མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྲུ་གུ་གསུམ་ཡན་ཡོད་ན་གཞུང་གི་དམིཊ་བསལ་ལྟ་སྐྱོང་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མི་ཕྲུ་གུ་གསུམ་ཡན་ཡོད་མཁན་ཚོའི་ཤེས་ཡོན་དང་འཕྲོད་བསྟེན་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་དམིགས་བསལ་ལྟ་སྐྱོང་རོགས་རམ་གནང་རྒྱུ་ཡིན་ཟེར།

ཉེ་ལམ་ཟླ་ ༦ ཚེས་ ༡༦ ཉིན་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་བཀོད་ཁྱབ་ཅིག་བཏང་ཡོད་པའི་ནང་། དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོའི་དགོངས་དོན་ལྟར། བཙན་བྱོལ་བོད་མི་ཕྲུ་གུ་གསུམ་ཡན་ཡོད་པ་རྣམས་ལ་གཞུང་ངོས་ནས་དམིགས་བསལ་བལྟ་སྐྱོང་གནང་རྒྱུ་ཡིན་པ་དང་། སྲིད་བྱུས་དེ་ད་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་ལག་བསྟར་བྱེད་དགོས་སྐོར་སོགས་འཁོད་འདུག

བཀའ་ཤག་གི་བཀོད་ཁྱབ་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༥ ནས་ ༢༨ བར་བཞུགས་སྒར་དྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྐྱངས་པའི་རྒྱབ་གཉེར་སྙན་ཐོའི་བརྗོད་གཞི་གཉིས་པའི་དོན་ཚན་ ༡༦ པའི་དགོངས་དོན། “ བོད་མི་རིགས་ཀྱི་འཐབ་རྩོད་ལ་འཕྲལ་ཕུགས་གང་ཐད་ནས་མི་འབོར་ཉུང་བའི་དཀའ་ངལ་ དངོས་ཡོད་ལ་བརྟེན། ཕྲུ་གུ་མང་པོ་སྐྱེད་གསོ་བྱེད་དགོས་པ་དང་། ཕྲུ་གུ་གསུམ་པ་ཡན་ཡོད་པ་རྣམས་ལ་གཞུང་ངོས་ནས་དམིགས་བསལ་བལྟ་སྐྱོང་དགོས།” ཞེས་གསལ་ཡོད་པ་ལྟར། དེ་ལྟའི་གཟིགས་སྐྱོང་གནང་ཕྱོགས་ཀྱི་སྲིད་ཇུས་གཏན་འབེབས་བྱ་རྒྱུའི་འཆར་འབུལ་ཚོགས་ཆུང་ཟུར་འཛུགས་བྱས་པའི་རྒྱབ་གཉེར་སྙན་ཐོ་ལ་བཀའ་ཤག་ནས་བསྐྱར་ཞིབ་གནང་འོས་གནང་སྟེ་སྲིད་ཇུས་དོན་ཚན་ ༥ ཅན་ཞིག་གཏན་འབེབས་གནང་སོང་བའི་འདྲ་བཤུས་འདི་མཉམ་ཟུར་འབུལ་ཞུས་ཡོད་ཅིང་། སྲིད་ཇུས་དོན་ཚན་ལྔ་པའི་དགོངས་དོན་ཇི་བཞིན་དེ་ག་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་ཕྱི་ལོ་ ༢༠༡༤ ལོའི་ཟླ ༧ ཚེས་ ༡ ནས་བཟུང་རྩ་འཛིན་ཕྱག་བསྟར་དོན་འཁྱོལ་དགོས་པ་དགོངས་འཇགས་ཞུ། ཞེས་འཁོད་འདུག

ལས་དོན་དེ་ལག་བསྟར་གནང་ཕྱོགས་ཀྱི་རྩ་འཛིན་སྲིད་བྱུས་དོན་ཚན་ ༥ འཁོད་ཡོད་པའི་ནང་། དང་པོ། ཕྲུ་གུ་གསུམ་ཡན་ཡོད་པའི་ཁྱིམ་ཚང་རྣམས་ཀྱི་ཕྲུ་གུ་གསུམ་པ་ཡན་ཚང་མར་ཤེས་རིག་ལས་ཁུངས་ནས་དམིགས་བསལ་སློབ་ཡོན་རོགས་སྐྱོར་དགོས་རྒྱུ། འོན་ཀྱང་སློབ་ཡོན་སྒེར་ཁུངས་ནས་གཏོང་ཐུབ་པའི་ཁྱིམ་ཚང་ཁག་ནས་དམིགས་བསལ་ལམ་སྟོན་འདི་ཞུ་ལེན་མི་དགོས་པའི་ལམ་སྟོན་ཞུ་རྒྱུ། གཉིས་པ། ཕྲུ་གུ་གསུམ་ཡན་ཡོད་པའི་ཁྱིམ་ཚང་གི་འཕྲོད་བསྟེན་མཐུན་རྐྱེན་ཐོག་འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་རོགས་སྐྱོར་གྱི་ལས་གཞི་གང་དགོས་སྤེལ་རྒྱུ། གསུམ་པ། ཕྲུ་གུ་གསུམ་ཡན་ཡོད་པའི་སྐྱེད་མ་རྣམས་དང་ཕྲུ་གུ་གསུམ་ཡན་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འོག་ནས་སྨན་བཅོས་རིན་མེད་གནང་རྒྱུའི་ཆ་རྐྱེན་གཏོད་རྒྱུ། བཞི་པ། ཕྲུ་གུ་གསུམ་ཡན་མངལ་འཁོར་བྱུང་བའི་སྐྱེད་མ་རྣམས་ལ་སྦྲུམ་མའི་དུས་ཡུན་རིང་དང་ཕྲུ་གུ་བཙའ་དུས་ཀྱི་སྨན་བཅོས་འགྲོ་གྲོན་ཆ་ཚང་འཕྲོད་བསྟེན་ལས་ཁུངས་ནས་གཏོང་རྒྱུ། ལྔ་པ། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྡེ་ཚན་ཁག་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རང་སྐྱོང་ཚོགས་སྡེ་ཁག་བཅས་ཀྱི་བུད་མེད་ལས་བྱེད་རྣམས་ལའང་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ལས་བྱེད་རྣམས་ལ་ཇི་ཡོད་ལྟར་ཕྲུ་གུ་བཙས་ཤོར་སྐབས་དམིགས་བསལ་ཕོགས་ཡོད་གུང་སེང་གི་ཐོབ་ཐང་གཏན་འབེབས་ དགོས་པའི་ལམ་སྟོན་བཀོད་ཁྱབ་བྱ་རྒྱུ། ཞེས་སོགས་འཁོད་འདུག

གསར་འགོད་པ་ཤེས་རིག་ལས་ཁུངས་སུ་བཅར་ཏེ་བཀའ་ཤག་གི་བཀོད་ཁྱབ་ནང་གསལ་ལྟར། བཙན་བྱོལ་བོད་མི་ཕྲུ་གུ་གསུམ་ཡན་ཡོད་མཁན་ཚོའི་སློབ་ཡོན་སོགས་ལ་གཞུང་གིས་རོགས་རམ་གནང་རྒྱུར། རོགས་དངུལ་ལ་ཚད་གཞི་ཡོད་མེད་སོགས་བྱེ་བྲག་གི་སྲིད་བྱུས་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་བར། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ལགས་ཀྱིས་ཤེས་རིག་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཁག་ཤེས་རིག་ལས་ཁུངས་ཀྱིས་ཚོགས་ཆུང་བཙུགས་ཏེ་བསྐྱར་ཞིབ་གནང་རྗེས་སྙན་ཐོ་བཀའ་ཤག་ལ་ཕུལ་ཡོད་པ་རེད། དེའི་སྐོར་བཀའ་ཤག་གིས་ཐག་གཅོད་གཏན་འབེབས་གནང་རྗེས་གསལ་བསྒྲགས་གནང་ཡོང་གི་རེད། དེ་མ་གཏོགས་ད་སྔ་དེའི་སྐོར་ལ་ཞུ་རྒྱུ་གཞན་མེད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༈དེང་སང་བཙན་བྱོལ་ཁྲོད་ཀྱི་ཁྱིམ་གསར་འཛིན་མཁན་ཚོའི་མི་ཚེ་གཅིག་འཚོ་སྐྱེལ་རྒྱུར་ཞེད་ཐག་ཆོད་དེ་ཕྲུ་གུ་གཅིག་སྐྱེས་སྐྱོང་ཕོད་ན་དེ་ནི་བློ་ཁོག་ཆེ་གྲས་དང་ཁོ་རང་གཉིས་འབྲེལ་པ་མི་ཆད་ཐབ་ཙམ་རེད་བོད་མི་རིགས་ལ་འགན་ཁུར་ནི་མེད་ཐག་ཆོད་རེད་བུ་ཕྲུག་གཅིག་པུ་བཟོས་པ་རྟེན་བུ་ཕྲུག་དེ་ཚོ་ཆེན་པོ་ཆགས་དུས་ཁོ་ཚོ་ལ་སྤུན་ཆེད་མེད་པའི་མི་ཞིག་ཕ་མ་གཉིས་ཀྱིས་བཟོས་པ་རེད་ལ་ཕ་མ་རང་ཉིད་བུ་ཕྲུག་གཅིག་པུ་དེས་ཡག་པོ་མ་བྱས་པ་འམ་ཤི་ཆད་དེ་ནས་ཚར་མ་རེད་དམ་

    Reply
  2. ཚེ་རྣམ། says:
    ལོ་ 12 སྔོན།

    དེང་སྐབས་ཕྲུ་གུ་གསུམ་ལས་ལྷག་ཕར་ཟད་གསུམ་རེ་སྐྱེས་མཁན་ཡང་རེག་གི་མ་རེད། བོད་གཞུང་སྐད་ངན་ཤོར་བཞིན་འདུག
    བཀའ་ཤག་གི་གསལ་བསྒྲགས་ “ནང་ཕྲུ་གུ་གསུམ་ཡན” ཟེར་བ་དེ་ག་རེ་ལ་གོ་དགོས་པ་རེད། ཕྲུ་གུ་གསུམ་པ་དེ་དམགས་བསལ་ལྟ་སྐྱོང་འོག་ཚུད་གི་རེད་དམ།

    བཀོད་ཁྱབ་འདི་ནང་དུ་ཁ་གསལ་བོ་མེད་པ་དང་མགོ་རྙོག་གཞིའི་རིགས་མང་པོ་ཞིག་འདུག སློབ་ཡོན་ག་ཚོད་རེག་གི་རེད། དུས་ཡུན་ཅི་ཙམ་ལ་རེག་གི་རེད། འཕྲོད་བསྟེན་གྱི་དངུལ་ཆ་ཚང་སྤྲོད་གི་རེད་དམ་དུས་ཚོད་ག་ཚོད་བར་རེག་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese