས་ཞུ་བར་གདན་སོགས་ཀྱང་གྲ་སྒྲིག་ཚར་མི་འདུག ད་དུང་རིན་མེད་ཐོག་གོ་སྒྲིག་ཞུས་པའི་ཆོས་ཞུ་བའི་སྡོད་གུར་ ༡༠༠༠ ཙམ་རྒྱག་འཆར་ཡོད་པ་ལས་སྡོད་གུར་ ༥༣༠ ལྷག་བརྒྱབ་ཚར་ཏེ་གློག་དང་ཆུ། གསང་སྤྱོད་བཅས་ཀྱི་མཐུན་རྐྱེན་བསྐྲུན་འདུག་མོད།  ད་དུང་སྡོད་གུར་ ༤༠༠ ཙམ་གྲ་སྒྲིག་ཞུ་རྒྱུ་ལྷག་བསྡད་འདུག

གསར་འགོད་པས་དུས་དབང་སྤྱི་ཁྱབ་འབྲེལ་མཐུད་པ་བསམ་གཏན་ལགས་སུ། གསུང་ཆོས་ཪྭ་བའི་གྲ་སྒྲིག་ད་དུང་ཚར་མེད་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར། ཁོང་གིས་དེ་སྔོན་གྲ་སྒྲིག་ཚོགས་ཆུང་གིས་ཕྱི་ཟླ་ ༧ པའི་ནང་ཉི་མ་ཚ་བོ་ཡིན་པ་དང་ཆོས་ཞུ་བས་ཉི་གདུགས་འཁུར་ནས་ཆོས་ཞུས་ན། ༸གོང་ས་མཆོག་གི་ཞལ་མཇལ་ཡག་པོ་རག་གི་མ་རེད་བསམ་སྟེ་གསུང་ཆོས་རྭ་བའི་ཀླད་དུ་གུར་གཡོག་པའི་ཐག་གཅོད་བྱས་ཡོད་ཀྱང་། དུས་དབང་གི་ཅ་དངོས་ཁག་མང་ཆེ་བ་ལྡི་ལི་དང་སྦང་ལོར་སོགས་ནས་དབོར་འདྲེན་བྱེད་སྐབས། དུས་ཚོད་ཏག་ཏག་ནང་བསླེབ་ཐུབ་མེད་པ་དང་། ལྷག་པར་དུ་སེ་རི་ནཱ་གྷར་ (Srinagar) དང་མུ་ན་ལི་ (Manali) གཉིས་ཀྱི་གཞུང་ལམ་ཕྱི་ཟླ་ ༦ པའི་ནང་སྒོ་ཕྱེས་པ་བཅས་ཀྱི་དབང་གིས་ཡིན་སྐོར་བརྗོད་བྱུང་།

ཉེ་ལམ་ཞིག་གནས་སྤྱི་ཚོགས་ནང་ལ་དྭགས་ནང་པའི་ལྷན་ཚོགས་ཀྱིས་ལ་དྭགས་པ་ཚོས་ཧིན་སྒོར་འབུམ་ ༡ སྤྲད་ཚེ། མི་གཅིག་ལ་དམིགས་བསལ་མཇལ་ཁ་གོ་སྒྲིག་གནང་རྒྱུ་དང་། འབུམ་ལྔ་སྤྲད་ཚེ་ནང་མི་ཚང་མར་དམིགས་བསལ་མཇལ་ཁ་རག་པའི་སྐད་ཆ་ཞིག་ཁྱབ་བཞིན་ཡོད་པ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། “ སྦྱིར་བཏང་དུས་འཁོར་དབང་ཆེན་ཐེངས་ ༣༣ པའི་སྦྱིན་བདག་གཙོ་བོ་ལ་དྭགས་ནང་ཚོགས་དང་ལ་དྭགས་དགོན་ཚོགས། ཀོང་པོ་གཞིས་བྱེས། ཇོ་ནང་ཆོས་རྒྱུད་བཅས་ ༤ ཡོད། ལ་དྭགས་ནང་ཚོགས་དང་ལ་དྭགས་དགོན་ཚོགས་ལྟ་བུར་མཚོན་ན། དངུལ་མེད་ཀྱང་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པ་རེད། ང་ཚོ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ལ་དངུལ་མེད་པའི་དབང་གིས་འགྲོ་སོང་ག་ཚོད་སོང་ཡང་། མི་མང་ལ་ཞལ་འདེབས་བསྡུ་རུབ་བྱས་ཏེ་འགྲོ་སོང་གཏོང་ཐུབ་པར་བྱེད་ཀྱི་ཡིན་ཟེར་བ་ང་ཚོའི་འཆར་གཞི་དང་པོ་ཡིན་སྟབས། ན་ནིང་ཕྱི་ཟླ་ ༡༠ ནས་ང་ཚོས་ཞལ་འདེབས་སློང་མགོ་བཙུགས་ཏེ། ད་ལོའི་ཕྱི་ཟླ་ ༣ པའི་ནང་དངུལ་གྱི་འགྲོ་སོང་དང་ཡོང་སྒོ་ག་ཚོད་ཡོད་མེད་ཀྱི་རྩིས་རྒྱག་སྐབས་འགྲོ་སོང་ཆེན་པོ་འདུག རྗེས་སུ་ང་ཚོས་མ་དངུལ་བསྡུ་རུབ་ཚོགས་ཆུང་ཞིག་བཙུགས་ནས་མི་ཚང་སྟོབས་འབྱོར་ཡོད་མཁན་ཁྲོད་མི་གཅིག་གིས་ཞབས་འདེབས་ཧིན་སྒོར་འབུམ་ ༡ ཕུལ་མཁན་ལ་དུས་དབང་སྦྱིན་བདག་གི་མིང་དང་བཞུགས་ས་སྤྲོད་རྒྱུ་བཟོས་པ་རེད། ༸གོང་ས་མཆོག་ལ་མཇལ་ཁ་རག་མིན་གྱི་ཐོབ་ཐང་ང་ཚོར་མེད་པར་སྐུ་སྒེར་ཡིག་ཚང་དང་དུས་དབང་གོ་སྒྲིག་ཚོགས་ཆུང་བཅས་ལ་རག་ལས་ཡོད་པ་རེད། དུས་དབང་སྦྱིན་བདག་གི་མིང་དང་བཞུགས་ས་དང་པོ་དང་། མཇལ་ཁ་གཉིས་པ་རེད། མཇལ་ཁ་རག་ན་ཚང་མ་མཉམ་པོར་རག་གི་རེད། སྔོན་མ་ང་ཚོས་སྦྱིན་བདག་བྱེད་པར་ཧིན་སྒོར་འབུམ་ལྔ་དང་བཅུའི་ཚད་བཟོས་ཏེ། འབུམ་ ༥ ཕུལ་ན་མི་གསུམ་དང་། འབུམ་ ༡༠ ཕུལ་ན་མི་དྲུག་པ་བཟོས་པར་མི་སླེབ་ཀྱི་མི་འདུག རྗེས་སུ་འབུམ་ ༡ ཕུལ་ན་མི་གཅིག་དང་། འབུམ་ ༢ ཕུལ་ན་མི་གཉིས། འབུམ་ ༥ ཕུལ་ན་མི་གསུམ་བཅས་བཟོས་པ་རེད། ཉེ་བའི་ཆར་འབུམ་ ༡ གཅིག་ཕུལ་མཁན་གྱི་མི་ ༤༠ ལྷག་བྱུང་ཡོད། ད་ལྟ་ང་ཚོར་འགྲོ་སོང་གི་ཕྱོགས་ནས་སེམས་ཁྲལ་མེད། ”ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་དུས་དབང་སྡོད་གནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཕུན་ཚོགས་དོན་འགྲུབ་ཀུན་བཟང་ལགས་སུ། དུས་དབང་སྐབས་མགྲོན་ཁང་དང་ཁྱིམ་ཚང་གི་ཁང་པ་བཅས་ལ་བོགས་དངུལ་མང་པོ་ལེན་གྱི་ཡོད་པ་དེར་སྟངས་འཛིན་གནང་གི་ཡོད་མེད་དྲིས་པར་ཁོང་གིས། “ ང་ཚོ་རིན་གོང་སྟངས་འཛིན་ཚོགས་ཆུང་ (Rate Control Committee) གིས། དུས་དབང་སྐབས་གཞུང་ལ་ཐོ་འགོད་བྱས་པའི་ཁང་པ་དང་མགྲོན་ཁང་། ཟས་རིན་སོགས་གཏན་འབེབས་བྱས་ཏེ་ལྟ་རྟོག་བཀག་འགོག་བྱེད་ཀྱི་ཡོད། གཞུང་ལ་ཐོ་འགོད་མེད་རིགས་དང་མི་སྒེར་བཅས་ལ་རིན་པ་གཏན་འབེབས་བྱས་མེད། ཡིན་ནའང་། ང་ཚོས་ཁོང་ཚོར་འགྲིམ་འགྲུལ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་རིན་གོང་ལྟར་ཁང་གླ་སོགས་ལེན་དགོས་པའི་འབོད་སྐུལ་བྱས་ཡོད། གལ་སྲིད། ང་ཚོར་རིན་གོང་ཆེན་པོ་ལེན་གྱི་འདུག་ཅེས་བརྡ་ལན་སྤྲོད་མཁན་བྱུང་ན། ང་ཚོས་ཐག་གཅོད་གནང་གི་ཡོད། ཅེས་བརྗོད་བྱུང་། 

སྡོད་གུར་སྣེ་ལེན་འགན་འཛིན་རིན་ཆེན་ལགས་སུ། གོ་སྒྲིག་ཚོགས་ཆུང་གིས་ད་ཆར་གྲ་སྒྲིག་བྱས་ཡོད་པའི་སྡོད་གུར་ ༥༣༠ ནང་གི་གུར་ ༡༣༢ མ་གཏོགས་མི་སྡོད་མཁན་མེད་པའི་རྒྱུ་མཚན་གང་ཡིན་དྲིས་པར། ཁོང་གིས་ཆོས་ཞུ་བ་མང་པོས་དྲ་ལམ་བརྒྱུད་སྡོད་གུར་ཐོ་འགོད་བྱས་ཡོད་སྟབས། དུས་དབང་མགོ་འཛུགས་མ་བྱས་སྔོན་ལ་སྡོད་གུར་ཚང་མའི་ནང་ཆོས་ཞུ་བས་ཁེངས་འགྲོ་ངེས་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཧི་མ་ཅལ་མངའ་སྡེའི་པུ་རུ་ཝ་ལ་གཞིས་ཆགས་ནས་ཡོང་བའི་ཆོས་ཞུ་བ་སྤོ་བོ་དབང་ལེགས་ལགས་སུ། སྡོད་གནས་ཀྱི་མཐུན་རྐྱེན་གང་འདྲ་ཡིིན་མིན་དྲིས་པར་ཁོང་གིས་ཆུ་དང་གློག་ཚང་མ་ཡག་པོ་འདུག ནངས་དགོང་མ་གཏོགས་ཉིན་དཀར་ཚ་བ་ཆེན་པོ་འདུག ཕྱི་དྲོའི་ཆུ་ཚོད་ ༣ ནས་ ༦ བར་རླུང་གཡུག་ཏེ་ཐལ་རྡུལ་མང་པོ་ཡོང་གི་འདུག ཅེས་བརྗོད་བྱུང་།

ཧི་མ་ཅལ་མངའ་སྡེའི་སྦིར་གཞིས་ཆགས་ཡོང་བའི་ལྷག་པ་ཚེ་རིང་ལགས་ཀྱིས། སྡོད་གནས་ཀྱི་ཆུ་དང་གློག གསང་སྤྱོད་བཅས་ཀྱི་མཐུན་རྐྱེན་ཡག་པོ་འདུག སྡོད་གུར་འགྱིག་ཡིན་སྟབས། ཉིན་གུང་ཚ་བ་ཆེན་པོ་འདུག ཕྱི་དྲོར་རླུང་གཡུག་ཚེ་ཐལ་རྡུལ་མང་པོ་ཡོང་གི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་ལ་དྭགས་རྒྱལ་ས་སླེ་ནས།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 6

  1. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    སྦལ་བ་དུང་ནང་ནས་མ་སྡོད་རོགས། ཧ་ཧ་ཧ། སྦལ་བ་དུང་ནང་། རླུང་འབུད། ད་བོད་ཡིག་འདི་ཇེ་སྐྱིད་ཇེ་སྐྱིད་རེད། ཧ་ཧ་ཧ།

    Reply
  2. ཆུ་བ་བསོད་ནམས། says:
    ལོ་ 12 སྔོན།

    དྲ་གྲོགས་ཁྱམས་འཇུག་ལགས། སྦལ་བ་དུང་ནང་ནས་མ་སྡོད་རོགས། རླུང་བུ་གཡུག་ཟེར་བ་ལས་འབུད་ཟེར་བ་ཞིག་ཚིག་མཛོད་དང་མིང་མཛོད་གང་དུ་འདུག ཚངས་དབྱངས་རྒྱ་མཚོའི་མགུར་ནང་། རླུང་བུ་སིལ་སིལ་གཡུག་བྱུང་། ཟེར་བ་མ་ཐོས་སམ། དངོས་གནས་བྱས་ན་ཡིག་ཐོག་ནས་རླུང་བུ་ལྡིང་ཟེར་བ་རེད། ཆོལ་ཁ་གསུམ་གྱི་ཁ་སྐད་ཡག་པོ་ཞིག་མཁྱེན་དགོས་པ་རེད།

    དེ་ནས་དུས་འཁོར་དབང་ཆེན་འདི་ཆབ་སྲིད་དང་དཔལ་འབྱོར་ལ་བེད་སྤྱོད་མ་གཏོང་རོགས་གནང་། དུས་དབང་དང་བསྟུན་ཏེ་ཞལ་འདེབས་ཕོན་ཆེན་པོ་སློང་རྒྱུར་གྲ་སྒྲིག་བྱེད་པ་དེ་ཡག་པོ་མ་རེད། ཉེ་ཆར་ཇོ་ནང་ཚང་གི་ཚངས་དབྱངས་ཟེར་བ་དེས་ཁོ་རང་མདོ་སྨད་སྤྱི་འཐུས་ནང་འཚང་ཁ་རྒྱག་གི་ཡོད་སྟབས། ཐེངས་འདིའི་དུས་དབང་གི་སྦྱིན་བདག་ཁོ་རང་གཅིག་པུ་ཡིན་མདོག་མདོག་གིས་ཆབ་སྲིད་མང་པོ་ཞིག་འཁྲབ་པ་དེ་ཚོ་རྩ་བ་ནས་ཡག་པོ་མ་རེད།

    Reply
  3. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    བོད་སྐད་ཡིན་ན་ཁྱམས་འཇུགས་ཀྱི་གྲོང་སྐད་དེ་གཅིག་པུ་ཡིན་པས་མ་ཁྱབ། རླུང་འབུད་ཟེར་ནས་བོད་སྐད་ལ་མེད་པས་ཁྱབ་ཀྱང་། བོད་མི་ཁྱམས་འཇུགས་ཀྱིས་བཤད།
    འདེབས་ནི་བྱ་ཚིག་ཡིན་པས་བོད་སྐད་ལ་རླུང་པོ་བྱེད་པ་པོར་བརྩི་བའི་སྲོལ་མེད། གལ་སྲིད་ཡོད་ན་འཁོར་ནི་བསྐོར་དང་འདྲ་བར་བྱ་ཚིག་ཏུ་འགྱུར་ངེས།

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རླུང་པོས་ཐལ་ལ་མང་པོ་གུར ནང་དུ་འདེབས་ཡོང་གི་འདུག་རླུང་འབུད་ཟེར་པ་ལས་རླུང་གཡུག་ཟེར་པ་ནི་བོད་སྐད་མ་ཤེས་པའི་ལེན་ཡང་ན་ལྷག་པ་རྒྱག་སྐབས་ཐལ་ལ་གུར་ནང་འདེབས་ཀྱི་འདུག བྲིས་ན་འང་འགྲིག་ཡོད

    Reply
  5. རྣམ་རྒྱལ། says:
    ལོ་ 12 སྔོན།

    གསར་འགོད་པའི་ལས་འགན་དངོས་གནས་དེ་འགྲུབ་འདུག བཀྲ་ཤིས་བདེ་ལེགས་ཀྱི་གསར་འགྱུར་རྐྱང་རྐྱང་འདྲི་རྒྱུ་མ་ཡིན་པར་དཀའ་ངལ་དང་། འཐུས་ཤོར། རྙོག་དྲ། མ་འདང་ས་དང་མ་འཁྱོང་ས་དག་སྔོག་འདོན་བྱེད་རྒྱུ་དེ་གསར་འགོད་པའི་ལས་འགན་དངོས་གནས་དེ་རེད། རྒྱ་ནག་ལྟར་ལེགས་འགྲུབ་བྱུང་བ་དང་ཡར་རྒྱས་ཕྱིན་པ། རྒྱལ་ཁ་བླངས་པ་སོགས་འཁོད་སྡོད་པ་དེ་གཞུང་གི་ཁྱབ་བསྒྲགས་རེད།
    ད་དུང་ཆོས་ཞུ་བ་ཚོར་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་མེད་སྐོར་འགོད་རྒྱུ་དང་། ལ་དྭགས་ཡུལ་མི་དང་ནང་པ་མ་ཡིན་པ་ཚོར་བསམ་ཚུལ་ག་རེ་ཡོད་པ་དང་བཅར་འདྲི་ཞུས་ཏེ་འགོད་ཐུབ་ན་ཡག་པོ་ཡོད་རེད།

    Reply
  6. པ་སངས། says:
    ལོ་ 12 སྔོན།

    གསར་འགྱུར་ཡག་པོ་འཁོད་འདུག ཉེ་ལམ་ཇོ་ནང་གི་ཚེ་དབྱངས་ཟེར་བ་དེས་ཁོ་རང་གཅིག་པོ་སྦྱིན་བདག་ཡིན་མདོག་མདོག་དང་། གྲ་སྒྲིག་དང་མཐུན་སྐྱེན་མང་པོ་ཞིག་བསྐྲུན་ཡོད་མདོག་མདོག་བཤད་པ་དེ་འགྲིག་གི་ཡདོ་མ་རེད། ལས་འགན་ཆེན་པོ་རེད་གཟབ་གཟབ་སེང་སེང་བྱེད་གལ་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese