དེ་རིང་སྔ་དྲོར་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་བའི་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྤྱི་འཐུས་ལས་ཁུར་གྱི་དམ་འབུལ་ཞུས་ཡོད་འདུག
དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་ནང་དུ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ཚོགས་དྲུང་བཅས་ལྷན་བཞུགས་ཐོག ཉེ་ཆར་གསར་དུ་བདམས་ཐོན་བྱུང་བའི་སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྤྱི་འཐུས་ལས་ཁུར་དམ་འབུལ་ཞུས་ཡོད་འདུག
བཀྲ་ཤིས་དོན་གྲུབ་ལགས་ཀྱིས་དེ་སྔོན་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་ཚོང་ལས་སྡེ་ཚན་ཨ་པུར་མགྲོན་ཁང་ནང་ལས་འགན་འདྲ་མིན་ཐོག་ལོ་ ༡༠ ལྷག་ཕྱག་ལས་གནང་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་དུ་སྤོག་ར་བྱམས་པ་གླིང་ས་གནས་གཞོན་ནུའི་རྒྱུན་ལས་གནང་། དེ་རྗེས་རང་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་འབྲེལ་ཐོག་ཕྱི་ལོ་ ༢༠༠༠ ནས་ ༢༠༠༣ བར་བལ་ཡུལ་བོད་ཀྱི་གསོལ་མགྲོན་ཁང་གི་འགན་འཛིན་ལས་རོགས་དང་། དེ་རྗེས་གནས་སྤར་གྱིས་འགན་འཛིན་གནང་མྱོང་བ་དང་། ད་ལྟ་མདོ་སྨད་དབུས་རྒྱུན་གྱི་ཕྱི་འབྲེལ་འགན་འཛིན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི། བལ་ཡུལ་མཆོད་འཇོར་ས་གནས་འཐུས་ཚོགས་སྐབས་ ༧ པའི་དྲུང་ཆེ། ཚེ་རིང་རྒན་གསོ་ཁང་གི་འགན་འཛིན། བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཞོན་བཅས་ཡིན་འདུག
གསར་འགོད་པ། པདྨ་མཚོ།
དགའ་བསུ་ཞུ། ལས་དོན་ལེགས་བསྒྲུབ་རེ་བསྐུལ་དང་ལས་དོན་ལེགས་འགྲུབ་ཡོང་བར་སྨོན་འདུན་ཞུ