མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཉིས་སྨན་ཐོག་བོད་ཀྱི་བདེན་མཐའ་སེལ་རྒྱུར་རོགས་རམ་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༸གོང་ས་མཆོག་གིས་བཀའ་སློབ་གནང་སྟེ། བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་དེ་ཤེས་པའི་སྡེ་ཚན་དང་ལྟ་གྲུབ་ཀྱི་སྡེ་ཚན། སེམས་ཀྱི་སྡེ་ཚན་ཁག་སོ་སོར་ཕྱེ་ཡོད་སྟབས། དེས་འཛམ་གླིང་གི་མི་ཚང་མར་གང་འཚམ་ཞབས་འདེགས་སྒྲུབ་པའི་ནུས་པ་ཞིག་མཐོང་ཡོད་སྐོར་གསུངས་སོང་།

ཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པར་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་༸གོང་ས་མཆོག་དབུ་བཞུགས་ཐོག་སྐུའི་འཁྲུངས་སྐར་སྲུང་གཙི་གནང་སོང་། དེར་དགའ་ལྡན་ཁྲི་རིན་པོ་མཆོག་དང་། ས་སྐྱའི་གདུང་སྲས་མཆོགཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོགསྤྱི་འཐུས་ལྷན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོགཇམ་ཀ་ཤི་མུར་མངའ་སྡེའི་འཛུགས་སྐྲུན་བློན་ཆེན་ངག་དབང་རིག་འཛིན་ཇོ་ར་ལགས།ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་བཟོད་པ་ལགས།ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་དབང་ལགས།བོད་དོན་རྒྱབ་སྐྱོར་བ་རེ་ཆར་གྷིར་ (Richard Gere) ལགས་བཅས་དང་།དེ་བཞིན།བླ་སྤྲུལ་དགེ་བཤེས་དང་། དུས་དབང་གི་སྦྱིན་བདགལ་དྭགས་ཀྱི་གནད་ཡོད་མི་སྣ་དང་མི་མང་བཅས་མི་ ༡༢༥༠༠༠ ལྷག་བཅས་འཛོམས་འདུག

ཁ་སང་༸གོང་ས་མཆོག་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག ཆོས་རིག་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་བཀའ་ཤག་དང་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་རྗེས། མངའ་སྡེའི་འཛུགས་སྐྲུན་བློན་ཆེན་ངག་དབང་རིག་འཛིན་ཇོ་ར་ལགས་ཀྱིས།དེ་རིང་༸གོང་ས་མཆོག་དགུང་གྲངས་༧༩ལ་ཕེབས་པའི་འཁྲུངས་སྐར་ལ་ངས་ལ་དྭགས་མི་མང་གི་ཚབ་བྱས་ཏེ་འཚམས་འདྲི་ཞུ་བཞིན་ཡོད། ཁྱེད་ཀྱི་འཁྲུངས་སྐར་ལ་དྭགས་ནང་ལོ་ལྟར་སྲུང་གཙི་གནང་གི་ཡོད་ཀྱང་།ད་ལོར་སྐུ་དངོས་སུ་འཁྲུངས་སྐར་ཉིན་མོར་ཕེབས་ནས་ང་ཚོར་བྱིན་རླབས་ཟབ་མོ་རག་ཡོད་པར་ཚོར་གྱི་འདུག༸གོང་ས་མཆོག་གིས་ལ་དྭགས་ནང་དུས་དབང་ཐེངས་གསུམ་གྱི་གོ་སྐབས་གནང་བ་རེད།འདིས་སྐུ་ཉིད་དང་ལ་དྭགས་མི་མང་དབར་ཆོས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་མཚོན་གྱི་ཡོད། ༡༩༦༠ནང་ལ་དྭགས་ལ་དགེ་བཤེས་གཅིག་མ་གཏོགས་མེད། དེང་སང་དགེ་བཤེས་བརྒྱ་ལྷག་ཡོད།དེ་༸གོང་ས་མཆོག་གིས་གྲྭ་བ་མང་པོར་གདན་ས་ཁག་ཏུ་ནང་ཆོས་སློབ་སྦྱོང་གི་གོ་སྐབས་གནང་བ་ལ་བརྟེན་ནས་བྱུང་ཡོད། སྐུ་ཉིད་ལ་དྭགས་ནང་ཆིབས་བསྒྱུར་ཡང་ཡང་གནང་སྟེ་མི་མང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། མ་འོངས་པར་ཡང་ཡང་ཕེབས་པའི་གསོལ་འདེབས་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

དེའི་རྗེས་༸གོང་ས་མཆོག་གིས་གསུང་དོན། དེ་རིང་དུས་འཁོར་དབང་ཆེན་དང་ཁེལ་ནས་ངའི་སྐྱེས་སྐར་ཡིན་སྟབས། ཆོས་དང་སྲིད་ཀྱི་དབུ་ཁྲིད་གཙོས་ལ་དྭགས་སེར་སྐྱ་མི་མང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འདིར་ཕེབས་ ཏེ་ངའི་སྐྱེས་སྐར་ལ་འཚམས་འདྲི་དང་སྨོན་ལམ་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལུས་པོ་དངོས་སུ་མེད་པའི་གཞིས་ལུས་རྒྱ་ཆེ་མི་མང་གིས་མངོན་གསལ་དོད་པོས་ངའི་སྐྱེས་སྐར་ལ་དགའ་བོ་བྱེད་ཆོག་གི་མེད་ཀྱང་། སེམས་ནང་དད་པ་གཡོ་བ་མེད་པར་སྨོན་ལམ་རྒྱག་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་བཞིན། ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་སོག་པོ་ཕྱི་ནང་གཉིས་དང་།ཨུ་རུ་སུའི་ཁོངས་གཏོགས་ཀྱི་སོག་རིགས།ཐའེ་ཝན་གྱི་རྒྱ་རིགས་གྲོགས་པོ།རྒྱ་ནག་སྐམ་ས་ཆེན་པོར་ང་ལ་དགའ་ཞེན་བྱེད་མཁན་ཚོས་སེམས་ནང་དྲན་བསྡད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་ནས་རྒྱ་གར་ནང་རང་དབང་ལོངས་སྤྱོད་ཐུབ་ཀྱི་ཡོད་སྟབས།ང་འཛམ་གླིང་ཡུལ་གྲུ་གང་སར་ཕྱིན་ནས་མི་སུ་ལ་ཐུག་ཀྱང་། མིར་ཐུག་གི་ཡོད་བསམ་པ་ལས། ང་བོད་དང་ཨེ་ཤ་ཡའི་མི་ཡིན།ང་ནང་པ་ཡིན་དྲན་གྱི་མེད།  མི་དང་མི་ཐུག་སྐབས་རང་བཞིན་གྱིས་ཕན་ཚུན་གྲོགས་པོ་ཆགས་པ་དང་། ཡིད་ཆེས་བསླེབ་ཀྱི་ཡོད་སྟབས་ཡུལ་གྲུ་མང་པོར་ངའི་གྲོགས་པོ་ཡོད།ཁ་ཆེ་དང་ཡེ་ཤུཇེའུ།ཧིན་རྡུའི་ཆོས་པའི་ནང་དང་།དམིགས་བསལ་ཆོས་མེད་མཁན་ནང་ངའི་གྲོགས་པོ་ཡོད། ཁོང་ཚོས་དེ་རིང་ཏཱ་ལའི་བླ་མའི་སྐྱེས་སྐར་རེད་ཟེར་ནས་དྲན་བསྡད་པར་ངས་ཚང་མར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཞེས་གསུངས་སོང་།

ཡང་༸གོང་ས་མཆོག་གིས། ངས་ནམ་རྒྱུན་ལུས་ངག་ཡིད་གསུམ་ཐོག་མི་ལ་འབྲེལ་བ་བྱེད་པར་དོན་ཚན་གསུམ་བཤད་ཀྱི་ཡོད། དང་པོ། འཛམ་གླིང་ཐོག་མི་དུང་ཕྱུར་ ༧༠ ཙམ་ཡོད་པའི་ནང་ང་མི་གཅིག་རེད། ང་ཚོ་མི་ཡིན་པ་དང་བདེ་བ་ལས་སྡུག་བསྔལ་མི་འདོད་པ།སེམས་ནང་ཞི་བདེ་འདོད་ཀྱང་རྣམ་རྟོག་དབང་གིས་སེམས་པ་མ་སྐྱིད་པ་ཡོང་བ། མི་ཚང་མར་རྣམ་དཔྱོད་ཡོད་པ།ཚང་མ་མ་ལས་བཙས་པ་གཅིག་པ་རེད།  མ་གཙོས་སོ་སོའི་གཉེན་ཉེའི་བརྩེ་སྐྱོང་འོག་མི་ཚེ་བསྐྱལ་དགོས་སྟབས། ང་ཚོ་ཚང་མར་ལྷན་སྐྱེས་ཀྱིས་ཕན་ཚུནབརྩེ་བ་ཡོད་བསྡད་པ་ཞིག་རེད། མི་སུར་ཐུག་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ། རྣམ་རྟོག་གིས་རུབ་འཛིང་ནས་སྡུག་བསྔལ་ཡོང་བ། བདེ་བ་ཡོང་བར་ཕན་ཚུན་བརྩེ་བ་ཡོང་ནས་ཡིད་ཆེས་ཡོང་བསྡད་པ། ཡིད་ཆེས་ཡོད་ན་གྲོགས་པོ་ཆགས་ཐུབ་པ། གྲོགས་པོ་ཡོད་ན་བློ་བདེ་ཆགས་ཐུབ་པ་དང་འཇིགས་སྣང་མེད་པ་ཡོང་གི་ཡོད་སྟབས།མི་སུ་ལ་ཐུག་ཀྱང་དང་པོ་མི་གཅིག་མཚུངས་ཡིན་པའི་རིམ་པའི་ཐོག་ནས་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན། གང་ལྟར་རྐྱེན་སྣ་ཚོགས་ཆགས་པ་ཡིན་ནའང་། སེམས་ཀྱི་བྱམས་བརྩེ་ཡོད་ན་ཕྱི་ནས་རུབ་སྒྲིག་ཀྱང་སེམས་ཞི་བདེར་གནས་ ཐུབ་ཀྱི་ཡོད། དེ་མིན། དེང་སྐབས་འཛམ་གླིང་གི་གནམ་གཤིས་ལའང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། དེ་འགྲོ་བ་མིའི་སྤྱིའི་ཁེ་ཕན་ལ་ཐུག་ཡོད། ཁོར་ཡུག་ལ་རྒྱལ་ཁབ་ཀྱི་ས་མཚམས་དང་ཆོས་ལུགས། མི་རིགས་ཀྱི་དབྱེ་བ་མེད། ཐ་ན་བྱ་རི་དྭགས་མཚོན་པའི་སྲོག་ཆགས་ལའང་ཁོར་ཡུག་གི་འབྲེལ་བ་ཡོད་སྟབས། ལ་དྭགས་ནང་ཁོར་ཡུག་ལ་དམིགས་བསལ་དོ་སྣང་བྱེད་པ་ཡག་པོ་འདུག དོ་སྣང་མ་བྱས་ན་ས་སྐམ་པོ་ཐལ་རྡུལ་འཚུབ་འཚུབ་འདི་དེ་ལས་སྡུག་རུ་འགྲོ་རྒྱུ་རེད། ང་ཚོས་ཁོར་ཡུག་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

གཉིས་པ། ང་ནང་པའི་ཆོས་པ་ཞིག་རེད། འཛམ་གླིང་ནང་ལྟ་གྲུབ་འདྲ་མིན་ཡོད་པའི་ཆོས་རྒྱུད་ཚང་མས་བྱམས་བརྩེའི་ཉམས་ལེན་གཅིག་གྱུར་གསུང་གི་འདུགཆོས་རྒྱུད་ཚང་མའི་བསླབ་བྱ་གཙོ་བོ་བྱམས་བརྩེ་ལ་ཐུག་བསྡད་ཡོད། འཇིགས་སྣང་འོག་གི་འཚེ་བ་མེད་ཟེར་བ་དང་མགོ་བདེ་དྲན་འཁྲུལ་བྱས་པ་འཚེ་བ་མེད་པ་མ་རེད། བྱམས་བརྩེ་འཁུར་ནས་བླངས་པའི་སྲོག་ཆགས་ཡིན་མིན་དག་ལ་གནོད་པ་བྱེད་ན་རུང་གི་མ་རེད་བསམ་པ་འཚེ་བ་མེད་པའི་ལྟ་གྲུབ་ཐོག་འགྲོ་བསྡད་ཀྱི་འདུག མིའི་ཁམས་དང་མོས་པ་མ་འདྲ་བ་ཡིན་སྟབས། ལྟ་གྲུབ་མ་འདྲ་བ་དགོས་ཀྱི་ཡོད། བསམ་བློ་ཡག་པོ་བཏང་ན་འཛམ་གླིང་ནང་ཆོས་རྒྱུད་ཚང་མས་བསླབ་བྱ་གཅིག་གྱུར་རྒྱག་གི་ཡོད།ཕན་ཚུན་གུས་བརྩི་དང་ཉམས་མྱོང་སྤེལ་རེ་བྱས་ན། ཆོས་ལུགས་མཐུན་འབྲེལ་བྱེད་ཐུབ་ཀྱི་རེད། ཆོས་ལུགས་མཐུན་འབྲེལ་ངེས་པར་དགོས་པ་རེད། ད་ལྟ་འཛམ་གླིང་ནང་ཉིན་རེར་ཆོས་ལུགས་ཐོག་མི་སྟོང་ཕྲག་ཁ་ཤས་གསོད་རེས་གཏོང་གི་འདུག དེ་རིང་ཁ་སང་ནང་པ་དང་ཁ་ཆེ་འཁྲུག་བསྡད་པ་འབར་མ་དང་སེང་གྷ་ལར་ཡོད་པ་དེ་ཧ་ལས་བའི་ཐབས་སྐྱོ་བོ་རེད། ངས་ནམ་རྒྱུན་ནང་པ་ཚོས་ཁ་ཆེ་ཆོས་པ་ཚོར་གཅར་རྡུང་བྱེད་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་རས་སྒོམ་རོགས་ཞེས་བཤད་ཀྱི་ཡོད། བཅོམ་ལྡན་འདས་ཀྱི་ཞལ་རས་སྒོམ་པ་ཡིན་ན། སྡུག་བསྔལ་མྱོང་མཁན་ལ་བྱམས་པོ་གནང་གི་རེད། ཁ་ཆེ་སུ་ནེ་དང་ཤཱ་སི་བར་རྙོག་གྲ་ཆེན་པོ་བྱུང་ནས་གསོད་རེས་གཏོང་བ་དང་། ཡེ་ཤུའི་ནང་རྙོག་གྲ་ཡོད་པ་ཧ་ཅང་ཐབས་སྐྱོ་བོ་རེད། ང་རང་ནང་པ་ཞིག་ཡིན་པའི་ངོས་ནས་འཛམ་གླིང་གི་ཆོས་ལུགས་རིས་སུ་མ་ཆད་པར་མཐུན་སྒྲིལ་དམ་གཙང་ཡོང་བར་འབད་བརྩོན་གནང་གི་ཡོད།

དོན་ཚན་གསུམ་པ། ང་བོད་པ་རེད། ལྷག་པར་དུ་བོད་མི་ས་ཡ་དྲུག་གིས་ང་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། རང་བཞིན་གྱིས་སུན་པོ་བྱེད་པ་ཞིག་རེད། ལྷག་པར་དུ་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་བ་རིག་པའི་ལམ་ནས་གཏན་ལ་ཕབ་ཐུབ་པའི་ཆོས་རྒྱུད་ཅིག་ཆགས་འདུག ངས་ནམ་རྒྱུན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་གི་སྤྱི་ནོར་རེད་ཅེས་བཤད་པ་ཕལ་ཆེར་འགྲོ་ཐུབ་པར་བྱེད་ཀྱི་ཡོད། ལྷག་པར་དུ་སེམས་ཀྱི་སྦྱོང་བརྡར་དང་ཤེས་བའི་འགྲོ་སྟངས། སངས་རྒྱས་ཀྱི་གཞུང་ནས་བློའི་འཛིན་སྟངས་ག་འདྲ་ཡོད་པ་དང་། དེ་དག་ཕན་ཚུན་གནོད་བྱེད་དུ་འགྲོ་བཞིན་པ། འཛིན་སྟངས་མི་འདྲ་བའི་བློ་གང་ཞིག་ལ་རྒྱབ་རྟེན་ཚད་མ་ཡོད་པ། འཛིན་སྟངས་མི་འགྲོ་བའི་བློ་གང་ལ་རྒྱབ་རྟེན་ཚད་མེད་བསྡད་པ། དེ་དག་ཕྱི་དངོས་པོའི་ཐོག་འགྲེལ་བཤད་རྒྱག་ཐུབ་པའི་སངས་རྒྱས་ཀྱི་ཆོས་ལུགས་ཤིག་རེད། བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་དེ་ཤེས་པའི་སྡེ་ཚན་དང་ལྟ་གྲུབ་ཀྱི་སྡེ་ཚན། སེམས་ཀྱི་སྡེ་ཚན་ཁག་སོ་སོར་ཕྱེ་ཡོད་ན། འཛམ་གླིང་གི་མི་ཚང་མར་གང་འཚམ་ཞབས་འདེགས་སྒྲུབ་པའི་ནུས་པ་ཞིག་མཐོང་གི་འདུག ང་ཚོ་བོད་པའི་ཆ་ནས་བཤད་ན། བོད་པའི་སངས་རྒྱས་ཆོས་དང་། དེ་འབྲེལ་གྱི་ལྟ་གྲུབ་དག་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཆགས་ཡོད། རྒྱུ་མཚན། དཔལ་ན་ལེཎྡྲའི་ཆོས་རྒྱུད་དེ་སྐད་ཡིག་གཞན་ལ་བརྟེན་མི་དགོས་པར། བོད་སྐད་ནང་ཆ་ཚང་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད།

ཆབ་སྲིད་ཟེར་བ་དེ་དུས་ཀྱི་འགྱུར་བར་བརྟེན་ནས་འགྱུར་བསྡད་ཀྱི་རེད། ངས་ལོ་ ༡༦ ནས་ ༧༦ བར་འགན་འཁུར་བ་རེད། དེ་ནས་དངོས་ཡོད་གནས་ཚུལ། ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་འབྲས་བུར་བོད་རང་བཙན་རྩོད་ཀྱི་མེད། བོད་རྒྱ་གཉིས་མོས་ཀྱི་ལམ་ལ་ཞུགས་སྟབས། བོད་ཀྱི་གནས་ཚུལ་ཤེས་མཁན་རྒྱ་རིགས་ཤེས་ཡོན་ཅན་དང་ནང་པ། དེ་མིན་རྒྱ་རིགས་མང་པོ་ཞིག་གིས་རྒྱབ་སྐྱོར་དང་ཤ་ཚ་བྱེད་ཀྱི་འདུག ད་ལྟ་ང་ཚོས་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཟུར་དུ་ཡོད་པ་དེར་བདག་པོ་རྒྱག་རྒྱུ་གལ་ཆེ་ཤོས་རེད།ཆབ་སྲིད་འཐབ་རྩོད་ཀྱི་འགྲོ་སྟངས་འཚེ་བ་མེད་པ་དང་བདེན་པ་རྩ་བར་བཞག་ཏེ། དངོས་ནས་རང་རྒྱལ་གཞན་ཕན་མིན་པར། གཉིས་སྨན་ཐོག་བདེན་མཐའ་སེལ་བར་འབད་བརྩོན་བྱེད་བསྡད་ཡོད། ང་བོད་མི་ཞིག་ཡིན་པའི་ངོས་ནས་རོགས་རམ་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

སྐུའི་འཁྲུངས་སྐར་གྱི་མཛད་རིམ་གྲུབ་རྗེས་༸གོང་ས་མཆོག་གིས་མི་མང་ལ་དབུ་མ་རིན་ཆེན་ཕྲེང་བ་དང་བཤེས་སྤྲིངས་ཀྱི་སྔོན་འགྲོའི་གསུང་ཆོས་གནང་སོང་ལ། ཉིན་རྒྱབ་གསུང་ཆོས་རྭ་བའི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་སྟེ། དུས་འཁོར་གྱི་ཆོ་ག་བསྒྲུབ་གནང་སོང་།

གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་ལ་དྭགས་རྒྱལ་ས་སླེ་ནས།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༨ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese