མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཟུར་བར་ཁྲིམས་བཤེར།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཧྥ་རན་སི་ཁྲིམས་ཁང་གིས་དེ་སྔའི་སྲིད་འཛིན་ཟུར་པ་ནེ་ཁཱོ་ལཱ་སར་ཁཱོ་ཛི་ཡིས་ལྐོག་ཟ་ལྐོག་རྔན་བླངས་པ་བཅས་ཀྱི་དོགས་གཞིའི་འོག་ཁྲིམས་བཤེར་བྱས་ཡོད་འདུག

ཁ་སང་ཧྥ་རན་སི་རྒྱལ་སའི་ནཱན་ཌེ་རར་ (Nanterre) ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ནེ་ཁཱོ་ལཱ་སེ་སར་ཁཱོ་ཛི་ (Nicolas Sarkozy)ཡིས་དེ་སྔོན་དབང་ཆ་བེད་སྤྱོད་ལོག་པར་བཏང་སྟེ་ ༢༠༠༧ ལོའི་སྲིད་འཛིན་གྱི་འོས་བསྡུའི་འགྲོ་གྲོན་གྱི་ཡོང་ཁུངས་རྩད་ཞིབ་བྱེད་མ་བཅུག་པ་དང་། ལྐོག་ཟ་དང་ལྐོག་རྔན་བླངས་པ། ལྐོག་ཚོང་བརྒྱབ་པ། རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པ་བཅས་ཀྱི་དོགས་གཞིའི་འོག དུས་ཡུན་ཆུ་ཚོད་ ༡༥ ཙམ་བཀག་ཉར་དང་འབྲེལ་འདྲི་གཅོད་བྱས་ཡོད་འདུག འདི་ནི་ཧྥ་རན་སི་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ཞིག་ལ་ཁྲིམས་བཤེར་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

འདིའི་ཐད་ཧྥ་རན་སི་གཞུང་གི་མགྲིན་ཚབ་པ་ལཱེ་ཧྥོལ་ (Stephane Le Foll) ལགས་ཀྱིས། “ ཁྲིམས་ཀྱི་མདུན་སར་མི་ཚང་མ་འདྲ་མཉམ་ཡིན་སྟབས། ནེ་ཁཱོ་ལཱ་སེ་སར་ཁཱོ་ཛི་ཡི་བྱ་སྤྱོད་རིགས་ལ་ཁྲིམས་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་ནག་ཉེས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན།” ཞེས་བརྗོད་འདུག ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཨེ་སེ་ཌོར་སི་ (Christian Estrosi) ལགས་ཀྱིས། “ ཧྥ་རན་སིའི་ལོ་རྒྱུས་ནང་སྲིད་འཛིན་ཟུར་པ་ཞིག་ལ་ཁྲིམས་བཤེར་བྱས་པ་ཐོག་མ་ཡིན་སྟབས། ཁོང་ལ་ཁྲིམས་ཁང་གིས་མ་ཉེས་ཁག་གཡོགས་མ་བྱས་པར་དྲང་ཚུགས་བརྟན་པོས་ཁྲིམས་ཐག་གཅོད་ཐུབ་པ་བྱ་དགོས།” ཞེས་བརྗོད་འདུག

༢༠༠༧ ལོའི་ཧྥ་རན་སི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐབས་ནེ་ཁཱོ་ལཱ་སར་ཁཱོ་ཛིས་ལེ་བྷེ་ཡའི་དབང་འཛིན་གྷ་ཌ་ཧྥི་ (Muammar Gaddafi) ཡི་ལག་ནས་ཨ་སྒོར་ས་ཡ་ ༧༠ དང་། ཧྥ་རན་སི་ཕྱུག་བདག་ལཱི་ལཱན་ནེ་ (Liliane Bettencourt) ཡི་ས་ནས་ཨ་སྒོར་ཆིག་འབུམ་ལྔ་ཁྲི་བཅས་ཀྱི་ཁྲིམས་མཐུན་མིན་པའི་ལྐོག་དངུལ་བླངས་ཏེ། འོས་བསྡུའི་ཁྱབ་བསྒྲགས་བྱས་ཡོད་པ་ཟད། སྲིད་འཛིན་མ་ཆགས་སྔོན་པ་ཀི་སི་ཐན་གཞུང་གི་ལྐོག་རྔན་བླངས་ཏེ། ཧྥ་རན་སི་དང་པ་ཀི་སི་ཐན་བར་གོ་མཚོན་ཉོ་ཚོང་གི་གྲོས་མཐུན་འཇོག་རྒྱུའི་ཐག་གཅོད་སོགས་བྱས་ཡོད།

༢༠༡༢ ལོའི་སྲིད་འཛིན་འོས་བསྡུའི་སྐབས་འོས་བསྡུའི་འགྲོ་གྲོན་གྱི་ཡོང་ཁུངས་ཁ་གསལ་བཟོས་མེད་པ་མ་ཟད། འཇར་མན་གྱི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་ (Stasi ) ཞེས་པ་དང་ལག་འབྲེལ་གྱིས་ལྐོག་ཚོང་བརྒྱབ་ཡོད་པ་དང་། དེ་བཞིན་ཧྥ་རན་སི་ཞིབ་དཔྱོད་ཁང་གི་ཁྲིམས་དཔོན་གྷེལ་བྷར་ཌི་ (Gilbert Azibert ) ལགས་བསླུས་ཏེ། འོས་བསྡུའི་གྱོད་དོན་འགེབ་ཐབས་ཀྱིས་ཁོ་ལ་མོ་ན་ཀོ་ (Monaco) ནང་གནད་ཡོད་གོ་གནས་ཤིག་བཀོད་སྒྲིག་བྱ་རྒྱུ་བྱས་པ་སོགས་ཀྱི་གནས་ཚུལ་རིམ་པ་བཞིན་ཐོན་ཏེ་ཐེངས་འདིར་ཁྲིམས་བཤེར་བྱས་པ་ཞིག་ཡིན་འདུག

༢༠༡༢ ལོར་ཧྥ་རན་སིའི་ཆེས་མཐོའི་ཁྲིམས་ཁང་གིས་ནེ་ཁཱོ་ལཱ་སར་ཁཱོ་ཛི་ཡིས་སྲིད་འཛིན་འོས་བསྡུའི་སྐབས་ལྐོག་རྔན་བླངས་ཡོད་པའི་དོགས་གཞིའི་འོག་འདྲི་གཅོད་བྱས་ཡོད་ཀྱང་། ༢༠༡༣ ལོར་ཁ་མཆུ་དེ་ཕྱིར་ལེན་བྱས་ཡོད་འདུག ཁྲིམས་ཁང་གིས་ད་ལྟ་སླར་ཡང་གྱོད་དོན་དེ་སྔོག་འདོན་བྱས་ཏེ། ཁོང་དང་ཁྲིམས་རྩོད་པ་ཧར་ཛོག་ (Thierry Herzog)དང་ཁྲིམས་དཔོན་གྷེལ་བྷར་ཌི་ (Gilbert Azibert ) སོགས་ལ་ཁྲིམས་བཤེར་བྱེད་བཞིན་ཡོད་འདུག དཔྱད་བརྗོད་པ་ཚོས། ཐེངས་འདིར་ཧྥ་རན་སི་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ནེ་ཁཱོ་ལཱ་སར་ཁཱོ་ཛི་ཡིས་ནག་ཉེས་བསགས་ཡོད་པ་ཁྲིམས་ཐོག་ནས་ར་སྤྲོད་བྱུང་ཚེ། ཁོང་ལ་ཨ་སྒོར་ ༦༨༢༠༠༠ ལྷག་གི་ཉེས་ཆད་དང་། ལོ་ ༥ ནས་ ༡༠ བར་གྱི་དུས་བཀག་བཙོན་འཇུག་བཅས་ཀྱི་ཉེས་པ་འཕོག་རྒྱུ་མ་ཟད། ཁོ་མ་འོངས་པར་སྲིད་འཛིན་དུ་ལངས་རྒྱུའི་ལམ་ཁ་རྦད་དེ་འགག་ཚར་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

སྐར་མ ༤༠ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese