མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་སྐབས་སྨན་སྦྱིན།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྨན་རྩིས་ཁང་གི་ལ་དྭགས་དུས་དབང་ཐོག་རིན་མེད་སྨན་སྦྱིན་དང་སྨན་བཅོས་བརྟག་དཔྱད་བྱེད་ཀྱིན་པར་མ་ཟད། བོད་ནང་ཡོང་བའི་ཆོས་ཞུ་བ་ཚོར་དམིགས་བསལ་རིན་ཆེན་རིལ་བུ་བཙོང་གི་ཡོད་འདུག

ཟླ་སྔོན་མའི་ཟླ་མཇུག་ནས་བཟུང་བོད་ཀྱི་སྨན་རྩིས་ཁང་གི་དམིགས་བཀར་ལས་རིགས་འགན་འཛིན་དང་། སྐུ་བཅར་སྨན་པ་གཅིག ཨམ་ཆི་གཅིག ཁ་ལོ་བ་གཅིག་བཅས་དང་། ལ་དྭགས་ས་གནས་ཡན་ལག་སྨན་པ་བཅས་ཁྱོན་མི་ ༡༤ ཡིས། ལ་དྭགས་དུས་འཁོར་དབང་ཆེན་གྱི་གསུང་ཆོ་རྭ་བའི་ཉེ་འཁྲིས་ཀྱི་ར་སྐོར་ནང་སྨན་སྤྲོད་ཁང་ ༢ དང་། བརྟག་དཔྱད་ཁང་ ༣། སྤྱི་ཚོགས་ཀྱི་དུས་རིམ་སྔོན་འགོག་བྱེད་ས་ ༡ བཅས་བཙུགས་ཏེ། ད་བར་ལ་དྭགས་དང་ཧི་མ་ལ་ཡའི་རི་རྒྱུད་གཙོས། ཕྱི་རྒྱལ་དང་བོད་མི་བཅས་ཁྱོན་མི་ ༣༠༠༠ ལ་རིན་མེད་ཐོག་བརྟག་དཔྱད་གནང་ཡོད་པར་མ་ཟད། རིན་ཆེན་རིལ་བུ་ཕུད་པའི་ཞག་མ་བདུན་རེའི་སྨན་སྨན་སྦྱིན་གཏོང་གི་ཡོད་འདུག་ལ། བོད་ནང་རིན་ཆེན་རིལ་བོ་རག་ཁག་པོ་ཡོད་པའི་གནས་སྟངས་ལ་གཞིགས་ཏེ། བོད་ནང་གི་ཆོས་ཞུ་བ་ཚོར་རིན་ཆེན་རིལ་བུ་སྣ་ཁ་ ༨ བཙོང་གི་ཡོད་འདུག

འདིའི་ཐད་བོད་ཀྱི་སྨན་རྩིས་ཁང་གི་དམིགས་བཀར་ལས་རིགས་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་ལས་བྱེད་ཚོ་ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ནས་བཟུང་ལ་དྭགས་སུ་བསླེབ་ཏེ། དུས་དབང་གོ་སྒྲིག་ཚོགས་ཆུང་ལ་གསུང་ཆོས་རྭ་བའི་སྒོ་ཆེན་མདུན་དང་། ཉེ་འཁྲིས་ཀྱི་རྭ་སྐོར་བཅས་ས་ཆ་གཉིས་སློང་ཡོད་ཀྱང་། ས་ཆ་གཅིག་མ་གཏོགས་མ་སྤྲད་སྟབས། ཕྱི་ཚེས་ ༣༠ ཉིན་གྱི་དགོང་མོར་ཁོང་ཚོ་རང་ངོས་ནས་དམག་མིར་གུར་གཡར་ཏེ། གསུང་ཆོས་རྭ་བའི་ཉེ་འཁྲིས་ཀྱི་རྭ་སྐོར་ནང་བརྟག་དཔྱད་ཁང་ ༢ དང་། སྨན་སྤྲོད་ཁང་ ༢ ། སྤྱི་ཚོགས་ནད་ཡམས་སྔོན་འགོག་ས་ཆ་གཅིག་བཅས་དང་། རིག་གཞུང་ལྟེ་གནས་ཁང་གི་ར་སྐོར་ནང་ཨམ་ཆི་བཞིའི་བརྟག་དཔྱད་ཁང་བཅས་བཙུགས་རྗེས། ཉིན་རེའི་ཞོགས་པའི་ཆུ་ཚོད་ ༤ ནས་དགོང་མོ་ནད་པ་མ་རྫོགས་པར་བརྟག་དཔྱད་དང་སྨན་སྦྱིན་གནང་གི་ཡོད་འདུག

ཁོང་ལ་ཐེངས་འདིའི་སྨན་བཅོས་སྐབས་ནད་པ་འདས་གྲོངས་གྱུར་བའི་རིགས་བྱུང་ཡོད་མེད་དང་། ན་ཚ་གཙོ་བོ་གང་དག་ཡིན་མིན་དྲིས་པར། ང་ཚོའི་སྨན་ཁང་ཡོད་ས་འདིར་ང་ཚོ་དང་ལ་དྭགས་བསོད་ནམས་ནོར་བུ་སྨན་ཁང་། དམག་མི་སྨན་ཁང་བཅས་གསུམ་འདུག ད་ལྟའི་བར་འདིར་མི་འདས་གྲོངས་སུ་གྱུར་བའི་རིགས་བྱུང་མ་སོང་། ཡིན་ནའང་། ཁ་སང་ཚེས་ ༡༡ ཉིན་གྱི་དགོང་མོར་ལམ་ནས་ཚུར་ཡོང་མཁན་གྱི་བོད་པའི་རྒན་མོ་ཞིག་ཁ་དབུགས་མ་འདང་བར་གྲོངས་རྗེས་འདིར་འཁུར་བསླེབ་སོང་། དེ་མིན་གནས་ཚུལ་དེ་འདྲ་བྱུང་མ་སོང་། ན་ཚའི་ཕྱོགས་ནས་ལ་དྭགས་ནང་དང་ཧི་མ་ལ་ཡའི་རི་རྒྱུད་མང་ཆེ་བ་འཆམ་རིམ་དང་ཕོ་བ། ཁྲག་ཤེད་བཅས་ཀྱི་ན་ཚ་ཤུགས་ཆེན་པོ་འདུག ཕྱི་ལོགས་ནས་ཡོང་མཁན་གྱི་ནད་པ་ས་ཆ་མ་འཕྲོད་པ་དང་ཁ་རླུང་མ་འདང་བ། ཚ་བ་ཤུགས་ཆེ་བའི་དབང་གིས་མིག་དང་མགོ་ན་བའི་རིགས་མང་པོ་འདུག ཅེས་བརྗོད་བྱུང་།

ཡང་ཁོང་ལ་སྨན་སྦྱིན་གྱི་ལས་དོན་འདིས་མི་མང་ལ་ཕན་ཐོགས་གང་འདྲ་བྱུང་གི་ཡོད་མེད་དྲིས་པར། ཁ་སང་ཚེས་ ༡༡ ཉིན་གོ་སྒྲིག་ཚོགས་ཆུང་གིས་མི་འབུམ་གཅིག་དང་སྟོང་ཕྲག་ཞེ་བཞི་བདུན་བརྒྱ་བརྒྱད་ཅུའི་བསླེབ་འདུག་ལབ་སོང་། ང་ཚོ་འདིར་མ་བསླེབ་ཡར་སྔོན་ལ་ཁོང་ཚོས་མི་འབུམ་གཉིས་བརྒལ་བའི་སྐད་ཆ་བཤད་པ་རེད། ཁོང་ཚོས་བཤད་པ་ལྟར་ད་རེབ་ང་ཚོས་སྨན་རླངས་འཁོར་ཆེན་པོ་གཉིས་འཁུར་ཡོད། ང་ཚོའི་ངོས་ནས་ད་ལྟའི་བར་༸གོང་ས་མཆོག་གི་བཀའ་གཞིར་བཟུང་སྨན་སྦྱིན་ཕུལ་བསྡད་ཀྱི་ཡོད་པ་རེད། འདིར་ཉམ་ཐག་དང་འབྱོར་ལྡན་ཅན་ཚང་མར་ཕན་ཐོགས་ཡོང་གི་འདུག་ཅེས་ལབ་མཁན་མང་པོ་འདུག ང་ཚོའི་ངོས་ནས་ཀྱང་མི་མང་ལ་འདི་ང་ཚོའི་བཀའ་དྲིན་མ་རེད། ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་རེད་ཅེས་ཞུ་བསྡད་ཀྱི་ཡོད། གང་ལྟར། རིན་མེད་བརྟག་དཔྱད་དང་སྨན་སྦྱིན་ཕུལ་བ་དེས་མི་མང་ལ་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་མི་མང་གི་ལབ་ཡོང་གི་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་ལ་ད་རེབ་དུས་དབང་ཐོག་སྐབས་སྔོན་མ་དག་དང་མི་འདྲ་བའི་དཀའ་ངལ་ག་རེ་འཕྲད་ཡོད་མེད་དྲིས་པར་ཁོང་གིས།€œ ང་ཚོར་དཀའ་ངལ་ཆེ་ཤོས་སྨན་ཁང་འཛུགས་སའི་ས་ཆ་གང་སར་མེད་པ་དང་། གུར་གྱི་མཐུན་རྐྱེན་མེད་པ། སྨན་ཁང་གི་གཡས་གཡོན་དུ་ཆུ་དང་གསང་སྤྱོད་མཐུན་རྐྱེན་མི་འདུག དཀའ་ངལ་འདི་དག་འཕྲད་དགོས་དོན་གཙོ་བོ། དང་པོ་ནས་གོ་སྒྲིག་བྱེད་མཁན་ཚོས་མཐུན་རྐྱེན་ཡོད་ཚུལ་བསྒྲགས་ཏེ། ས་གནས་སུ་བསླེབ་དུས་མེད་པ་དེ་རེད། དང་པོ་ནས་མེད་ལབ་པ་ཡིན་ན། ང་ཚོའི་ངོས་ནས་མཐུན་རྐྱེན་སྦྱོར་ཐུབ་ཀྱི་རེད། དང་པོ་ས་གནས་སུ་མཐུན་རྐྱེན་ཡོད་ཚུལ་བཤད། འདིར་བསླེབ་སྐབས་ཕར་འགྱངས་ཚུར་འགྱངས་བྱས་པ་ཡིན་ན། དཀའ་ངལ་འཕྲད་ཀྱི་འདུག ང་རང་གི་ངོས་ནས་གྲ་སྒྲིག་ཚོགས་ཆུང་གིས་མ་གནང་བ་མིན་པར། ཉམས་མྱོང་མེད་པའི་དབང་གིས་བྱུང་བ་རེད་བསམ་བསྡད་ཡོད། མ་འོངས་པར་གོ་སྒྲིག་བྱེད་མཁན་ཚོས་མི་མང་གི་མཐུན་རྐྱེན་གཙོས་པའི་ལས་དོན་འདིའི་རིགས་ལ་གོ་སྒྲིག་ཡག་པོ་ཞིག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་པ་དྲན་བྱུང་། €ཞེས་བརྗོད་བྱུང་།

བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱིན་གྱི་ལས་རིམ་འདི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཕེབས་པ་ནས་བཟུང་མགོ་འཛུགས་གནང་བ་ཞིག་ཡིན་འདུག་ལ། ད་ལྟའི་བར་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་གནང་བའི་ལམ་རིམ་ཆེན་མོའི་གསུང་ཆོས་རིམ་པའི་སྐབས་དང་། ཝ་ན་དང་རྡོར་གདན། སྦང་བྷེ། ལ་དྭགས་དུས་དབང་བཅས་སུ་གནང་ཡོད་འདུག

གསར་འགོད་པ་དོན་གོས་ལ་དྭགས་རྒྱལ་ས་སླེ་ནས།
 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese