མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་མན་དང་ཨ་རི་བར་གྱི་ལབ་གླེང་།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་འཇར་མན་གཞུང་གིས་འཇར་མན་ནང་གི་ཨ་རིའི་གཞུང་ཚབ་ཀྱི་གསང་བའི་ལས་བྱེད་ཅིག་ཨ་རིར་ཕྱིར་སློག་བཏང་ཡོད་འདུག

ཁ་སང་འཇར་མན་གཞུང་གིས་དེ་སྔོན་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇར་མན་སྲིད་བློན་ལྕམ་ཨན་གྷེ་ལ་མེར་གྷལ་མཆོག་གི་ཁ་པར་ལྐོག་ཉན་བརྒྱབ་པ་དང་། ཉེ་ལམ་ཡང་བསྐྱར་འཇར་མན་གྱི་གསང་བ་རྐུ་འཁྱེར་བྱེད་བཞིན་ཡོད་པའི་གནས་ཚུལ་གཉིས་རིམ་བསྟུད་དུ་ཐོན་པ་བཅས་ཀྱི་ཉེས་མིང་འོག འཇར་མན་གཞུང་གིས་རྒྱལ་ས་སྦར་ལིན་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་མཐོ་རིམ་གསང་བའི་ལས་བྱེད་ཅིག་ཨ་རིར་ཕྱིར་སློག་བྱས་ཡོད་འདུག

འདིའི་ཐད་འཇར་མན་སྲིད་བློན་ལྕམ་ཨན་གྷེ་ལ་མེར་གྷལ་གྱིས། ”ཨ་རི་དང་འཇར་མན་གྱི་གསང་བའི་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་དང་ཐབས་ལམ་ཁ་ཁ་ཡིན་ཡང་། ཨ་རིས་སོ་སོའི་མཐུན་གྲོགས་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱེད་བཞིན་ཡོད་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད།”€ ཅེས་དང་། འཇར་མན་གཞུང་གི་མགྲིན་ཚབ་པ་སེ་ཌི་ཧྥན་ (Steffen Seibert) ལགས་ཀྱིས། ”€œ ང་ཚོས་ཉེ་ལམ་འཇར་མན་ནང་ཡོད་པའི་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བྱ་སྤྱོད་མང་དག་ཅིག་སྤེལ་བཞིན་ཡོད་པ་ཁ་གསལ་བྱུང་ཡོད་སྟབས། ཨ་རིའི་གཞུང་ཚབ་ཀྱི་གསང་བའི་ལས་བྱེད་ཅིག་ཨ་རིར་ཕྱིར་སློག་བྱས་པ་ཡིན།”ཞེས་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ལྕམ་ཧེ་ཌན་ (Caitlin Hayden) ལགས་ཀྱིས། ”ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇར་མན་གྱི་གསང་བ་རྐུ་འཁྱེར་བྱས་ཡོད་མེད་སྐོར་ལ་གསལ་བསྒྲགས་གང་ཡང་ཞུ་རྒྱུ་མེད། ཨ་རིར་མཚོན་ན་ཨ་རི་དང་འཇར་མན་བར་འབྲེལ་ལམ་ཡག་པོ་དགོས་རྒྱུ་ནི་གལ་འགངས་ཆེ་ཤོས་ཤིག་ཆགས་ཡོད་སྟབས། འཇར་མན་གཞུང་དང་གྲོས་མོལ་བྱས་ཏེ་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ཡིན།”€ ཞེས་བརྗོད་འདུག

༢༠༡༣ ལོའི་ཟླ་ ༦ ཚེས་ ༥ ཉིན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་གློག་ཀླད་ཆེད་མཁས་པ་དང་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་ཆོད་གན་ལས་བྱེད་སི་ནོལ་ཌིན་ ( Edward Snowden ) གྱིས་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་འཇའ་ཤེལ་ ( Prism) ཞེས་པའི་ལས་འཆར་འོག རྒྱལ་སྤྱིའི་གནད་ཡོད་མི་སྣ་ཨན་གྷེ་ལ་མེར་གྷལ་གཙོས་མགོ་ཁྲིད་ཁག་དང་། མི་མང་གི་ཁ་པར་དང་དྲ་རྒྱའི་ཡིག་ཚགས་སོགས་ལ་ལྐོག་ཉན་ལྐོག་ལྟ་བྱེད་ཀྱི་ཡོད་པ་ཕྱིར་བསྒྲགས་དང་། ད་ལོ་འཇར་མན་གསང་བའི་ལས་ཁུངས་ཀྱིས་ཨ་རིའི་གཞུང་གིས་ལྕམ་ཨན་གྷེ་ལ་མེར་གྷལ་མཆོག་གི་ཁ་པར་ལྐོག་ཉན་རྒྱག་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

དེ་བཞིན་ཟླ་འདིའི་བདུན་ཕྲག་སྔོན་མའི་ནང་འཇར་མན་ཉེན་རྟོག་གིས་ཨ་རིའི་གསང་བའི་ལས་ཁུངས་འོག་ལས་ཀ་བྱེད་བཞིན་ཡོད་པའི་འཇར་མན་གྱི་གསང་བའི་ལས་བྱེད་ཟུར་བ་ཞིག་དང་། ཚེས་ ༩ ཉིན་འཇར་མན་བདེ་སྲུང་ལྷན་ཁང་གི་རྒྱལ་སྤྱིའི་རྒྱལ་སྲུང་སྲིད་ཇུས་ཚན་ཁག་ནང་ལས་ཀ་བྱེད་མཁན་ཞིག་གིས་ཨ་རིའི་སོ་ཉུལ་བྱས་ཏེ། འཇར་མན་གྱི་གསང་བ་མང་པོ་ཞིག་ཨ་རིར་ཕྱིར་ཚོང་བྱས་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་འདུག

འཇར་མན་ཕྱི་སྲིད་བློན་ཆེན་ (Frank-Walter Steinmeier ) ལགས་ཀྱིས། ”€œང་ཚོས་ཨ་རི་དང་མཉམ་དུ་སྦ་གསང་མེད་པའི་ཐོག་རྒྱལ་སྤྱིའི་རྒྱལ་ནང་གི་གནས་ཚུལ་གང་ཡིན་ཡང་གྲོས་མོལ་བྱེད་བཞིན་ཡོད་སྟབས། ཨ་རིས་སོ་ལྟ་བྱེད་དགོས་དོན་མེད།” ཅེས་དང་། ནང་སྲིད་བློན་ཆེན་ཐཱོ་མཱ་སེ་ (Thomas de Maiziere) ལགས་ཀྱིས། ཨ་རིས་རྒྱལ་སྤྱིའི་ཐོག་དྲ་རྒྱའི་བདེ་འཇགས་དགོས་སྐོར་མང་པོ་ཞིག་རྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་དྲ་རྒྱའི་ནང་ལྐོག་འཛུལ་བྱེད་མཁན་ནི་ཨ་རི་ཆགས་འདུག་ཅེས་བརྗོད་འདུག

ཨ་རིའི་འཇར་མན་གཞུང་ཚབ་ཆེན་མོ་བ་ཟུར་པ་ཇོན་ (John Kornblum) ལགས་ཀྱིས། ” འཇར་མན་གྱིས་ཨ་རིར་ང་ཚོས་ཁྱེད་ཚོ་དང་མཉམ་དུ་མཉམ་ལས་བྱེད་འདོད་ཡོད་ཀྱང་། ད་ཆ་ཁྱེད་ཚོས་འབྲེལ་ལམ་དེ་གཏོར་བཤིག་བཏང་སོང་ཞེས་རྗོད་ཀྱི་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།”€ ཅེས་དང་། དེ་བཞིན་མིང་སྨྲོས་མེད་པའི་ཨ་རིའི་གཞུང་ཞབས་ཤིག་གིས། འཇར་མན་གཞུང་གིས་འཇར་མན་དང་མཐུན་གྲོགས་རྒྱལ་ཁབ་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཚེ། འཇར་མན་ནང་ཡོད་པའི་རྒྱལ་ཁབ་དེའི་གསང་བའི་ལས་བྱེད་དང་འབྲེལ་ཡོད་ལས་བྱེད་ཁག་ཕྱིར་འཕུད་གཏོང་གི་ཡོད། དེ་ནི་ངས་འཛམ་གླིང་གྲང་དམག་མཇུག་རྫོགས་རྗེས་མཐོང་བ་ཐེངས་དང་པོ་ཡིན་ཞེས་སོགས་ཕན་ཚུན་ལབ་གླེང་བྱས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། འཇར་མན་གཞུང་གིས་ཉེ་ལམ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇར་མན་གྱི་གསང་བ་མང་པོ་རྐུ་འཁྱེར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་མ་ཟད། ཡུ་རོབ་མཐུན་ཚོགས་དང་ཨ་རི་བར་གྱི་ཚོང་དོན་གྲོས་མཐུན་ (Transatlantic Trade and Investment Partnership) ཞེས་པར་དོ་ཕོག་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

༢༠༡༣ དང་ ༢༠༡༤ ལོ་གཉིས་ནང་འཇར་མན་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་དོགས་གཞིའི་འོག་འཇར་མན་ནང་ཡོད་པའི་སི་རི་ཡ་དང་པ་ཀི་སི་ཐན་གྱི་ཕྱི་འབྲེལ་མི་སྣ་གཉིས་ཕྱིར་སློག་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

སྐར་མ ༡༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese