མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་ཀྱི་བོད་མི་མང་པོར་དཀའ་ངལ་ཆེན་པོ་འཕྲད་ཉེན་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དང་ཐུབ་བསྟན་དབང་ཆེན་ལགས་རྣམ་གཉིས་ཀྱིས། ཡུ་རོབ་ཀྱི་ཁྲིམས་ལ་འགྱུར་བ་ཕྱིན་སྟབས་བོད་མི་སྐྱབས་བཅོལ་བ་ཚོས་ཡིད་གཟབ་མ་བྱས་ན་དཀའ་ངལ་ཆེན་པོ་འཕྲད་ཉེན་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་འདུག

ཉེ་བའི་ལོ་ཤས་ནས་བཟུང་ཡུ་རོབ་ནང་ཁྲིམས་ཀྱི་གནས་བབས་ལ་འགྱུར་བ་ཕྱིན་པར་བརྟེན། ཡུ་རོབ་ཁུལ་དུ་ཡོད་པའི་བོད་མི་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་སྟབས། དེ་རིང་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དང་ཐུབ་བསྟན་དབང་ཆེན་ལགས་རྣམ་གཉིས་ཀྱིས། སི་པེན་གྱི་གྲོང་ཁྱེར་སྦར་སི་ལོ་ནཱ་དང་སུད་སིའི་གྲོང་ཁྱེར་རྫི་རིག་ནང་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་མི་སུ་ཞིག་ཡིན་རུང་ཡུ་རོབ་ལ་མ་ཐོན་གོང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གནས་སྟངས་གསལ་བོ་མ་ཤེས་ན། ཡུ་རོབ་ཏུ་འབྱོར་སྐབས་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་སྲིད་སྐོར་བརྗོད་འདུག

གསལ་བསྒྲགས་ཐོག་སྤྱི་འཐུས་ཐུབ་བསྟན་དབང་ཆེན་གྱིས། ང་དང་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་གཉིས་ཀྱིས་སྦེལ་ཇམ་གཞུང་གི་འབྲེལ་ཡོད་མི་སྣ་ཁག་ལ་མཇལ་ཏེ། དཀའ་ངལ་འོག་ཡོད་པའི་བོད་མི་ཚོར་རོགས་རམ་གང་ཡོང་གནང་རོགས་ཞེས་འབོད་སྐུལ་ཞུས་ཀྱང་། གནས་བབས་དེར་ལས་སླ་པོར་འགྱུར་བ་འགྲོ་ས་མེད་པས་མུ་མཐུད་རེ་བ་བརྒྱབ་ན་སྟོང་པ་རེད་བསམ་གྱི་འདུག ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། ཧྥ་རན་སིའི་ནང་དུའང་དཀའ་ངལ་དེ་བཞིན་འཕྲད་ཀྱི་ཡོད་པ་མ་ཟད། རེ་འགས་འདི་ལས་སྡུག་ཡིན་སྐོར་བརྗོད་ཀྱི་འདུག གནམ་གྲུའི་འཛིན་བྱང་དང་ཡིག་ཆ་ཉོ་བར་ཨ་སྒོར་སྟོང་ཕྲག་མང་པོ་གཡར་ནས་ཡུ་རོབ་ཏུ་ཡོང་མཁན་ཚོར་དམིགས་བསལ་གྱིས་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་རེད། ཅེས་འདུག དེ་བཞིན་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་ཀྱང་། སྐྱབས་བཅོལ་རག་པའི་གནས་ཚུལ་སྡུག་ཏུ་འགྲོ་བཞིན་པ་ཤེས་བཞིན་དུ་མི་སྒེར་བ་དང་ཁྱིམ་ཚང་ལ་དངུལ་གཡར་བ་དེ་དོ་འཁུར་མེད་པའི་བྱ་སྤྱོད་ཅིག་ཡིན་པས། དངུལ་དེ་ཚུར་རག་པའི་ཐོབ་ཐང་མེད་པ་ཆགས་སྲིད་པའི་ཐོག ཁོང་ཚོར་དངུལ་གཡར་ཏེ་དཀའ་ངལ་འོག་ཚུད་སྐབས་དཀའ་ངལ་སེལ་ཐབས་བྱེད་པའི་འགན་འཁྲི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

གསལ་བསྒྲགས་ནང་། ཉེ་ཆར་སུད་སིའི་འཛིན་སྐྱོང་དང་འབྲེལ་བའི་ཁྲིམས་ཁང་མཐོ་ཤོས་ཀྱིས་བོད་མི་སྐྱབས་བཅོལ་ཞུ་མཁན་ལ་གཞི་རྩའི་ཁྲིམས་གཅོད་བྱེད་ཕྱོགས་སྐོར་ཐག་གཅོད་གནང་བ་དེས། བོད་མི་སྐྱབས་བཅོལ་ཞུ་མཁན་གྱི་གནས་བབས་ཆེས་སྡུག་ཏུ་ཕྱིན་འདུག འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ངོས་འཛིན་ལག་འཁྱེར་མེད་པ་དང་། སྐད་གདངས་དང་སྐད་ཆ་ཤོད་སྟངས་བཅས་ལ་ཞིབ་འཇུག་བྱེད་སྐབས། བོད་ཀྱི་ཕྱི་ལོགས་ནས་འཚར་ལོངས་བྱུང་བའི་རྟགས་མཚན་གསལ་པོ་ཡོད་པའི་བོད་མི་ཞིག་ལ། ཕྱི་ལོ་ ༡༩༥༡ ལོར་མཉམ་སྤྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་སྐྱབས་བཅོལ་གནས་བབས་ཀྱི་གྲོས་མཐུན་ཡིག་ཆ་༼Convention on the Status of Refugees༽གཞིར་བཟུང་སྐྱབས་བཅོལ་དུ་ལེན་ཐུབ་དང་མི་ཐུབ་ཀྱི་ཐག་གཅོད་གནང་སྐབས། བོད་མི་དེ་སྐྱབས་བཅོལ་དུ་མ་བླངས་བ་མ་ཟད། སུད་སིར་ཁྲིམས་མཐུན་ངང་གནས་སྡོད་ཆོག་པའི་ཐོབ་ཐང་མི་སྤྲོད་པའི་ཐག་གཅོད་གནང་འདུག ཅེས་དང་།

ཡང་གསལ་བསྒྲགས་ནང། སྦེལ་ཇམ་གྱི་སྐྱབས་བཅོལ་དང་རྒྱལ་ཁབ་མེད་མཁན་ཚོའི་ཐོབ་ཐང་སྲུང་སྐྱོབ་བློན་ཆེན་གྱིས་འདི་ལོའི་ལོ་འགོ་ནས་བཟུང་སྐྱབས་བཅོལ་གྱི་གནས་བབས་ལ་ངོས་ལེན་མེད་པ་དང་། སྲུང་སྐྱོབ་ཁས་ལེན་མེད་པའི་ཐག་གཅོད་བྱུང་བ་༼Refusal of Recognition of Refugee Status and Refusal to Grant Subsidiary Protection Status༽ཐེངས་ཁ་ཤས་ལ་ཕྱིར་བསྒྲགས་གནང་འདུག སྦེལ་ཇམ་གཞུང་གི་འབྲེལ་ཡོད་མི་སྣས་རྒྱ་གར་ནང་ཡོད་པའི་བོད་མི་ཚོར་སྐྱབས་བཅོལ་ཐོབ་ཐང་ཡོད་པ་དང་། རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་དུ་ཡོང་མཁན་ཚོ་བོད་དམ་རྒྱ་ནག་ནང་ཕྱིར་སློག་མི་གནང་བ་སོགས་ཆེས་མཐོའི་སྲུང་སྐྱོབ་གནང་གི་ཡོད་ལུགས་བརྗོད་དེ། སྦེལ་ཇམ་དང་སུད་སིའི་ནང་སྐྱབས་བཅོལ་ཞུ་མཁན་གྱི་བོད་མིར་སྐྱབས་བཅོལ་གྱི་ཐོབ་ཐང་ཕར་ཟད། གནས་སྡོད་ཆོག་པའི་སྔོན་འགྲོའི་ཡིག་ཆ་མ་རག་མཁན་མང་ནས་མང་དུ་འགྲོ་བཞིན་པ་དང་། ཁོང་ཚོ་ཡིག་ཆ་མེད་པའི་མིའི་གྲས་སུ་བཅུག་སྟེ། སྐྱབས་བཅོལ་སྡོད་ཁང་ནས་ཕྱིར་འབུད་སོགས་སྐྱོབ་གསོའི་ཐོབ་ཐང་ཅི་ཡང་མེད་ལ། ལས་ཀ་འཚོལ་རྒྱུའི་ཐོབ་ཐང་ཡང་མེད་སྟབས། འཚོ་ཐབས་ཡར་རྒྱས་གཏོང་བའི་གོ་སྐབས་མེད་པ་མ་ཟད། མི་ཚེའི་མདུན་ལམ་མེད་པར་ལུས་བའི་ཉེན་ཁ་འདུག ད་ལྟའི་ཆར་སྐྱབས་བཅོལ་སྙན་ཞུ་ ༡༩༦ ལས་ ༤༠ བར་སྐྱབས་བཅོལ་ཐོབ་ཐང་སྤྲད་མེད་ཅིང་གྲངས་འབོར་དེ་ད་དུང་འཕར་གྱི་འདུག སྤྱིར་བཏང་སྐྱབས་བཅོལ་གྱི་སྙན་ཞུ་ཕུལ་དུས། སྒེར་གྱི་གནས་ཚུལ་ཁོ་ནར་ཞིབ་འཇུག་བྱས་པ་གཞིར་བཞག་བཟུང་ཐག་གཅོད་བྱེད་ཀྱི་ཡོད་ཀྱང་། སྐྱབས་བཅོལ་གྱི་གནས་བབས་ངོས་ལེན་མེད་པའི་ཐག་གཅོད་དེས་བོད་མི་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག ཅེས་བརྗོད་འདུག

གསལ་བསྒྲགས་ཀྱི་མཇུག་ཏུ། དེང་སང་སུད་སི་གཞུང་གི་འབྲེལ་ཡོད་མི་སྣས་སྐྱབས་བཅོལ་ཞུ་མཁན་གྱི་ངོ་སྤྲོད་ཡིག་ཆ་གལ་ཆེན་དུ་རྩི་བཞིན་ཡོད་སྟབས། གལ་ཏེ་ངོ་སྤྲོད་ཡིག་ཆ་མ་སྤྲད་པའམ་སྤྲོད་རྒྱུ་མེད་པ་ཡིན་ན། སོ་སོའི་ལོ་རྒྱུས་སྦ་གསང་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། སྐྱབས་བཅོལ་གྱི་ཆ་རྐྱེན་ཚང་མིན་ལ་ཞིབ་འཇུག་བྱེད་མ་ཐུབ་པར་སྐྱབས་བཅོལ་གྱི་ཐོབ་ཐང་དང་གནས་སྡོད་ཆོག་པའི་ཐོབ་ཐང་སྤྲོད་ཀྱི་མེད། དེར་བརྟེན་སུད་སིའི་ནང་བོད་མི་མང་པོ་ཁྲིམས་འགལ་གྱིས་སྡོད་བཞིན་ཡོད་སྟབས། ཁོང་ཚོ་དུས་ཡུན་ངེས་མེད་ཀྱིས་འཛིན་བཟུང་བྱེད་པའི་ཉེན་ཁ་ཡོད་པས་སེམས་འཚབ་ཆེན་པོ་འདུག ཅེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 8

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    བོད་མི་ཚོ་ཕྱི་རྒྱལ་ལ་མ་བཏང་ན་དེས་རྩ་དོན་ལ་ཕན་གྱི་རེད། ༼ གླེང་སློང་བ། ༽
    ཤར་ཕྱོགས་ཁུག་རྟ།

    བོད་མི་རིགས་འདི་སྤྱིར་ལས་ཅན་ནང་གི་ལས་ངན་ཞིག་རེད། ལས་ཅན་ཡིན་པ་དེ་དབུ་ཁྲིད་༸གོང་ས་མཆོག་ལྟ་བུ་ཞིག་ཡོད་པས་མཚོན་ཐུབ་ནའང། བོད་མིར་གཏོགས་པ་ཕལ་མོ་ཆེ་རང་གི་རྩ་དོན་ལ་སྒྱུད་ལུག་སྣང་མེད་ཀྱི་ངན་གཤིས་ཤིག་ཡོད་པ་དེ་དེ་རིང་སང་ཉིན་གསལ་རུ་གསལ་རུ་འགྲོ་གི་འདུག ང་ཚོ་བཙན་བྱོལ་བོད་མི་ཚོས་རྡོག་ལ་སྒྲིལ་ཏེ་རང་ཉིད་ལྟོགས་ཐུབ་པ་གྲང་ཐུབ་པ། ཐ་ན་གཅེས་པའི་བཟའ་ཟླ་དང་བུ་ཕྲུག་ཚུན་ཆད་འདོར་ཕོད་པའི་འདུ་ཤེས་བརྟན་པོ་ཞིག་མ་རྙེད་བར་མི་རིགས་ཀྱི་རང་དབང་འཐབ་རྩོད་པའི་དཔུང་ཁག་བརྟན་པོ་ཞིག་ཆགས་རྒྱུ་ཕ་རིའི་སྤང་རྒྱན་རེད། ང་ལྟ་བུ་མཚོན་ན་བོད་མི་ཆིག་སྟོང་གཞིས་བསྐྱོད་ཟེར་པ་དེ་ནས་བཟུང་སྟེ་གཞིས་ཆགས་ཁག་ཁང་སྟོང་འཐོར་བཤིག་ཏུ་གྱུར། བཙན་བྱོལ་བ་ཙམ་དུ་མ་ཟད་བོད་ནས་ཚུར་ཡོང་མཁན་མང་པོས་ཀྱང་དམིགས་ཡུལ་ཕྱི་རྒྱལ་ལ་ཐར་རྒྱུ་འགྲོ་རྒྱུ་བཟུང། དེ་རིང་སང་ཉིན་དབུ་ཁྲིད་ཚོས་འོས་ཤོག་ཐོབ་ཆེད་སུམ་སྟོང་དང་ལྔ་སྟོང་གི་ངོམས་སོ་བྱས་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྩ་དོན་གནས་བབ་ཕྱོགས་ཡོངས་ནས་བལྟས་ན་ཞེད་སྣང་ཚ་བོ་ཞིག་ཆགས་ཡོད་པ་གསལ་བོ་རེདཅེས་བཤད་མཁན་གྲས་ཡིན་ལ། མ་གཞི་ནས་ཕྱི་རྒྱལ་ལ་གཏོང་བ་འདིས་ནི་རྩ་བ་ནས་རྩ་དོན་ལ་ཕན་ཐོགས་མེད་པ་གསལ་བོ་རེད། གཉིས་ནས་བོད་པ་ཚོའི་གཉའ་ལ་དཀའ་ངལ་དང་དཔྲལ་བར་མེ་མདའ་མ་བཙུགས་པར་ངང་རྒྱུད་རིང་པོའི་འགུལ་བསྐྱོད་མི་རྒྱག་པ་དེའང་གསལ་བོ་རེད། ཕྱོགས་དེ་དག་ལ་བསམ་བློ་ཞིག་བཏང་ན། ཡོ་རོབ་ནང་གི་སྲིད་བྱུས་འདི་དག་འགྲིག་བསྡད་བཞག་བསམ་གི་འདུག བོད་ནས་ཚུར་རྒྱ་གར་ལ་བྲོས། རྒྱ་གར་ནས་རང་རང་གི་ཁ་སྟབས་ལ་དཔག་པའི་རྩ་དོན་སྲི་ཞུ་རེ་ཨེ་འཁྱོང་ལྟོས། ཡང་ཕྱིར་ཕ་ཡུལ་དུ་ལོག་ནས་རིག་གནས་ལས་དོན་སོགས་སྣ་མང་གཉེར་ཨེ་ཐུབ་ལྟོས། དེ་གཉིས་གང་རུང་ཞིག་ལ་བོད་ཀྱི་བདེན་མཐའ་མ་གསལ་བར་མི་ཚེ་བསྟིམས་རྒྱུ་ཡིན་བསམས་པའི་ཆོད་སེམས་ཤིག་ཡོད་ན། ང་ཚོ་བོད་མི་རིགས་ཟེར་བ་འདིས་ཅིག་འཁྱོང་གི་རེད། རང་དབང་རྩོད་ཐུབ་ཀི་རེད། དེ་མིན་འདི་མུར་སོང་ཚེ། རང་བཞིན་འཐོར་བཤིག་དང་ཕྱིའི་གནོན་ཤུགས། ནང་ཁུལ་འཁྲུག་འཛིང་སོགས་ལྟས་ངན་སྣ་ཚོགས་པའི་རྟགས་མཚན་མཐོང་གི་འདུག་སྟབས། ད་གཟབ་གཟབ་བྱས་ཏེ།་བལྟས་ན། ཡོ་རོབ་ཀྱི་སྲིད་བྱུས་འདི་དག་ཀྱང་རྐྱེན་ངན་གྲོགས་ཤར་ལྟར་འགྲིག་བཞག་བསམ་སོང། རྐྱེན་ངན་ཡང་དག་པར་བསྒྱུར་རྒྱུའི་སྤོབས་པ་བཅངས་ཏེ་བོད་མི་ཚོས་བསམ་བློ་གཏོང་དགོས་པའི་དུས་ཚོད་སླེབས་འདུག་སྙམ།

    ༢༠༡༤། ༧། ༩། ཉིན། སིམ་ལ་ནས་བྲེལ་སྟབས་ཀྱིས། འདིའི་ཐད་ཁོམ་མཚམས་བགྲོ་གླེང་ཞིབ་ཚགས་བྱེད་དགོས་གལ་མཐོང་བས་བསམ་ཚུལ་རྣམ་འབུལ་ངེས་ཡིན།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    བོད་མི་རིགས་འདི་སྤྱིར་ལས་ཅན་ནང་གི་ལས་ངན་ཞིག་རེད། ལས་ཅན་ཡིན་པ་དེ་དབུ་ཁྲིད་༸གོང་ས་མཆོག་ལྟ་བུ་ཞིག་ཡོད་པས་མཚོན་ཐུབ་ནའང། བོད་མིར་གཏོགས་པ་ཕལ་མོ་ཆེ་རང་གི་རྩ་དོན་ལ་སྒྱུད་ལུག་སྣང་མེད་ཀྱི་ངན་གཤིས་ཤིག་ཡོད་པ་དེ་དེ་རིང་སང་ཉིན་གསལ་རུ་གསལ་རུ་འགྲོ་གི་འདུག ང་ཚོ་བཙན་བྱོལ་བོད་མི་ཚོས་རྡོག་ལ་སྒྲིལ་ཏེ་རང་ཉིད་ལྟོགས་ཐུབ་པ་གྲང་ཐུབ་པ། ཐ་ན་གཅེས་པའི་བཟའ་ཟླ་དང་བུ་ཕྲུག་ཚུན་ཆད་འདོར་ཕོད་པའི་འདུ་ཤེས་བརྟན་པོ་ཞིག་མ་རྙེད་བར་མི་རིགས་ཀྱི་རང་དབང་འཐབ་རྩོད་པའི་དཔུང་ཁག་བརྟན་པོ་ཞིག་ཆགས་རྒྱུ་ཕ་རིའི་སྤང་རྒྱན་རེད། ང་ལྟ་བུ་མཚོན་ན་བོད་མི་ཆིག་སྟོང་གཞིས་བསྐྱོད་ཟེར་པ་དེ་ནས་བཟུང་སྟེ་གཞིས་ཆགས་ཁག་ཁང་སྟོང་འཐོར་བཤིག་ཏུ་གྱུར། བཙན་བྱོལ་བ་ཙམ་དུ་མ་ཟད་བོད་ནས་ཚུར་ཡོང་མཁན་མང་པོས་ཀྱང་དམིགས་ཡུལ་ཕྱི་རྒྱལ་ལ་ཐར་རྒྱུ་འགྲོ་རྒྱུ་བཟུང། དེ་རིང་སང་ཉིན་དབུ་ཁྲིད་ཚོས་འོས་ཤོག་ཐོབ་ཆེད་སུམ་སྟོང་དང་ལྔ་སྟོང་གི་ངོམས་སོ་བྱས་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྩ་དོན་གནས་བབ་ཕྱོགས་ཡོངས་ནས་བལྟས་ན་ཞེད་སྣང་ཚ་བོ་ཞིག་ཆགས་ཡོད་པ་གསལ་བོ་རེད། གཉིས་ནས་བོད་པ་ཚོའི་གཉའ་ལ་དཀའ་ངལ་དང་དཔྲལ་བར་མེ་མདའ་མ་བཙུགས་པར་ངང་རྒྱུད་རིང་པོའི་འགུལ་བསྐྱོད་མི་རྒྱག་པ་དེའང་གསལ་བོ་རེད། ཕྱོགས་དེ་དག་ལ་བསམ་བློ་ཞིག་བཏང་ན། ཡོ་རོབ་ནང་གི་སྲིད་བྱུས་འདི་དག་འགྲིག་བསྡད་བཞག་བསམ་གི་འདུག བོད་ནས་ཚུར་རྒྱ་གར་ལ་བྲོས། རྒྱ་གར་ནས་རང་རང་གི་ཁ་སྟབས་ལ་དཔག་པའི་རྩ་དོན་སྲི་ཞུ་རེ་ཨེ་འཁྱོང་ལྟོས། ཡང་ཕྱིར་ཕ་ཡུལ་དུ་ལོག་ནས་རིག་གནས་ལས་དོན་སོགས་སྣ་མང་གཉེར་ཨེ་ཐུབ་ལྟོས། དེ་གཉིས་གང་རུང་ཞིག་ལ་བོད་ཀྱི་བདེན་མཐའ་མ་གསལ་བར་མི་ཚེ་བསྟིམས་རྒྱུ་ཡིན་བསམས་པའི་ཆོད་སེམས་ཤིག་ཡོད་ན། ང་ཚོ་བོད་མི་རིགས་ཟེར་བ་འདིས་ཅིག་འཁྱོང་གི་རེད། རང་དབང་རྩོད་ཐུབ་ཀི་རེད། དེ་མིན་འདི་མུར་སོང་ཚེ། རང་བཞིན་འཐོར་བཤིག་དང་ཕྱིའི་གནོན་ཤུགས། ནང་ཁུལ་འཁྲུག་འཛིང་སོགས་ལྟས་ངན་སྣ་ཚོགས་པའི་རྟགས་མཚན་མཐོང་གི་འདུག་སྟབས། ད་གཟབ་གཟབ་བྱས་ཏེ། ཡོ་རོབ་ཀྱི་སྲིད་བྱུས་འདི་དག་ཀྱང་རྐྱེན་ངན་གྲོགས་ཤར་ལྟ་བུར་སྤོབས་པས་ཁྱེར་ཏེ་བོད་མི་ཚོས་བསམ་བློ་གཏོང་དགོས་པའི་དུས་ཚོད་སླེབས་འདུག་སྙམ། སིམ་ལ་ནས་བྲེལ་སྟབས་ཀྱིས། འདིའི་ཐད་ཞིབ་ཆ་རྗེས་སུ་ཕུལ་འཐུས།

    Reply
  3. བོད་དགའ། says:
    ལོ་ 12 སྔོན།

    འཇར་མན་ནི་ལའང་གོང་ལྟར་དཀའ་ངལ་དེ་ཕྱི་ལོ་ ༢༠༡༢ མཇུག་ནས་འགོ་ཚུགས་ཡོད་པ་རེད། གལ་སྲིད་ངོས་འབྱོར་ཡིག་ཆ་རིགས་སྟོན་རྒྱུ་མེད་མཁན་རྣམས་ལ་བཙོན་པ་ལྟ་བུའི་གནས་སྟངས་ལས་ཡིག་ཆ་རག་པ་དང་མི་ཚེ་ནུབ་ཕྱོགས་སུ་བསྐྱེལ་རྒྱུ་ཁག་པོ་ལྟ་བུར་ཆགས་བཞིན་ཡོད་འདུག
    དེ་བཞིན་གོང་དུ་སྤྱི་འཐུས་རྣམ་གཉིས་ཀྱིས་གསུངས་པ་ལྟར་སྐད་གདངས་དང་སྐད་ཆ་ཤོད་སྟངས་བཅས་ལ་ཞིབ་འཇུག་བྱེད་སྐབས། ʼཕྱི་ཕྱོགས་བོད་མའི་སྐད་བརྡ་ʼཞེས་པ་དེ་ཐོན་སོང་ན་ཡིག་ཆ་ནག་པོ་ཆགས་ནས་མི་ཚེར་དཀའ་ངལ་འཕྲད་རྒྱུ་ལས་གཞན་ཀྱིས་སྐྱོབས་ཐབས་ཁག་པོ་ཡིན་པའི་གནས་ཚུལ་གཤོད་ཀྱིན་འདུག

    Reply
  4. གནས་ཚང་། says:
    ལོ་ 12 སྔོན།

    ད་ལྟ་བོད་དོན་འདི་རྡ་སས་རྒྱ་ནག་གི་ནང་སྲིད་ལ་བསྒྱུར་ཡོད་པས། རྒྱ་གཞུང་གིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་ནས་མཇུག་འབྲས་འདི་བྱུང་པ་རེད། ད་བོད་ནང་རྣམ་འགྱུར་སྟོན་ཐུབ་མཁན་འདྲ་མ་བྱུང་པར་དུ་གནད་དོན་འདི་སེལ་ཡ་ཁག་པོ་རེད།

    Reply
  5. གངས་འབྲོང་བུ། says:
    ལོ་ 12 སྔོན།

    འདི་དག་ཐམས་ཅད་བོད་པ་རང་གི་བཅོས་སྟངས་ལས་སྟངས་ཅུང་མ་འགྲིག་པ་འམ་ཡང་ན་རྒྱུ་རྐྱེན་གཞན་ཞིག་ཡིན་ནམ་ཆ་མ་འཚལ་དེའི་ཕྱིར་ན་ད་དུང་འདིའི་ཐད་ནས་ཉམས་ཞིབ་རེ་གལ་ཆེན་དུ་འདོད།

    Reply
  6. མི་ཆུང་། says:
    ལོ་ 12 སྔོན།

    གོང་གི་སྐད་ཆ་དེ་དུས་བབ་ཚང་གི་རྒྱ་གར་ཁྲིམས་རྩོད་པ་ཞིག་བཅའ་འདྲི་བྱས་པའི་ཟུར་ཞིག་རེད། ཁོ་པས་ཀྱང་ཚིག་ཐག་ཆོད་པོས་བཤད་འདུག

    Reply
  7. མི་ཆུང་། says:
    ལོ་ 12 སྔོན།

    ཁོས་ཁྲིམས་མཐུན་ལག་འཁྱེར་སྐོར་ངོ་སྤྲོད་གནང་བ་ལྟར་ན། སྤྱིར་རྒྱ་གར་གཞུང་ངོས་ནས་བོད་མི་ཚོར་སྐྱབས་བཅོལ་བར་ངོས་ལན་མེད་པར། རྒྱ་གར་ནང་གནས་སྡོད་ཕྱི་རྒྱལ་བ་ཙམ་དང་གཅིག་མཚུངས་ཡིན་ཡང་དམིགས་བསལ་ཞིག་ཡོད་པ་ནི། བོད་མི་ཚོ་རྒྱ་གར་ནང་ཡོང་རྒྱུར་ཕྱི་སྐྱོད་ལག་འཁྱེར་དང་ཐོངས་མཆན་སོགས་ཞུ་མི་དགོས་པར། བལ་ཡུལ་རྒྱ་གར་གཞུང་ཚབ་ནས་ལག་དེབ་དཀར་པོ་(Special entry permit)ཞེས་པ་ཞིག་སྤྲོད་བཞིན་ཡོད་པ་དང་། དེ་སྔོན་ལག་དེབ་དེ་བརྒྱུད་ RC དང་ IC བཟོ་ཐུབ་ཀྱི་ཡོད་ཀྱང་། ད་ཆར་སྐྱབས་བཅོལ་ལག་དེབ་(RC)ཐད་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པའི་ཐད་ཁོས་བརྗོད་དོན། “བོད་མི་ཚོར་སྤྲོད་བཞིན་པའི་སྐྱབས་བཅོལ་ལག་དེབ་ (RC) ཐད་ཀྱི་ཁྲིམས་བརྟན་པོ་མེད་པར་གཞུང་འཛིན་སོ་སོར་བཟོ་བཅོས་བྱ་རྒྱུའི་དབང་ཆ་ཡོད་སྟབས། སྐབས་ཐོག་སོ་སོའི་གཞུང་གི་སྲིད་ཇུས་དང་བོད་མིའི་བྱ་སྤྱོད་ལ་བསྟུན་ནས་འགྱུར་བ་འགྲོ་བཞིན་ཡོད་པ་རེད ” ཟེར།

    Reply
  8. མི་ཆུང་། says:
    ལོ་ 12 སྔོན།

    རྒྱལ་ཁབ་མེད་པའམ། བརླགས་སོང་བའི་མི་རིགས་ཞིག་གནས་སྟངས་འདི་འདྲར་གྱུར་སོང་བ་དེ་སུས་མ་འགྲིགས་པ་རེད་དམ། ངེད་བོད་པ་ཚོར་མ་མཐའ་ཡང་རྒྱལ་ཁབ་མེད་པའི་སྐྱོབ་བཅོལ་ཞིག་འཐོབ་དགོས་ངེས་རེད། དེར་བོད་མིའིི་སྒྲིག་འཛུགས་ནས་ལན་གསལ་པོ་ཞིག་དགོས་ཀྱི་ཡོད། རྒྱ་གར་ན་འགྲིགས་འགྲོ་གི་ཡོད་ན། ཁ་ན་ཏ་སོགས་ལ་བོད་པ་གཏོང་དགོས་དོན་ཅི་ཡིན། སྐྱོབ་བཅོལ་ལ། དཔལ་འབྱོར་དང་། དམག་འཁྲུག སོ་སོའི་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་དཀའ་ངལ། རྒྱལ་ཁབ་འདི་ཡིན་ཞེས་ཅི་ཡང་སྟོན་རྒྱུ་མེད་པ། སོགས་ཀྱི་གནས་སྟངས་འོག་ནས་འཐོབ་དགོས་ཀྱི་ཡོད། དེ་བཞིན་རྒྱ་གར་ཁྲིམས་ཐོག་ནས་བོད་པ་ཚོ་སྐྱོབ་བཅོལ་ངེས་འཛིན་མེད་པས། དེ་བཞིན་ཁྲིམས་གཏུག་བྱེད་ས་ཡོད་ལ། སྒྲིག་འཛུག་ངོས་ནས་གསལ་པོ་གསུང་དགོས་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese